དགོངས་ཚུལ།

རྒྱ་མོ་ཞིག་གིས་བོད་བརྒྱུད་ནང་བསྟན་ཚུལ་མིན་བེད་སྤྱོད་བཏང་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༩།༠༦ཉིན་སྤེལ། ཐེ་ཝན་དུ་ཡོད་པའི་བོད་བརྒྱུད་ནང་བསྟན་རྗེས་འབྲངས་པ་ཚོགས་གཉིས་ཆོས་ཚོགས་ཀྱིས་ཁྲིམས་རང་སྲུང་སྡོམ་པ་རང་འཁུར་ཞུ་མིན་ཐད་བཞུགས་མོལ་ཚོགས་འདུ་སྐོང་དགོས་འཁེལ་འདུག

China-jinmengrong-2017དེ་ཡང་འདི་ག་གསར་ཁང་དུ་གནས་ཚུལ་མཁོ་སྤྲོད་གནང་དོན། ཅིན་རྨོང་རོང་ཟེར་བའི་རྒྱ་མོ་ཞིག་གིས་ཚོགས་གཉིས་ཆོས་ཚོགས་ཀྱི་རྩ་བའི་བླ་མའི་ཤུལ་འཛིན་པ་དང་དགེ་བའི་བཤེས་གཉེན་ཆེན་པོ་ཡིན་ཚུལ་གྱིས་དམ་པའི་ཆོས་དང་མི་མཐུན་པའི་མི་སྤྱོད་ལས་འདས་པའི་ཚུལ་མིན་གྱི་བྱ་སྤྱོད་ཁག་ལས་ཕྱོགས་ཡོངས་ནས་ལབ་གླེང་རྒྱུན་མི་ཆད་པ་བྱུང་བས་ན། ཚོགས་གཉིས་ཆོས་ཚོགས་ཀྱི་ཁྲིམས་རང་སྲུང་སྡོམ་པ་རང་འཁུར་བཞུགས་མོལ་ཚོགས་འདུ་སྐོང་དགོས་པའི་གནས་ཚུལ་ཐོན་བྱུང་འདུག་པ་དང་། ཉེ་སྔོན་ལ་དྭགས་སུ་༧གོང་ས་མཆོག་གིས་གནས་ཚུལ་དེའི་སྐོར་ལ་ཐེ་ཝན་གྱི་གྲྭ་ཇོ་སྐོར་ཞིག་གི་དྲི་བར་བཀའ་ལན་གནང་བའིབརྙན་གཟིགསའབྲེལ་མཐུད་བྱས་ཡོད།

འདི་ག་གསར་ཁང་གི་ངོས་ནས་གསལ་བཤད་ཞུ་རྒྱུ་ཞིག་ལ། དོན་རྐྱེན་དེ་ནི་ཆོས་ཚོགས་དེའི་ནང་ད་ལྟ་ཕྱོགས་གཉིས་ཆགས་བསྡད་ཡོད་པ་དང་གནས་ཚུལ་ཡོང་ཁུངས་འདི་ཕྱོགས་གཅིག་གི་ངོས་ནས་བཏང་བ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད་པས་གཟིགས་མཁན་རྣམ་པས་དེ་དོན་དགོངས་འཇག་གནང་སྐྱོང་འཚལ།

དེ་ཡང་དོན་རྐྱེན་དེའི་སྐོར་གྱི་གནས་ཚུལ་རྒྱས་པར་གཤམ་དུ་གཟིགས་པར་འཚལ།

འབྱུང་རྐྱེན་དང་མཇུག་བསྡོམས།

༡༽ འབྱུང་རྐྱེན།
ཐེ་ཝན་དུ་ཡོད་པའི་བོད་བརྒྱུད་ནང་བསྟན་རྗེས་འབྲངས་པ་ཚོགས་གཉིས་ཆོས་ཚོགས་(Ch:FuZhi) (En: Bliss and Wisdom) ཞེས་པའི་ཆོས་ཚོགས་ཀྱི་ཤུལ་འཛིན་མིང་ཅན་རུས་མིང་ཅིན་རྨོང་རོང་ཟེར་བའི་རྒྱ་མོ་དེའི་ཀུན་སྤྱོད་ལ་ཐུག་ཡོད་ཅིང་། དེ་ཡང་དེ་སྔ་ནས་ཁོ་མོ་མི་སྐྱའི་ངོ་བོའི་ཐོག་ནས་ཆོས་ཚོགས་དེའི་རྩ་བའི་བླ་མའི་ཤུལ་འཛིན་པ་དང་དགེ་བའི་བཤེས་གཉེན་ཆེན་པོ་ཡིན་ཚུལ་གྱིས་དམ་པའི་ཆོས་དང་མི་མཐུན་པའི་མི་སྤྱོད་ལས་འདས་པའི་ཚུལ་མིན་གྱི་བྱ་སྤྱོད་ཁག་ལས་ཕྱོགས་ཡོངས་ནས་ལབ་གླེང་རྒྱུན་མི་ཆད་པ་བྱུང་བ་དེ་དག་ནི་ཚོགས་གཉིས་ཆོས་ཚོགས་ཀྱི་ཁྲིམས་རང་སྲུང་སྡོམ་པ་རང་འཁུར་བཞུགས་མོལ་ཚོགས་འདུ་ཞེས་པ་འཚོགས་དགོས་པའི་འབྱུང་རྐྱེན་གྱི་རྩ་བ་ཡིན།

