དགོངས་ཚུལ།

བོད་རིགས་བུ་མོ་ཞིག་ལ་མངའ་སྡེའི་བློན་ཆེན་གྱི་བྱ་དགའ་ཐོབ་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༩།༢༦ཉིན་སྤེལ། ཁ་སང་ཉིན་བོད་རིགས་བུ་མོ་ཞིག་ལ་ཨོ་སི་ཊོ་ལི་ཡའི་ནིའུ་སོའོ་རྡ་ཝལ་མངའ་སྡེའི་བློན་ཆེན་གྱི་བྱ་དགའ་ཐོབ་པའི་གནས་ཚུལ་སྤེལ་ཡོད་འདུག

Tibet- awarved-2017དེ་ཡང་འབྲེལ་ཡོད་ཀྱི་གནས་ཚུལ་ཡུལ་དངོས་བོད་རིགས་ཆུང་ཚེ་རིང་ལགས་ཀྱིས་མཁོ་སྤྲོད་གནང་བ་ལྟར་ན། ༡༽ བྱ་དགའ་ཐོབ་མཁན་གྱི་བུ་མོའི་མིང་ལ་ཚེ་རིང་སྐལ་ལྡན་ཟེར་ཞིང་། སིད་ཎི་བོད་རིགས་མཐུན་ཚོགས་ཀྱི་གཟའ་མཇུག་སློབ་གྲྭའི་སློབ་མ་རེད།
༢༽ སིད་ཎི་བོད་རིགས་མཐུན་ཚོགས་ཀྱི་གཟའ་མཇུག་སློབ་གྲྭའི་མིང་ངོ་མར། རིག་གནས་སྐྱེད་ཚལ་ཁང་ཟེར་ཞིང་། ༡༩༩༨ ལོར་ཐོག་མར་བཙུགས། ༢༠༡༣ ལོར་མངའ་སྡེའི་ཤེས་རིག་ལས་ཁུངས་མི་རིགས་སྣ་མང་སྐད་ཡིག་སློབ་གྲྭར་དེབ་སྐྱེལ་ཞུས་རྗེས་སློབ་གྲྭའི་འཛིན་ཁང་ཁང་གླའི་དོད་དང་། དགེ་རྒན་ཟབ་སྦྱོང་སོགས་ཀྱི་མཐུན་རྐྱེན་མི་རིགས་གཞན་ཁག་དང་གཅིག་མཚུངས་ཐོབ་ཀྱི་ཡོད། སློབ་གྲྭར་འདིར་བོད་མི་སྐྱབས་བཅོལ་བའི་སློབ་མ་བརྒྱ་ལྷག་དང་། དང་བླངས་དགེ་རྒན་ལས་བྱེད་ཉེར་དྲུག་ཡོད།
༣༽ བྱ་དགའ་ཐོབ་དོན་ནི། བུ་མོ་ཚེ་རིང་སྐལ་ལྡན་གྱིས་གཟའ་མཇུག་སློབ་གྲྭའི་ནང་། བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་སྦྱངས་བརྩོན་ཧུར་ཐག་དང་། འཛིན་གྲྭར་རྟག་བཅར། ཀུན་སྤྱོད་ཡ་རབ་བཅས་བྱས་པར་བརྟེན་ནས་ཐོབ་པ་རེད་ལ། འབྲེལ་ཡོད་སློབ་གྲྭའི་འགན་བཞེས་གནང་མཁན་སློབ་སྤྱི་དང་དགེ་ཆེས། ས་གནས་གཞུང་ལ་དུས་ཐོག་འཆར་འབུལ་ཚད་ལྡན་ཞུས་པས་ཀྱང་རེད།
༤༽ མངའ་སྡེ་འདིའི་ནང་། ས་གནས་ཁག་ ༥༤༥ ལ་གཟའ་མཇུག་སློབ་གྲྭ་མི་འདྲ་བ་གཉེར་ཏེ། མི་རིགས་མི་འདྲ་བའི་སྐད་ཡིག ༥༨ སློབ་ཁྲིད་བྱེད་བཞིན་པ་དང་། སྐད་ཡིག་དེ་ཚོར་སློབ་སྦྱོང་བྱེད་མཁན་སློབ་ཕྲུག་ ༣༤༠༠ ལྷག་ཡོད་འདུག
༥༽ མི་སྡེའི་སྐད་ཡིག་སློབ་སྦྱོང་ཕུལ་དུ་བྱུང་བ་བྱེད་མཁན་ཚོར་མངའ་སྡེའི་བློན་ཆེན་གྱི་བྱ་དགའ་ཐོག་མར་གནང་བའི་ལོ་ནི་ ༡༩༩༢ ཡིན་ཞིང་། དེ་ནས་བཟུང་ལོ་ལྟར་སློབ་ཆུང་སློབ་ཕྲུག་ ༥ དང་། སློབ་འབྲིང་སློབ་ཕྲུག་ ༥ བཅས་ཁྱོན་བསྡོམས་སློབ་ཕྲུག་ ༡༠ ལ་བྱ་དགའ་དེ་གནང་གི་ཡོད།
༦༽ ད་ལྟའི་ཆར་རང་ཡུལ་བོད་དུ་རང་གི་སྐད་ཡིག་རིག་གཞུང་རྒྱུན་འཛིན་གོང་སྤེལ་གྱི་ཐད་འགོག་རྐྱེན་དང་ཚོད་འཛིན་ཆེན་པོ་ཐེབས་བཞིན་ཡོད་པའི་སྐབས་འདིར། ཕྱི་རྒྱལ་ཨོ་སི་ཊོ་ལི་ཡའི་ནང་། བོད་པས་བོད་ཡིག་སྦྱངས་པར་ས་གནས་གཞུང་གིས་ཆེད་མངགས་མཐུན་འགྱུར་དང་རོགས་རམ་གནང་བ་མ་ཟད། ངོས་འཛིན་ཆེ་མཐོང་ཆེན་པོ་གནང་སྟེ་མངའ་སྡེའི་བློན་ཆེན་གྱི་བྱ་དགའ་གནང་བ་འདི་ནི། ངོ་མཚར་བ་དང་ཡ་མཚན་པ། རང་གཞན་ཚང་མས་བསམ་གཞིགས་ནན་ཏན་བྱ་དགོས་པའི་གནས་ཚུལ་ཞིག་རེད།
༧༽ དོན་དག་སྙིང་པོ། འདི་ནི་བོད་ཕྲུག་ཅིག་གིས་རང་གི་སྐད་ཡིག་རིག་གཞུང་སློབ་སྦྱོང་བྱས་པར་བརྟེན་ནས། ཕྱི་རྒྱལ་གྱི་མངའ་སྡེའི་བློན་ཆེན་ཞིག་གིས་བྱ་དགའ་གཟེངས་བསྟོད་གནང་བ་ཐོག་མ་དང་། ཨོ་སི་ཊོ་ལི་ཡའི་ལོ་རྒྱུས་ནང་། བོད་ཕྲུག་ཅིག་ལ་མངའ་སྡེའི་བློན་ཆེན་གྱི་བྱ་དགའ་ཐོབ་པ་ཐོག་མ་དེ་ཆགས་ཡོད་པ་རེད། ཅེས་ཁོང་གིས་ཡུལ་དངོས་ཀྱི་གནས་ཚུལ་རག་བསྡུས་ཤིག་འགྲེལ་བརྗོད་གནང་བ་བཅས།།

གསར་འགོད་པ་ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།