བོད་སོག་ལས་ཁུངས་གནོད་འཚེ་ཆེ་བ་ཡོད་པ་ཤེས་རྟོགས་བྱུང་ཡོད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༩།༠༨ཉིན་སྤེལ། དེང་སང་ཐའེ་ཝན་གྱི་གཞུང་དམངས་གཉིས་ཀ་ནས་བོད་སོག་ལས་ཁུངས་དེ་དགོས་ངེས་ཤིག་མིན་པ་མ་ཟད། སྤྱི་ཚོགས་ལ་ཕན་པ་ལས་གནོད་འཚེ་ཆེ་བ་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་རེད། ཅེས་བརྗོད་སོང་།

Tibet-Taiwan-Tibet-communitiy-2017ཁ་སང་ཉིན་རྒྱབ་ཚོུད་༤།༦༠ཐོག  བཞུགས་སྒར་ངྷ་རམ་ས་ལའི་རི་སྐེད་དུ་ཡོད་པའི་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་གོ་སྒྲིག་འོག ཐེ་ཝན་བོད་དོན་རྒྱབ་སྐྱོར་ཚོགས་པའི་གལ་ཆེན་མི་སྣ་ཁ་ཤས་ཆེད་ཕེབས་གནང་སྟེ། ཐའེ་ཝན་གྱི་སྤྱི་ཚོགས་ལས་འགུལ་དང་དམངས་གཙོའི་འཕེལ་རིམ་ཞེས་པའི་བརྗོད་བྱའི་ཐོག་མི་སྣ་གསུམ་གྱིས་གཏམ་བཤད་ལྷུག་བརྗོད་གནང་སོང་།

དེ་ཡང་གོང་ཚེས་ཉིན་གྱི་སྐོང་ཚོགས་སྐབས་སུ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་དྲུང་དང་སྲིད་ཞུའི་ལས་བྱེད་གང་མང་ཞིག་གིས་ཚོགས་ཁང་ཡོངས་སུ་བཀང་ཞིང་། བོད་དང་ཐའེ་ཝན་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ཚོགས་གཙོ་བཀྲ་ཤིས་ཚེ་རིང་ལགས་ཀྱིས་བོད་དང་ཐའེ་ཝན་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་བྱུང་རིམ་སྐོར་ལ་བརྗོད་པར། ཁོང་གིས་"ལོ་ངོ་ ༢༠ སྔོན་གྱི་ཐའེ་ཝན་དང་ད་ལྟའི་ཐའེ་ཝན་བར་ཧེ་བག་ཆེན་པོ་ཡོད་ཅིང་། ཐའེ་ཝན་གྱི་མི་མང་གིས་དམངས་གཙོ་དང་རང་དབང་། འགྲོ་བ་མིའི་ཐོབ་ཐང་གི་ཆེད་དུ་སྐུ་ལུས་མཆོད་མེར་ཕུལ་བ་སོགས་ཀྱི་ལས་འགུལ་ལ་དཀའ་ལས་བསྐྱོན་ཡོད་པ་རེད།

ལས་འགུལ་གང་སྤེལ་ཀྱང་དམིགས་ཡུལ་ཡོད་པའི་སྒང་སྤེལ་ན་ལས་འགུལ་ལ་ཁེ་ཕན་འདུག ངས་ཟུར་དུ་བོད་དོན་ཆེད་ཚོགས་པ་ཞིག་གསར་འཛུགས་བྱས་ན། ང་སྒེར་གྱི་དཔལ་འབྱོར་ཁོ་ནས་འདང་ཐབས་མེད་སྟབས། ངས་གནས་སྟངས་མང་པོ་ཞིག་ལ་བལྟས་ནས་ཐའེ་ཝན་འགྲོ་བ་མིའི་ཐོབ་ཐང་འོག་ལ་བོད་དང་ཐའེ་ཝན་འགྲོ་བ་མིའི་ཐོབ་ཐང་ཞེས་པའི་ཚོགས་པ་ཞིག་བཙུགས་པ་ཡིན། ང་ཚོའི་ལས་ཁུངས་ཀྱི་མདུན་རང་ལ་བོད་སོག་ལས་ཁུངས་ཡོད་པ་རེད། བོད་སོག་ལས་ཁུངས་ཀྱིས་ང་ཚོའི་ལས་ཁུངས་ལའང་གནོད་པ་བྱས་ཡོད། འོན་ཀྱང་། དེང་སང་ཐའེ་ཝན་གྱི་གཞུང་དམངས་གཉིས་ཀ་ནས་བོད་སོག་ལས་ཁུངས་དེ་དགོས་ངེས་ཤིག་མིན་པ་མ་ཟད། སྤྱི་ཚོགས་ལ་ཕན་པ་ལས་གནོད་འཚེ་ཆེ་བ་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་རེད། ཅེས་འགྲེལ་བརྗོད་གནང་སོང་།

Tibet-Taiwan-Tibet-communitiy-y2017སྐབས་འདིར་ཐེ་ཝན་གྱི་བོད་དོན་རྒྱབ་སྐྱོར་བ་ཆེད་བཅར་གནང་མཁན་ནི། ཐའེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ཚོགས་གཞོན་ཝུ་ཅཱ་ཀྲི་ཊིན་(Wu Jiazhen)ལགས་དང་ཁྲིམས་བཟོའི་ལས་རོགས་ལོའུ་ཡེན་ཁྲིན་(liu ying chun)ལགས། སྲོག་ཐོག་གི་ཉེས་ཁྲིམས་འགོག་ཐབས་ཚོགས་པའི་ཚོགས་གཙོ་ལིན་(lin hsinyi)ལགས་བཅས་ཀྱིས་སོ་སོའི་ལས་དོན་དང་འབྲེལ་བའི་སྒོ་ནས་ཐེ་ཝན་གྱི་མང་གཙོ་དང་སྤྱི་ཚོགས་ལས་འགུལ་སྐོར་གྱི་གཏམ་རྒྱས་པ་གནང་ཞིང་། ལྷག་པར་དུ་ཐེ་ཝན་ནང་དུ་བོད་དོན་རྒྱབ་སྐྱོར་ཤུགས་ཆེར་གནང་གི་ཡོད་པ་མ་ཟད། བོད་མི་སྐྱབས་བཅོལ་བའི་ཐོག་དམིགས་གསལ་ཁྲིམས་ལུགས་གཏན་འབེབས་གསལ་འདོན་དང་། བོད་སོག་ལས་ཁུངས་དེ་སྤྱི་ཟླ་ ༩ ཚེས་ ༡༩ ཉིན་ཐའེ་ཝན་གཞུང་གིས་གསལ་བསྒྲགས་བྱས་ཏེ་སྒོ་བརྒྱབ་རྒྱུ་རེད་འདུག དེ་དུས་ང་ཚོས་ཁྱོད་ཚོར་པར་རྒྱབ་ནས་སྐུར་ཡོང་ཞེས་སོགས་ཀྱི་སྐོར་ནས་གཏམ་བཤད་གནང་པ་བཅས།།

གསར་འགོད་པ་ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:བརྗོད་གཞི་གཞན་ཁག་ལ་གཟིགས།