དེ་ཡང་༢༠༡༧ལོའི་ཟླ་༧ཚེས་༢༧གྱི་ཉིན་རྒྱབ་ཚོུད་ཚོགས་གཉིས་པའི་ཐོག་ཆོས་ཚོགས་དེའི་ཆོས་མཁན་པོ་རུའུ་ཅིན་མཆོག་དང་དེ་བཞིན་ཆོས་མཁན་པོ་གཞོན་པ་རུའུ་དྷེར་མཆོག་རྣམ་གཉིས་རང་འགུལ་གྱི་ཐོག་ནས་ཐེ་ཝན་ལྷོ་ཕྱོགས་ཀྱི་པུ་ཐོའུ་ཞུ་བའི་དགོན་པ་ངོ་བཅར་ཞུས་ཏེ་དགོན་པ་དེའི་མཁན་པོ་གཞོན་པ་བེན་ཨིང་ཞུ་བར་གནས་ལུགས་ཞུས་ཏེ་ཚོགས་འདུ་ཞིག་སྐོང་འཚོགས་སྐོར་གྲོས་མོལ་གནང་།
༢༠༡༧ལོའི་ཟླ་༨ཚེས་༥ཉིན་གྱི་ཕྱི་དྲོའི་ཚོུད་༣པར་པུ་ཐོའུ་དགོན་པའི་མཁན་པོ་གཞོན་པའི་བེན་ཨིན་མཆོག་གིས་ནང་བསྟན་འདུ་ཁྲིམས་དང་འབྲེལ་བ་ཡོད་པའི་བརྗོད་གཞིའི་ཐོག་ཚོགས་འདུ་སྐོང་རྒྱུར་གྲ་བསྒྲིགས་དང་དྲང་བདེན་གྱི་ཐག་གཅོད་ཡོང་བར་མཁན་པོ་ཁོང་གིས་བར་འདོམས་སམ་ཕྱོགས་གསུམ་པའི་ཚབ་གནང་རྒྱུ་བྱས་ཡོད་ལ། ཚོགས་འདུ་བརྗོད་གཞིའམ་མིང་དུ་ཚོགས་གཉིས་ཆོས་ཚོགས་ཀྱིས་ཁྲིམས་རང་སྲུང་སྡོམ་པ་རང་འཁུར་ཞུ་མིན་ཐད་བཞུགས་མོལ་འདུ་ཞེས་བཏགས་གནང་འདུག ཚོགས་འདུ་དེ་ཡང་པུ་ཐོའུ་དགོན་པར་འཚོགས་རྒྱུར་མོས་མཐུན་གཏན་ཁེལ་གནང་ཡོད་པ་རེད།

