དགོངས་ཚུལ།

མིས་མི་ལ་བརྩེ་བ་སྤྲད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༡༢།༠༤ཉིན་སྤེལ། ང་ཚོས་འགྲོ་བ་མི་རིགས་ཡོངས་རྫོགས་མི་གཅིག་གྱུར་ཡིན་བསམ་པའི་འདུ་ཤེས་ཐོག་ནས་མིས་མི་ལ་བརྩེ་བ་སྤྲད་རྒྱུ་དེ་གལ་ཆེན་པོ་ཡིན་པའི་སྐོར་གྱི་བཀའ་མོལ་བྱུང་ཡོད་ཅེས་ལྗགས་ལན་གནང་བ།

ཟླ་འདིའི་ཕྱི་ཚེས་ ༡ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཙམ་ལ། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་བྷ་རག་ཨོ་བྷ་མ་རྣམ་གཉིས་རྒྱ་གར་རྒྱལ་ས་ལྡི་ལི་ ITC Maurya མོརྱ་གསོལ་མགྲོན་ཁང་དུ་མཇལ་འཕྲད་མཛད་ཡོད་འདུག

Tibet-USA-Barack-Obama-Delhi-Peace-2017དེ་ཡང་རིན་པོ་ཆེ་མཆོག་གིས་གསར་འགོད་པའི་དྲི་བར་ལྗགས་ལན་གནང་བར་གཞིགས་ན།
ཨོ་བྷ་མ་མཆོག་དང་ངོས་གཉིས་སྔ་མོ་ནས་ངོ་ཤེས་ཙམ་མ་ཟད་དངོས་གནས་གྲོགས་པོ་བློ་འགེལ་ཆོག་པ་ཞིག་ཀྱང་ཡིན། ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་ George W.Bush Jr. བྷུ་ཤི་མཆོག་དང་འདྲ་བར་ཁོང་ཡང་རྫིག་པོ་དང་སྤམ་དོད་གནང་རྒྱུར་མཉེས་པོ་མེད།  ཁ་གསལ་གཏིང་གསལ་དེ་འདྲ་རེད།
ངོས་རང་ད་ཆ་ཨ་མི་རི་ཀ་ལྟ་བུ་ཆུ་ཚོད་མང་པོ་མཁའ་ལམ་བརྒྱུད་འགྲོ་དགོས་ན་ལུས་པོས་ལྕོགས་ཐབས་མེད། དེར་བརྟེན་ངོས་རང་ཨ་རི་ལྟ་བུའི་ནང་འགྲོ་ཐུབ་རྒྱུར་ཧ་ཅང་ཁག་པོ་རེད།
ཐེངས་འདིར་ཁོང་རང་འདིར་རྒྱ་གར་དུ་ཕེབས་ཡོད་སྟབས།  ཡུན་རིང་གི་གྲོགས་པོ་བློ་འགེལ་བྱེད་ཆོག་པ་ཞིག་ཡིན་པར་བརྟེན་ཁོང་དང་ཐུག་རྒྱུའི་འདོད་པ་ཤུགས་ཆེན་པོ་ཞིག་བྱུང་།ཅེས་དང་།

གཞན་ཡང་རིན་པོ་ཆེ་མཆོག་གིས་སྐབས་དེའི་ཁོང་གཉིས་ཐུག་འཕྲད་སྐབས་ཀྱི་བཀའ་མོལ་སྐོར་ནས་གསུངས་དོན། དེ་རིང་ངོས་རང་ཁོང་དང་ཐུག་ནས་འཛམ་གླིང་འདིའི་ནང་མིས་བཟོས་པའི་དཀའ་ངལ་ཧ་ཅང་མང་པོ་ཡོད་པ་དང་།  དཀའ་ངལ་དེ་དག་མིས་བཟོས་པ་ཡིན་སྟབས་ང་ཚོས་འགྲོ་བ་མི་རིགས་ཡོངས་རྫོགས་མི་གཅིག་གྱུར་ཡིན་བསམ་པའི་འདུ་ཤེས་ཐོག་ནས་མིས་མི་ལ་བརྩེ་བ་སྤྲད་རྒྱུ་དེ་གལ་ཆེན་པོ་ཡིན་པ་དེ་འདྲའི་སྐོར་ལ་བཀའ་མོལ་བྱུང་། ཐེངས་འདིར་ཁོང་རང་ཏོག་ཙམ་སྐུ་བགྲེས་པའི་རྣམ་པ་འདུག  གང་ལྟར་ཁོང་དགུང་ནའི་བབ་ནི་ངོས་ལས་གཞོན་པ་རེད།
སྤྱིར་བཏང་བྱས་ན་ལོ་རྒན་པ་ཚོ་སྔོན་ལ་འཆི་འགྲོ་རྒྱུ་དང་གཞོན་པ་ཚོ་འཇུག་ཏུ་ཡོང་དགོས་པ་ཞིག་ཡིན་ཡང་དེར་མཐའ་གཅིག་ཏུ་ངེས་པ་གང་ཡང་མི་འདུག ཅེས་ལྗགས་ལན་གནང་བ་བཅས།།

གསར་འགོད་པ་ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།