ང་ཕོད་ངག་དབང་འཇིགས་མེད་འདས་གྲོངས་སུ་ཕྱིན་པ།
ཤམ་བྷ་ལའི་ཕོ་ཉའི་དྲ་བས་སྤྱི་ལོ་༢༠༠༩ཟླ་༡༢ཚེས་༢༤ཉིན་སྤེལ། པེ་ཅིང་ནས་གནས་ཚུལ་སྤེལ་གསལ་ལྟར་ན། སྔོན་མའི་བོད་ཀྱི་མདོ་སྤྱི་དང་མི་མང་བཅིངས་བཀྲོལ་དམག་གི་མེ་མདའི་འོག་ནས་ཆིངས་ཡིག་དོན་ཚན་བཅུ་བདུན་ལ་མིང་རྟགས་འགོད་མཁན། ང་ཕོད་པ་ངག་དབང་འཇིགས་མེད་ལོ་༡༠༠ཐམ་པ་སོན་ལ་ཉེ་བའི་སྐབས་དེར་འདས་གྲོངས་སུ་ཕྱིན་ཡོད་པ་རེད་ཅེས། ཁ་སང་རེས་གཟའ་ལྷག་པ་ཉིན་རྒྱ་ནག་ཤིན་ཧྭ་གསར་ཁང་གིས་གནས་ཚུལ་སྤེལ་ཡོད་པ་རེད།
ང་ཕོད་པ་ངག་དབང་འཇིགས་མེད་ལགས་ནི་སྔོན་མའི་བོད་པའི་སྐུ་དྲག་གི་མི་བརྒྱུད་ཤིག་ཡིན་པ་དང༌། སྤྱི་ལོ་༡༩༥༠ལོར་ཁོང་ཉིད་ཆབ་མདོར་བཅའ་སྡོད་བོད་དམག་གི་དམག་སྤྱིའམ་མདོ་སྤྱི་ཞིག་ཡིན་པ་དང༌། སྐབས་དེར་རྒྱ་ནག་གི་བཙན་འཛུལ་གྱི་དབང་ཤུགས་དེ་སི་ཁྲོན་རྒྱུད་བོད་ནང་དུ་སླེབས་པར་ཁོང་གིས་བཀག་འགོག་གི་ཐབས་ཤེས་དང་འབད་བརྩོན་བྱས་ཀྱང༌། དམག་འཁྲུག་ཡུན་ཙམ་ཞིག་གི་ཁོང་དང་དེ་ཡོད་ཚང་མར་མི་མང་བཅིངས་བཀྲོལ་དམག་ཟེར་བས་མཐའ་སྐོར་བྱས།
སྤྱི་ལོ་༡༩༥༡ལོར་ཁོང་གིས་པེ་ཅིང་དུ་བོད་མིའི་སྐུ་ཚབ་རྣམས་ཀྱི་འགོ་ཁྲིད་དང༌། ཆིངས་ཡིག་དོན་ཚན་བཅུ་བདུན་ལ་མི་རྟགས་འགོད་ཡོད་པ་རེད། དེས་བོད་ཐོག་རྒྱ་ནག་ལ་བདག་དབང་ཡོད་པ་ཞིག་དང༌། དེ་བཞིན་བོད་ལ་ཚད་ལྡན་གྱི་བོད་རང་སྐྱོང་ལྗོངས་ཤིག་གི་གནས་བབ་ཐོག་ཆོས་སྡེ་རང་མོས་སོགས་ཡོད་པའི་ཁག་ཐེག་བྱས། འོན་ཀྱང་ལོ་༨ཙམ་གྱི་རྗེས་སུ་བོད་ཀྱི་རྒྱལ་ས་ལྷ་ས་རུ་བོད་མི་ཡོངས་སུ་རྫོགས་པས་ཡར་ལངས་ངོ་རྒོལ་བྱས་པ་དང༌། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གཙོས་པའི་བོད་མི་སྟོང་ཕྲག་མང་པོ་བཙན་བྱོལ་དུ་ཕེབས་དགོས་བྱུང༌།
ཡང་བསྐྱར་ན་ནིང་སྤྱི་ལོ་༢༠༠༨ཟླ་༣པའི་ནང་བོད་མདོ་དབུས་ཁམས་གསུམ་ཡོངས་སུ་རྫོགས་པའི་བོད་མི་རྣམས་ཀྱིས་རྒྱ་ནག་གཞུང་ལ་ཁ་གཏད་ཀྱིས་ཞི་རྒོལ་བྱས་ཡོད་པ་དེས། པེ་ཅིང་ཨོ་རྩལ་འགྲན་ཚོགས་ཀྱི་ཡར་སྔོན་རྒྱལ་སྤྱིའི་མིག་མདུན་དུ་རྒྱ་ནག་གཞུང་གི་གཟུགས་བརྙན་དེ་དམར་རྗེན་དུ་བཏོན་ཡོད་པ་རེད། ང་ཕོད་ངག་དབང་འཇིགས་མེད་ལགས་ནི་རྒྱ་ནག་གི་དམག་ཁོངས་སུ་འཛུལ་བ་ལ་སོགས་པའི་རྒྱ་ནག་གཞུང་གི་ལས་རིགས་འདྲ་མིན་སྣ་ཚོགས་ནང་ཞུགས་མྱོངས་ཡོད་པ་ཞིག་དང༌། ཁ་སང་རེས་གཟའ་ལྷག་པ་ཉིན་ཁོང་ཉིད་རྒྱ་ནག་པེ་ཅིང་དུ་འདས་གྲོངས་སུ་ཕྱིན་ཡོད་འདུག