༢༽ དངོས་ཡོད་གནས་སྟངས།
པུ་ཐོའུ་དགོན་པའི་མཁན་པོ་གཞོན་པ་བེན་ཨིན་མཆོག་གིས་ཚོགས་འདུ་དེ་གོ་བསྒྲིགས་ཞུ་ཕྱོགས་དང་ཚོགས་ཡུལ། དེ་བཞིན་དུས་ཚིགས་སོགས་ཚོགས་འདུའི་བརྡབ་ཁྱབ་བཏང་ཟིན་ཡོད་ཀྱང་ཚོགས་གཉིས་ཆོས་ཚོགས་ཀྱི་ངོས་ནས་ཚོགས་འདུ་དེ་འཚོགས་རྒྱུའི་ཉིན་གཅིག་གོང་དུ་བརྡ་ལན་ཞིག་བློ་བུར་དུ་བཏང་སྟེ་ཆོས་ཚོགས་དེར་ད་ལྟ་དབྱར་གནས་འཚོགས་བཞིན་ཡོད་སྐོར་དང་དབྱར་གནས་འཚོགས་སྐབས་སུ་གཞན་ལ་ནག་ཉེས་ཐེར་འདོན་སོགས་བྱེད་རྒྱུ་མིན་ཚུལ་གསལ་བཤད་དུ་ཁ་གཡར་ཏེ་ཚོགས་འདུར་མཉམ་ཞུགས་བྱས་མེད། གང་ལྟར་ཡང་ཟླ་༨ཚེས་༥ཉིན་གྱི་ཚོགས་འདུའི་དུས་ཚིགས་དང་ཚོགས་ཡུལ་བཅས་ལ་འགྱུར་བ་བཏང་མེད་ཀྱང་། ཚོགས་འདུའི་མིོང་སྔ་མ་ཚོགས་གཉིས་ཆོས་ཚོགས་ཀྱིས་ཁྲིམས་རང་སྲུང་སྡོམ་པ་རང་འཁུར་ཞུ་མིན་ཐད་བཞུགས་མོལ་ཚོགས་འདུ་ཞེས་པར་འགྱུར་བ་བཏང་སྟེ། དགེ་འདུན་པའི་གནད་དོན། དགེ་འདུན་པས་ཐག་གཅོད། ཅེས་པའི་བརྗོད་གཞིའི་ཐོག་ནས་སྐོང་འཚོགས་གནང་ཡོད་ཀྱང་རྒྱུ་མཚན་ངོ་མ་གང་ཡིན་སོགས་གསལ་བཤད་མེད་པར་ཚོགས་གཉིས་ཆོས་ཚོགས་ནས་ཚོགས་འདུ་དེར་ཡང་མཉམ་ཞུགས་བྱས་མེད། འོན་ཀྱང་ཚོགས་འདུ་དེར་ཐའེ་ཝན་ཡུལ་གྱི་གནད་ཡོད་དགེ་འདུན་པ་མང་པོ་ཞིག་ཚོགས་བརྡ་ཕུལ་བ་ལྟར་ནང་བསྟན་ཆོས་རིག་དང་ནང་བསྟན་འདུལ་ཁྲིམས་སྲུང་སྐྱོབ་ཀྱི་ཆེད་དུ་དངོས་སུ་བསྡུ་སྐོང་ཞུས་ཏེ་བགློ་གླེང་ཤུགས་ཆེན་པོ་གནང་ཐུབ་ཡོད་པ་རེད།

༣༽ ཚོགས་འདུའི་སྙིང་བསྡུས།

༡ དུས་ཚིགས། ༢༠༡༧ཟླ་༨ཚེས་༥ཉིན་གྱི་ཕྱི་དྲོའི་ཚོུད་༢པ་དུས་ཐོག་འཚོགས་རྒྱུར་གཏན་འབེབས་ལྟར་གནང་། ༢ ཚོགས་ཡུལ། ཐེ་ཝན་གྱི་ཐའེ་ཀྲོང་ཞེས་པའི་ས་ཁུལ། ལྷོ་པུ་ཐོའུ་དགོན་པར་ཚོགས། ༣ གདན་ཞུས་སྐུ་མགྲོན། ལྷོ་པུ་ཐོའུ་དགོན་པའི་མཁན་པོ་ཙུང་ཤིན་མཆོག་དང་སློབ་དཔོན་བེན་ཨིང་མཆོག ཀྲེན་ཅུས་དགོན་པའི་སློབ་དཔོན་ཐྰན་ཨིང་མཆོག་གིས་གཙོས་གཞན་གནད་ཡོད་མི་སྣ་བཅུ་སྐོར་ཞིག་ཕེབས་ཡོད། ༤ ཕན་འབྲས། ཚོགས་འདུ་དེ་གོ་བསྒྲིགས་ཞུས་པ་གཞིར་བཟུང་ལེགས་གྲུབ་ཀྱང་བྱུང་ཐུབ་ཡོད་པ་དང་། ཟུར་ཉན་དུ་སྐྱ་སེར་གཉིས་ཕྱོགས་ནས་འདུ་འཛོམས་ཆེན་པོ་བྱུང་སྟེ་བགྲོ་གླེང་མཉམ་ཞུགས་གནང་ཐུབ་པ་མ་ཟད། དགེ་འདུན་པ་༣༠༠ལྷག་དང་མི་སྐྱ་ཡང་༢༠༠ལྷག་ཕེབས་ཡོད། དེ་རྗེས་ཚོགས་ཞུགས་པ་མང་དུ་ཕྱིན་ཏེ་དགོན་པའི་ཕྱི་ནང་གང་སར་མི་ཚོགས་ཀྱིས་འཁེངས་པ་དང་། དེ་ཡང་པུ་ཐོའུ་དགོན་པའི་སློབ་དཔོན་བེན་ཨིང་མཆོག་གིས་ཚོགས་འདུ་གཙོ་སྐྱོང་བང་རིམ་དང་ལྡན་པ་ཞིག་གནང་བ་དང་། བགྲོ་གླེང་ཡང་ལྷུག་པོ་བྱུང་བ་བཅས་ལ་བརྟེན་ནས་མཐར་ཚོགས་འདུ་དེ་ཡང་བཟང་ཕྱོགས་ཀྱི་ཕན་འབྲས་དང་བཅས་ལམ་ལྷོང་དང་ལྡན་པ་ཞིག་བྱུང་ཡོད་ལ། བཟང་ཕྱོགས་ཀྱི་ཕན་འབྲས་གང་བྱུང་བ་དེ་ཡང་མཇུག་ཏུ་བསྒྲགས་རྒྱུ་ཡིན།

