དགོངས་ཚུལ།

སྤྱི་འཐུས་ཡོད་པས་མི་མང་གི་བསམ་ཚུལ་གྲོས་ཚོགས་སུ་འབྱོར་དགོས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༩།༠༦ཉིན་སྤེལ། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྦིར་བོད་ཚོགས་བཙུགས་ནས་ལོ་ངོ་ ༥༠ འཁོར་བའི་དུས་དྲན་ཐོག་བཀའ་སློབ་སྩལ་གནང་འདུག

SA90847 0-768x512དེ་ཡང་འདི་ཟླའི་ཕྱི་ཚེས་ ༥ ཉིན།
ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་རའི་ནང་༸གོང་ས་མཆོག་གིས་སྔ་དྲོ་ཆུ་ཚོད་༩ ཙམ་ལ་སྦིར་བོད་ཚོགས་ཀྱི་གཞིས་མི་ ༤༠༠ ཙམ་ལ་བཀའ་སློབ་སྩལ་དོན། ང་རང་ཚོ་བོད་པའི་སྒྲིག་འཛུགས་གང་དུ་ཡོད་ཀྱང་བོད་མིའི་ཡ་རབས་བཟང་སྤྱོད་དང་།  དྲང་པོ་དྲང་བཞག་བྱ་རྒྱུ་དེ་བོད་པའི་རིན་ཐང་རེད།  བོད་པའི་རིན་ཐང་འདི་ཉམས་ན་བོད་པའི་རིན་ཐང་བརླག་འགྲོ་གི་རེད།  དེ་ཁྱོད་རང་ཚོས་ཕྲུ་གུ་དང་གཞོན་སྐྱེས་ཚོར་སློབ་སྟོན་བྱོས། མི་ལ་སློབ་སྟོན་དང་བསླབ་བྱ་བྱེད་པར་སོ་སོ་རང་ཉིད་ཡ་རབས་སྤྱོད་བཟང་བྱེད་དགོས་པ་གལ་ཆེན་པོ་རེད།   སོ་སོ་རང་ཉིད་ཡ་རབས།   སྐྱག་རྫུན་མི་བཤད་མཁན། དྲང་པོ་དྲང་བཞག་བྱས་ཏེ་མི་རབས་གཞོན་པ་ཚོར་བསླབ་དགོས་པ་རེད།  ང་ཚོ་བོད་པ་རྣམས་དང་ལྷག་པར་གཞོན་སྐྱེས་རྣམས་ཀྱིས་སོ་སོའི་སྐད་ཡིག་ལ་དོ་སྣང་ཤུགས་ཆེ་ཙམ་བྱེད་དགོས།   ཁྱོད་རང་གང་ནས་ཡིན་ནམ། ཞེས་འདྲི་སྐབས་བོད་པ་ཡིན་ཞེས་བཤད། བོད་ཡིག་ཤེས་ཀྱི་ཡོད་དམ་ཞེས་དྲིས་ཚེ་ཡག་པོ་རང་ཤེས་ཀྱི་མེད།  ཟེར་དགོས་དུས་ངོ་ཚ་དགོས་པ་རེད། ཅེས་སོགས་བཀའ་སློབ་སྩལ་བ་དང་།

གཞན་ཡང་།  གནས་ཚུལ་ཞིག་ཐོས་པའི་སྐབས་སུ་དེ་ཡིན་པ་འདྲ་ཞེས་རི་བོང་ཅལ་འདྲོགས་མ་བྱས་པར་བརྟག་དཔྱད་ཞིབ་འཇུག་བྱས་ཏེ། སྤྱི་འཐུས་ཡོད་པས་མི་མང་གི་བསམ་ཚུལ་གྲོས་ཚོགས་ནང་དུ་སླེབས་ཐུབ་པ་སོགས་མང་གཙོ་ཚད་ལྡན་ཡོང་ཐུབ་པ་ཞིག་དང་། བསམ་ཚུལ་འདྲ་མིན་དང་བསམ་འཆར་འདྲ་མིན་ཡོང་གི་རེད། དེ་དག་ལ་རི་བོང་ཅལ་འདྲོགས་མ་བྱས་པར་རྟག་དཔྱད་དང་དཔྱད་བསྡུར་བྱེད་དགོས།   ཞེས་སོགས་བོད་ཀྱི་ཡ་རབས་སྤྱོད་བཟང་ལ་འགྱུར་བ་ཕྲན་བུ་འགྲོ་བཞིན་པས་མི་ཐོག་གོང་མ་རྣམས་ཀྱིས་ཕྱི་མ་ཕྱི་མར་རྒྱུད་སྤྲོད་བྱས་ཏེ་རྒྱུན་འཛིན་བྱེད་དགོས། ཞེས་སོགས་བཀའ་སློབ་སྩལ་བ་མ་ཟད།  

བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་བཀའ་སློབ་སྩལ་དོན།
བོད་མི་ཚོ་རྒྱ་གར་དུ་བསླེབས་པ་ནས་བཟུར་ད་བར་ཆོས་ཕྱོགས་ཀྱི་ཐོག་ནས་རིས་སུ་མ་ཆད་པའི་ཆོས་ལུགས་ཁག་ཡག་ཐག་ཆོད་གནས་ཡོད་པ་ལྟར།   དེ་དག་མུ་མཐུད་རྒྱུན་གནས་ཐུབ་པར་ལྷོད་གཡེང་མ་ཤོར་བ་བྱེད་དགོས།   ཕྱི་ལོ་ ༢༠༡༡ ལོར་ངོས་ཀྱིས་བོད་མིའི་ཆབ་སྲིད་ཀྱི་ལས་འགན་ནས་བགྲེས་ཡོལ་ཆ་ཚང་ཞུས་པ་ཡིན།   ད་ཆ་མང་ཚོགས་ཀྱིས་འོས་འདེབས་བྱས་པའི་འགོ་ཁྲིད་ནས་ཆབ་སྲིད་ཀྱི་འགན་འཁྱེར་བཞིན་ཡོད།  ང་ཚོ་མང་གཙོའི་ལམ་ལུགས་ཐོག་ཤར་བསྐྱོད་བྱེད་བཞིན་ཡོད།  རྒྱ་མི་གུང་ཁྲན་དཔུང་དང་དཔལ་འབྱོར་གྱི་སྟོབས་ཤུགས་ཧ་ཅང་ཡོད་ཀྱང་། མང་གཙོའི་ཆ་ནས་བོད་མི་ཚོ་ཡར་རྒྱས་ཆེ་བ་ཕྱིན་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ་པ་བཅས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།