རྒྱ་ནག་དམར་ཤོགས་ཚོགས་པས་རྒྱ་ནག་གཞུང་གིས་བོད་འདི་སྤྱི་ལོ་དུས་རབས་༡༢པའི་ནང་ཡོན་རྒྱལ་རབས་ཀྱི་སྐབས་སུ་ནས་དབང་སྒྱུར་བྱས་ཡོད་པ་རེད་ཅེས་ཤོད་བཞིན་ཡོད་ནའང་། བོད་མི་རྣམས་ལ་ཡང་སོག་པོས་རྒྱ་ནག་དབང་བསྒྱུར་བྱས་པའི་དུས་སྐབས་དང༌། སྤྱི་ལོ་༡༩༥༡ལོར་མེ་མདའི་འོག་ནས་ང་ཕོད་ཀྱིས་ཆིངས་ཡིག་དོན་ཚན་བཅུ་བདུན་ལ་མི་རྟགས་མ་འགོད་པའི་ཡར་སྔོན་དུ་དུས་རབས་མང་པོ་ཞིག་གི་རིང་བོད་འདི་རང་བཙན་གཙང་མའི་རྒྱལ་ཁབ་ཤིག་ཡིན་པའི་ཁུངས་སྐྱེལ་དང་ར་སྤྲོད་གསལ་པོ་བྱེད་ཐུབ་ཀྱི་ཡོད་པ་རེད།།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་དྲ་བའི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་ཞུས།།
ཕོད་ཟེར་ན་སེམས་ཀྱིས་ཕོད་པ་ཡིན།
ངག་ཡིག་འབྲུ་དོན་ཚན་འབའ་ཞིག་གིས།
དབང་ཆེ་བའི་རྒྱ་ལ་བོད་འདི་བཙོངས།
འཇིགས་མེད་པ་ཟེར་ཡང་རྒྱ་ལ་འཇིགས།
མེད་ཐག་ཅོད་དཔའ་བོའི་བློ་སྟོབས་མེད།
གལ་སྲིད་ཁྱེད་རང་ང་ཕོད་ཡིན་ན་བོད་སྐད་ཤེས་མིན་ཐེ་ཚོམ་རེད། །
གལ་སྲིད་ཁྱེད་རང་ང་ཕོད་ཡིན་ན་སྲོག་འགོ་ཐོན་རྒྱུ་ཁག་པོ་རེད། །
གལ་སྲིད་ཁྱེད་རང་ང་ཕོད་ཡིན་ན་ཞབས་འདྲེན་དེ་ལས་ཞུ་རྒྱུ་རེད། །
དེ་ལས་རང་ཁ་རང་གི་བཟུང་ནས་རང་དོན་ཅུང་ཞིག་བསྒྲུབ་ན་ལེགས། །
གསོན་དུས་སྒྲ་ཙམ་གྲགས་ཕོད་མེད་པར་ཤི་དུས་རྫིག་རྫིག་རྒོད་རེ་བྲོ། །
ཡང་ན་ང་ཕོད་མ་གོ་རེད་དམ་ཡང་ན་དུས་ཚོད་མ་འདང་རེད། །
མི་ལོ་བརྒྱ་ཡི་དུས་ཚོད་ཟེར་བ་ཐུང་ཐུང་རེད་བསམ་ཡིད་ལ་མེད། །
ད་ལྟའི་བོད་མི་ཚོར་ལམ་འགྲོ་ཁྱོན་ནས་མི་འདུག བོད་མི་ལ་ཕན་ཐོགས་མཁན་ཚོ་སྔར་ནས་ཤི་བ་དང་། བསད་ནས་རྫོགས་པ་རེད་།
སྔ་ནས་ཤི་དགོས་རྒྱུ་ཚོ་ད་ལྟ་གཞི་ནས་ཤི་བ་རེད། འདི་ཚང་མ་བོད་མིའི་གྱོང་གོད་རེད།