༤ ༽སྤྱིར་བསྡོམས།
བཞུགས་མོལ་ཚོགས་འདུའི་ཐོག་གདན་ཞུས་སྐུ་མགྲོན་རྣམ་པ་དང་ཟུར་ཉན་པ། ཚོགས་བཅར་བ་ཡོངས་ཀྱིས་ ཚོགས་གཉིས་ཆོས་ཚོགས་ཀྱི་ཤུལ་འཛིན་མིང་ཅན་དང་དགེ་བའི་བཤེས་གཉེན་དུ་འབོད་པ་རུས་མིང་ཅིན་རྨོང་རོང་ཟེར་བའི་རྒྱ་མོའི་ཚུལ་མིན་གྱི་བྱ་སྤྱོད་ཁག་ནང་བསྟན་འདུལ་ཁྲིམས་ཐད་ནས་ཁྲིམས་འགལ་ཞིག་ཏུ་ཁ་གཅིག་གྲགས་ཀྱིས་ཐོག་ནས་ངོས་འཛིན་བྱུང་ཡོད། སྙིང་བསྡུས་གཤམ་གསལ།

༡ རུས་མིང་ཅིན་ཟེར་བ་ཁོ་མོ་བཙུན་མའམ་ཡང་ན་ནང་བསྟན་གྱི་འདུལ་ཁྲིམས་ལྡན་པའི་སྐྱེ་བོ་ཞིག་མིན་ལ། ལྷག་དོན་དུ་འདུལ་ཁྲིམས་མེད་བཞིན་དུ་ཆོས་ཚོགས་སུ་བསྡད་ནས་དགེ་འདུན་པ་ཁག་ཅིག་གི་བསླབ་ཁྲིམས་ལ་གནོད་སྐྱོན་བཏང་ཡོད་པའི་དོགས་གཞི་ཡོད་ལ། དེ་ནི་ཆེས་ཉེན་འཚབ་ཆེ་བའི་གནད་དོན་ཞིག་ཡིན། དེ་ཡང་འདུལ་ཁྲིམས་དང་ལྡན་པའི་དགེ་འདུན་པའི་ཚོགས་དབུས་སུ་འདུལ་ཁྲིམས་མེད་པའི་བླ་མ་དང་ཆོས་ཀྱི་དབུ་ཁྲིད་ཀྱི་མིང་འཁུར་ནས་བསྡད་ན་ཚུལ་མིན་གྱི་བྱ་སྤྱོད་དེ་དག་དེ་ལས་ཀྱང་གཞན་གྱིས་ལབ་གླེང་དྲི་གཅོད་བྱེད་པའི་གཞིར་འགྱུར་བ་མ་ཟད་ཁ་རྡུང་གཏོང་ས་ཞིག་ཏུའང་འགྱུར་བ་ཡིན། ༢ རུས་མིང་ཅིན་ཟེར་བའི་རྒྱ་རྨོ་ཁོ་རང་ཆོས་ཚོགས་དེའི་འགོ་ཁྲིད་ཅིག་དང་ཡང་ན་མི་སྐྱ་ཞིག་ཡིན་ན་འདུལ་ཁྲིམས་སྲུང་བའི་དགེ་འདུན་པ་ཚོར་དེ་འདྲའི་ཚུལ་མིན་གྱི་བྱ་སྤྱོད་གནང་ནས་བསྡད་ན་ཆེས་ཉེན་ཚབས་ཅན་ཞིག་ཡིན་པར་ངོས་འཛིན་ཐོབ་དགོས། དེར་བརྟེན་སོ་སོའི་གོ་གནས་དེ་ནས་རྒན་ཡོལ་ཞུས་ཏེ་མང་ཚོགས་ནས་ཞིབ་འཇུག་གནང་བཅུག་དགོས་པའི་གནས་སྟངས་ཤིག་ཆགས་བསྡད་ཡོད།
མཇུག་བསྡོམས།
“ང་ཚོའི་ཚོགས་འདུའི་མཇུག་བསྡོམས་ཞུ་ན་རུས་མིང་ཅིན་ཟེར་བས་རྐྱེན་བྱས་ནས་ཚུལ་མིན་གྱི་བྱ་སྤྱོད་དུ་མ་ཞིག་ལྷགས་ཡོད་པར་བརྟེན་ཁོ་མོ་ནང་བསྟན་གྱི་དབུ་ཁྲིད་ཅིག་ལ་སླར་ཡང་འོས་འཚམས་མེད་པ་ཞིག་ལ་ངོས་འཛིན་བྱས་ཡོད།” ཅེས་པུ་ཐོའུ་དགོན་པའི་སློབ་དཔོན་བེན་ཨིང་མཆོག་གིས་འགྲེལ་བརྗོད་གནང་ཡོད་པ་རེད།

