དགོངས་ཚུལ།

སེམས་ཀྱི་ཞི་བདེ་ཡོང་ཁུངས་ངོ་མ་ནི་བྱམས་བརྩེ་དང་སྙིང་རྗེ་ཡིན།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༩།༢༡ཉིན་སྤེལ། "བྱམས་བརྩེ་ནི་རང་དང་སེམས་ཐག་ཉེ་པོ་ཡོད་པ་ཁོ་ནར་མིན་པར་འགྲོ་བ་མི་རིགས་སྤྱི་དང་། ལྷག་པར་སོ་སོའི་དགྲ་བོ་ཡིན་ནའང་བྱམས་བརྩེའི་བློ་སྐྱེད་དགོས་པ་ནི་འགྲོ་བ་མིས་བྱེད་ཐུབ་པ་ཞིག་ཡིན།" ཞེས་བཀའ་སློབ་སྩལ་འདུག

Tibet-Hisholiness-2017འདི་ཟླའི་ཕྱི་ཚེས་ ༡༧ ཉིན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཨེ་ཊ་ལིའི་གྲོང་ཁྱེར་སྤྱི་ཁྱབ་སྐུ་ཞབས་རེ་ནཱ་ཌོ་ཨེ་ཀོ་རིན་ཏི་ལགས་ཀྱིས་ཞི་བདེ་དང་དྲང་བདེན། འཚེ་བ་མེད་པའི་གཟེངས་རྟགས་འབུལ་ལམ་བཞེས་གནང་ཡོད་འདུག

དེ་ཡང་གོང་ཚེས་ཉིན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མེ་སི་ན་གྲོང་ཁྱེར་གྱི་ཝི་ཏོ་རི་ཡ་འཁྲབ་སྟོན་ཁང་དུ་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་རྗེས་གྲོང་ཁྱེར་སྤྱི་ཁྱབ་པ་མཆོག་གིས། "ངའི་དམིགས་ཡུལ་ནི་༧གོང་ས་ཏཱ་ལའི་བླ་མ་མཆོག་སི་སི་ལི་གྲོང་ཁྱེར་དུ་གདན་འདྲེན་ཞུས་ཏེ་ང་ཚོར་བཀའ་སློབ་གནང་ཆེད་ཡིན་ཞེས་གསུངས་པར་མེ་སི་ན་མི་མང་གིས་སྤྱི་ནོར་༧གོང་སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་གཡོ་བ་མེད་པའི་ངང་དགའ་སྤྲོའི་རྣམ་པ་ཤུགས་ཆེ་བསྟན་ཡོད།"ཅེས་བརྗོད་འདུག

དེ་རྗེས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བཀའ་སློབ་བསྩལ་དོན། "འགྲོ་བ་མིའི་རྩོད་རྙོག་རྐྱེན་པས་འཚེ་བ་བརྒྱུད་མི་མང་ས་ཡ་མང་པོའི་ཚེ་སྲོག་ཤོར་བ་མ་ཟད། འཛམ་གླིང་གི་དཔལ་འབྱོར་དང་ཁོར་ཡུག་གི་གནས་སྟངས་ཡང་ཉམས་ཆགས་འགྲོ་བཞིན་ཡོད།
ང་ཚོས་དུས་རབས་ཉེར་གཅིག་འདི་བཟོད་བསྲན་དང་གྲོས་མོལ་གྱི་ལམ་ནས་དཀའ་ངལ་སེལ་ཐབས་བྱེད་དགོས་པའི་དུས་རབས་ཤིག་ཆགས་རྒྱུར་འབད་བརྩོན་བྱེད་དགོས། དེ་ལྟར་ཡོང་བར་ཤེས་ཡོན་ནི་ཧ་ཅང་གལ་ཆེན་པོ་ཆགས་ཡོད།

དེང་དུས་ཤེས་ཡོན་ལམ་ལུགས་ནང་འགྲོ་བ་མིའི་གཤིས་རྒྱུད་དང་འབྲེལ་བའི་བཟང་པོའི་རིན་ཐང་གོང་མཐོར་གཏོང་རྒྱུའི་ཐད་མ་འདང་བའི་ཆ་ཞིག་ཡོད་པར་བརྟེན། དེང་དུས་ཤེས་ཡོན་ལམ་ལུགས་ནང་རིས་མེད་ཀྱི་བཟང་སྤྱོད་གོང་མཐོར་གཏོང་རྒྱུ་དང་། འགྲོ་བ་མིའི་ནང་གི་གཤིས་རྒྱུད་དང་འབྲེལ་བའི་བཟང་པོའི་རིན་ཐང་དེ་དག་ང་ཚོའི་སེམས་ཚོར་དང་འབྲེལ་བ་ཡོད་སྟབས་བློའི་རྣམ་གཞག་དང་བྱེད་ལས་སྐོར་གོ་རྟོགས་སྤེལ་ཐུབ་པ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་བཞིན་མང་ཚོགས་ནས་བྱམས་བརྩེ་ཉམས་ལེན་དང་། འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་འཛིན་དགོས་པའི་འབོད་སྐུལ་ཡང་གནང་ཡོད།

སེམས་ཀྱི་ཞི་བདེ་ཡོང་ཁུངས་ངོ་མ་ནི་བྱམས་བརྩེ་དང་སྙིང་རྗེ་ཡིན། བྱམས་བརྩེ་ནི་རང་དང་སེམས་ཐག་ཉེ་པོ་ཡོད་པ་ཁོ་ནར་མིན་པར་འགྲོ་བ་མི་རིགས་སྤྱི་དང་། ལྷག་པར་སོ་སོའི་དགྲ་བོ་ཡིན་ནའང་བྱམས་བརྩེའི་བློ་སྐྱེད་དགོས་པ་ནི་འགྲོ་བ་མིས་བྱེད་ཐུབ་པ་ཞིག་ཡིན།" ཞེས་བཀའ་སློབ་སྩལ་པ་བཅས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།