དགོངས་ཚུལ།

སྲིད་སྐྱོང་འཛམ་གླིང་ཡུལ་གྲུ་ཁག་ལྔར་གཞུང་འབྲེལ་གཟིགས་སྐོར།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧ལོའི་ཟླ་༡༡ཚེས་༨ཉིན་སྤེལ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་འཛམ་གླིང་གི་རྒྱལ་ཁབ་ལྔའི་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་ཡོད་པའི་གནས་ཚུལ་ཐོན་འདུག

Sikyong-President-Tibet-2017དེ་ཡང་གཞུང་འབྲེལ་དྲ་གནས་སུ་བཀོད་གནང་བར་གཞིགས་ན། "བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༨ ཉིན་རྒྱབ་ནས་ཟླ་ ༡༡ ཚེས་ ༢༥ བར་ལྡི་ལི་བརྒྱུད་ཌེན་མག་དང་ནོར་སྦེ།  སུ་ལྦི་ཌེན། ཁེ་ན་ཌའི་གྲོང་ཁྱེར་ཧི་ལི་ཕེག་སི།  གྲོང་འཁྱེར་ཊོ་རོན་ཊོ། རྒྱལ་ས་ཨོ་ཊ་ལྦ། དེ་རྗེས་ཨིན་ཡུལ་བཅས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་ཡོད།" ཅེས་གསལ་འདུག

དྲ་གནས་དེར་མུ་མཐུད་བཀོད་དོན། "དཔལ་ལྡན་སྲིད་སྐྱོང་མཆོག་ཕྱི་ཟླ་ ༡༡ ཚེས་ ༨ ཉིན་རྒྱབ་རྡ་ས་ག་གལ་གནམ་ཐང་ནས་ལྡི་ལི་བརྒྱུད་ཌེན་མག་ཏུ་ཕེབས་ཐོན་གྱིས་ས་གནས་སུ་གཞུང་འབྲེལ་ལས་དོན་སྤེལ་རྒྱུ་དང༌།  ཕྱི་ཟླ་ ༡༡ ཚེས་ ༡༨ དང་  ༡༩ ཉིན་ཁེ་ན་ཌའི་གྲོང་འཁྱེར་ཧི་ལི་ཕེག་སི་ནང་དུ་རྒྱལ་སྤྱིའི་བདེ་འཇགས་གླིང་ཞེས་པའི་ལྷན་ཚོགས་སུ་མཉམ་ཞུགས་དང་སྦྲགས་གསུང་བཤད་གནང་རྒྱུ་སོགས་ཀྱི་ལས་རིམ་ཁག་ལེགས་པར་གྲུབ་མཚམས་ཕྱི་ཟླ་ ༡༡ ཚེས་ ༢༤ ཉིན་ལྡི་ལིར་ཕེབས་འབྱོར་གནང་རྒྱུ་དང༌། ལྡི་ལི་ས་གནས་སུ་ལས་རིམ་ཁག་ཡོངས་སུ་ལེགས་གྲུབ་རྗེས་ཕྱི་ཟླ་ ༡༡ ཚེས ༢༥ ཉིན་རྒྱ་གར་རྒྱལ་ས་ལྡི་ལི་ནས་ཕེབས་ཐོན་གྱིས་རྡ་སར་ཕེབས་འབྱོར་གནང་རྒྱུ་ཡིན་འདུག" ཅེས་བྲིས་གནང་འདུག་པ་བཅས།།

གསར་འགོད་པ་ཡེ་ཤེས་ཆོས་བཟང༌།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།