ptmonks2

བཞུགས་མོལ་ཚོགས་འདུའི་སྐབས་ཀྱི་སྐུ་པར། གདན་ཞུས་སྐུ་མགྲོན་ཁག་ངོ་སྤྲོད། གཡས་བརྩིས་གསུམ་པ། ལྷོ་པུ་ཐོའུ་དགོན་པའི་མཁན་པོ་སློབ་དཔོན་ཙུང་ཤིན་མཆོག གཡོན་གྱི་དང་པོ་ལྷོ་པུ་ཐོའུ་དགོན་པའི་མཁན་པོ་ཟུར་པ་དང་སློབ་དཔོན་བེན་ཨིང་མཆོག གཡོན་གྱི་གསུམ་པ་ཀྲེན་ཅུས་དགོན་པའི་སློབ་དཔོན་ཐྰན་ཨིང་མཆོག

(ཐུགས་སྣང་།:  སྒྲ་འཇུག་ཕབ་ལེན་ལ་ཉན་འཇོག་དང་གནད་དོན་ངོ་སྤྲོད།)

“ད་ལྟ་ང་ཚོས་སྒྲ་འཇུག་ཕབ་ལེན་བྱས་བཞག་པར་ཉན་འཇོག་དང་། དེ་ནས་སློབ་དཔོན་ཕྰན་ཨིང་མཆོག་གིས་དེར་གང་འགྲེལ་བརྗོད་གསལ་བཤད་གནང་བ་དེ་ཡང་ད་ལྟ་ང་ཚོས་ཉན་གྲུབ་པ་འདི་ཚོ་སྙིང་བསྡུས་ཤིག་རེད། འདུལ་ཁྲིམས་ཀྱི་སྐོར་གཞིར་བཞག་ནས་ཞུ་ན་གནད་དོན་དེ་ནང་བསྟན་གྱི་འདུལ་ཁྲིམས་དང་འགལ་ཡོད་མེད་དང་། འགལ་ཡོད་ན་འདུལ་ཁྲིམས་གང་དང་གང་ལ་འགལ་འཛོལ་ཕྱིན་ཡོད་མེད་། དེ་ཡང་ཉེས་པ་ཆེ་རྗིད་གང་འཕོག་ཡོད་མེད་བཅས་ཀྱི་ཐོག་སློབ་དཔོན་ཐྰན་ཨིང་མཆོག་ལ་བཀའ་སློབ་ཅིག་གནང་རོགས་ཞེས་ཞུ་རྒྱུ་ཡིན།” ཅེས་སློབ་དཔོན་བེན་ཨིང་མཆོག་གིས་འབོད་སྐུལ་གནང་།
“གོང་དུ་སློབ་དཔོན་རྣམ་པས་གསུངས་པ་དེ་ཚོ་དང་དེ་བཞིན་སྒྲ་འཇུག་ཕབ་ལེན་བྱས་བཞག་པར་ང་ཚོས་ཚང་མས་ཉན་པ་དེ་དག་གི་ཐོག་བགྲོ་གླེང་བྱས་པ་ཡིན་ན་ལེགས་པར་མཐོང་སོང་། གང་ཟག་ལ་ཞུ་ཡི་མེད། གནད་དོན་ཐོག་ལ་འགྲོ་དགོས་རྒྱུ་དེ་གལ་ཆེན་རེད་ལ། ཁྲིམས་ཀྱི་ཐོག་ནས་ཀྱང་གཅིག་མཚུངས་རེད། འདུལ་ཁྲིམས་ནང་དུའང་འདུལ་ཁྲིམས་སྲུང་མཁན་ཕོ་མོའི་དབར་ལུས་འབྲེལ་བྱས་པ་དེ་ཉེས་པ་རྗིད་པོ་ཞིག་རེད།” ཅེས་སློབ་དཔོན་ཐྰན་ཨིང་མཆོག་གིས་འགྲེལ་བརྗོད་གནང་རྗེས་ཁོང་ལ་སློབ་བེན་ཨིང་མཆོག་གིས་གནད་དོན་དེ་ཚོ་ང་ཚོས་དངོས་སུ་མིག་མཐོང་ལག་ཟིན་བྱུང་མེད་སྟབས་འདུལ་ཁྲིམས་སུ་མ་ངེས་པའི་ཚུལ་གཉིས་དང་འགལ་འཛོལ་ཇི་ལྟར་ཕྱིན་མིན་དྲིས་པའི་ལན་དུ། “དེ་གང་དུ་འགལ་འཛོལ་ཕྱིན་མིན་རྩོད་གླེང་གི་གཞི་ཞིག་ཆགས་བསྡད་ཡོད་པ་རེད། ཅེས་གསུངས། ཡང་ཁོང་གིས་སྤྱིར་དེར་འགལ་ན་ཉེས་པ་ལ་རྗིད་ཡང་གཉིས་ཀ་ཡོད་པ་ལས་མོ་བཙུན་མ་ཞིག་ཡིན་ན་ཉེས་པ་ཡང་པོ་དེ་འཕོག་ཚར་ཡོད་ན།” ཞེས་དྲིས་པར། “རེད།” ཅེས་ལན་འདེབས་གནང་ཡོད།

སླར་ཡང་བེན་ཨིང་མཆོག་གིས། “མ་ངེས་པའི་ཚུལ་གཉིས་སུ་ཉེས་པ་ལྕི་ཡང་ཁག་གསུམ་ཡོད་པ་དང་དེ་ཡང་དོ་བདག་གཉིས་དབར་ལུས་འབྲེལ་བྱས་བསྡད་པར་མངོན་རྗེན་མིག་མཐོང་ལག་ཟིན་ཐུབ་ན་དེ་གཉིས་ལ་ཉེས་པ་ལྕི་ཤོས་དེ་འཕོག་གི་ཡོད་ཅིང་། གནས་སྟངས་དེ་བརྒྱུད་ཉེས་པ་ལྕི་ཡང་གང་འཕོག་མིན་དབྱེ་མཚམས་གསལ་འབྱེད་ཐུབ་ཅིང་། དོ་བདག་སུ་ཡིན་ཡང་ཐད་ཀར་གདོང་ཐུག་གིས་ར་སྤྲོད་བྱེད་ཐུབ་རྒྱུ་དང་། དཔེར་ན་རུས་མིང་ཅིན་ཁོ་མོ་བཙུན་མ་ཞིག་ཡིན་པར་ཆ་བཞག་ན་འདུལ་ཁྲིམས་དང་འགལ་ཟིན་པ། ཡང་ཁོ་མོ་བཙུན་མ་ཞིག་མིན་ནའང་དགེ་འདུན་གཞན་གྱི་འདུལ་ཁྲིམས་ལ་གནོད་སྐྱོན་བཏང་བའི་དོགས་གཞིའི་འོག་ཡོད་པར་བརྟེན་གནས་ཚུལ་ཚབས་ཆེན་ཞིག་ཡིན་པ།
ཡང་ཁོ་མོ་བཙུན་མ་ཞིག་མ་ཡིན་པ་དང་ཡང་ན་བཙུན་མ་བྱས་མྱོང་མེད་ཀྱང་ཆོས་ཚོགས་ཀྱི་བླ་མ་དང་ཆོས་ཀྱི་དབུ་ཁྲིད་ཀྱི་མིང་ཐོག་ནས་ཚུལ་མིན་གྱི་བྱ་སྤྱོད་སྤེལ་ན་མང་ཚོགས་ནས་དྲི་གཅོད་དང་གནས་ཚུལ་གསལ་བཤད་བྱེད་དགོས་པ་ཞིག་ཆགས་བསྡད་ཡོད་པ་རེད་དམ།” ཅེས་དྲིས་པར་། “རེད།” ཅེས་སློབ་དཔོན་ཕྰན་ཨིང་མཆོག་གིས་ལན་བཏབ་གནང་། “ཚང་མའི་མདུན་དུ་ར་སྤྲོད་བྱེད་དགོས་བྱུང་ཚེ་ཁོ་མོས་དང་ལེན་མ་བྱས་པ་ཡིན་ན་ང་ཚོའི་ངོས་ནས་ཐད་ཀར་ཉེས་ཆད་གཏོང་ཆོག་པ་ཞིག་རེད། རྒྱུ་མཚན་ནི་མོ་ལ་དོགས་གཞི་དེ་ཙམ་ཡོད་པ་ཙམ་གྱིས་ཉེས་པ་ཡང་པོ་ཞིག་བསགས་ཟིན་པ་རེད་དམ།” ཞེས་དྲིས་པར། ཡང་ཁོང་གིས་”རེད།” ཅེས་རྗགས་ལན་གནང་། “མོས་ཁྲིམས་ཐོག་ནས་ཉེས་པ་བསགས་ཡོད་པ་མ་རེད། རང་ལ་དཔང་རྟགས་ག་རེ་ཡོད་ཅེས་བཤད་པ་རེད་ཅེས་པར། ཁོ་བྱ་སྤྱོད་དེ་ནི་ཆོས་དང་མི་མཐུན་པ་ཞིག་རེད། གང་ལྟར་དོགས་གཞི་ཡིན་ན་འདྲ། གཞན་གྱི་འདུལ་ཁྲིམས་ལ་གནོད་པ་བཏང་ནའང་འདྲ། གང་ལྟར་ཆོས་དང་མི་མཐུན་པ་ཞིག་རེད།

ཡང་མོ་རང་མི་སྐྱ་ཞིག་ཡིན་པ་དང་དགེ་བསྙེན་གྱི་སྡོམ་པའང་ཞུས་མྱོང་མེད་ཚུལ་བཤད་ཀྱང་མོས་སྡོམ་པ་ལྔ་དང་བྱང་སྡོམ་ཞུས་ཡོད་པར་བརྟེན་ཉེས་པ་བསགས་ཡོད་པ་མ་རེད་ཅེས་བཤད་ན་འགྲིགས་པ་ཞིག་མ་རེད། ཡང་རང་ལ་མོས་སྡོམ་པ་ཤོར་བའི་དཔང་རྟགས་དངོས་སུ་མེད་པ་དང་དཔང་རྟགས་དེ་ཡང་ཐད་ཀར་ཟུག་གི་ནི་མི་འདུག་ལ། སྡོམ་པ་ཤོར་བ་དངོས་སུ་ནི་མཐོང་ཡོད་པ་མ་རེད་བཤད་པ་ཐོས་འཕྲལ། སྤྱིར་བཏང་ནས་བཤད་ན་མོས་ཉུང་མཐར་ཉེས་པ་གང་འཚམས་ཤིག་བསགས་ཟིན་པ་རེད། མོ་རང་མི་སྐྱ་ཞིག་རེད་ལ་ཆོས་ཚོགས་ཀྱི་དབུ་ཁྲིད་ཅིག་གི་མིང་འཁུར་ཡོད་པར་བརྟེན་ཉེས་པ་མ་བསགས་པ་མི་སྲིད་པ་ཞིག་རེད།
ལྷག་པར་དུ་འདུལ་ཁྲིམས་ལྡན་པའི་དགེ་འདུན་པ་ཞིག་ལ་དེ་འདྲ་བྱས་ན་དེ་ལས་ཀྱང་ཚབས་ཆེན་པོ་ཞིག་རེད། དེར་བརྟེན་ཁྱེད་རང་མར་བབས་དགོས་པ་དང་མི་གཞན་དག་ཚོས་དྲི་གཅོད་དགོས་པའི་དུས་ལ་སླེབས་ཡོད་པ་རེད། གལ་ཏེ་མི་གཞན་གྱི་དྲི་གཅོད་བྱེད་རྒྱུར་འདོད་པ་མེད་ཚེ། དཔེར་ན་མི་ཚོས་ཡར་ཁྲིམས་ཁང་དུ་ཞུ་གཏུགས་བརྒྱབ། དེ་ཡང་ཕོ་མོའི་དབར་གྱི་ཚུལ་མིན་གྱི་ལུས་འབྲེལ་སྐོར་ཡིན་པ། ཁྲིམས་ཁང་གི་ཞིབ་དཔྱད་པས་མི་དེར་དྲི་བརྩད་བྱེད་པར་ཡོང་རྒྱུ་དང་དྲི་བརྩད་བྱེད་སྐབས་དཔང་ཡིག་དང་མ་མཐུན་ན་འཛིན་བཟུང་བྱེད་རྒྱུ་དེ་རེད།

ང་ཚོའི་ཆོས་ཕྱོགས་ནས་དེ་འདྲ་མིན་པར་ནང་བསྟན་ཀུན་སྤྱོད་ཀྱི་ཐོག་ནས་ཁྲིམས་རང་སྲུང་སྡོམ་པ་རང་འཁུར་རེད། ང་ཚོས་མོས་བཙན་དབང་གིས་གཞན་ལ་ཚུལ་མིན་གྱི་བྱ་སྤྱོད་སྤེལ་བར་དངོས་སུ་མ་མཐོང་ནའང་གང་ལྟར་ཚུལ་མིན་གྱི་བྱ་སྤྱོད་དེ་ཚོ་ཚུལ་ཆད་རང་རེད། ཚུལ་མིན་གྱི་བྱ་སྤྱོད་ནི་འདུལ་ཁྲིམས་དང་འགལ་འཛོལ་རང་རེད་ལ། མོས་ཉེས་པ་ལྕི་བ་བསགས་ཟིན་པའི་དཔང་རྟགས་བཏོན་ཐུབ་ཀྱི་རེད་ལ། དེ་བཞིན་འདིར་ཡོད་ཕྱོགས་གསུམ་པའམ་བར་འདོམས་གནང་མཁན་གྱི་ཕྱོགས་ནས་བཤད་ན་དེ་མཚུངས་ཡིན། མོ་ལ་ཐད་ཀར་དྲི་བ་གཏོང་རྒྱ་མང་པོ་ཡོད་ལ། ཡང་ན་མོ་རྩད་ནས་གདོང་དང་གདོང་ཐུག་གིས་དྲི་གཅོད་གཟབ་ནན་དང་། ཕྱི་དངོས་པོའི་དཔང་རྟགས་དང་དེ་བཞིན་སློབ་དཔོན་ཅིན་མེན་མཆོག་དང་སློབ་དཔོན་ཕྰན་ཡིན་མཆོག་གཉིས་བརྒྱུད་ནས་ཐད་ཀར་འབྲེལ་གཏུགས་བྱེད་གཏན་ཁེལ་ཡོད་པ་དང་། དེ་ཡང་རྨང་གཞི་ནས་བཤད་ན་མོས་ནག་ཉེས་དེ་དག་ཆུང་ཚགས་ནས་འགོ་བཙུགས་ཏེ་བསགས་པ་ཞིག་ཡིན་པ་དང་། ལྷག་དོན་དུ་ཉེས་པ་བསགས་མིན་ཐད་མོས་ངོས་ལེན་བྱེད་མི་བྱེད་བཅས་ཀྱི་གནས་སྟངས་ལ་སླེབས་པ་དེས་ཀྱང་ཉེས་པ་བསགས་ཚར་བ་རེད།

འདི་དག་ང་ཚོ་ཚང་མའི་བསམ་ཚུལ་ཡིན་ལ། དགེ་འདུན་པ་ཞིག་གིས་འདུལ་ཁྲིམས་དང་འགལ་ཡོད་མེད་དོགས་གཞི་ཡོད་པ་དང་ཁོ་པས་བུད་མེད་དང་ལུས་འབྲེལ་བྱས་ཡོད་མེད་དེ་དགེ་འདུན་པའི་ངོས་ནས་ཐག་གཅོད་བྱེད་དགོས་རྒྱུ་ཞིག་རེད། དེར་བརྟེན་མོ་རྩད་ནས་གནད་དོན་དེ་ཁ་གསལ་གཏིང་གསལ་བཟོ་དགོས་པ་ཞིག་རེད་དམ་མ་རེད།

ཐུགས་སྣང་། གནས་ཚུལ་མཁོ་སྤྲོད་པས་འབོད་སྐུལ་ལྟར་མ་ཡིགརྒྱ་ཡིག་ཏུ་ཡོད་པ་ལས་བོད་ཡིག་ཏུ་ཕབ་བསྒྱུས་ཞུས་ཡོད་པས་ནང་དོན་འགལ་འཛོལ་རིགས་གཟིགས་ཚེ་མ་ཡིག་ལ་གཞིར་བཅོལ་རོགས་ཞུ།

གསར་འགོད་པ་ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༠༧༢༠༡༧༡༦༠༡
Sonam

མོ་རང་གི་ཁེ་སང་རེད།




བརྗོད་གཞི་གཞན་ཁག་ལ་གཟིགས།