དགོངས་ཚུལ།

བོད་དོན་རྒྱབ་སྐྱོར་བས་བོད་དོན་རྒྱུས་མངའ་ཡོང་ཆེད་དུ་ངྷ་སར་ཕེབས་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

དེ་རིང་སྔ་དྲོའི་ཚོུད་༡༠།༠༠བའི་ཐོག  སུ་ཝེ་ཊིན་བོད་དོན་རྒྱབ་སྐྱོར་བ་ཁག་གཅིག་གིས་བོད་དོན་གོ་རྟོགས་དང་སློབ་གསོ་ལེན་ཆེད་དུ་བཞུགས་སྒར་ངྷ་སར་ཕེབས་སྐོར་བྱས་ཤིང་། སྐོར་བསྐྱོད་ཀྱི་ཉམས་མྱོང་དང་བློ་བསྐྱེད་ཁྲོད་ནས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་།

Tibet-Tibetan comunitiyབཞུགས་སྒར་ངྷ་སའི་རི་སྐེད་དུ་ཡོད་པའི་བཙན་བྱོལ་གཞུང་གི་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། སུ་ཝེ་ཊིན་ནས་ཕེབས་པའི་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་གིས་སུ་ཝི་ཊིན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་ཐུབ་པ་བྱུང་ཡོད། དེར་བརྟེན་དེ་འབྲེལ་ལས་དོན་ཁག་གཅིག་མཇུག་སྐྱོང་དང་བོད་དོན་ཐོག་རྒྱུས་མངའ་གཏིང་ཟབ་ཡོང་ཆེད་བཙན་བྱོལ་གཞུང་གི་ལྟེ་བ་བཞུགས་སྒར་ངྷ་སར་ཕེབས་ཏེ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་གནང་སོང་།

Tibet-Seweden-MPs-Dharamshala-2017གོང་ཚེས་ཉིན་གྱི་ཚོགས་འདུའི་སྐབས་ཀྱི་མི་སྣ་གཙོ་བོ་དག་ནི་ཚོགས་པ་ལྗང་ཁུའི་འཐུས་མི་དང་སི་བེ་ཊིན་གྲོས་ཚོགས་ཀྱི་བོད་ཀྱི་གྲོགས་པོ་ཚོགས་པའི་ཚོགས་མི་སྐུ་ཞབས་ཁཱ་རིལ་carl Schlyter ལགས་དང་།    སི་བེ་ཊིན་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་མེའུ་ཁྲལ་སི Mattias Björner ལགས། སི་བེ་ཊིན་བོད་རིགས་ཚོགས་པའི་ཚོགས་གཙོ་དང་སི་བེ་ཊིན་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་འཇམ་དབྱངས་ཆོས་སྒྲོན་ལགས་བཅས་རེད།

Tibet-JamyangChoedoon-2017སི་བེ་ཊིན་རྒྱལ་ཁབ་ལ་ཡོད་པའི་བོད་རིགས་ཚོགས་པའི་ཚོགས་གཙོ་འཇམ་དབྱངས་ཆོས་སྒྲོན་ལགས་ཀྱིས་གསལ་འགོད་གསལ་བསྒྲགས་ཀྱི་དགོས་དམིགས་སྐོར་བརྗོད་པར། མོས་"སི་བེ་ཊིན་རྒྱལ་ཁབ་ཀྱི་གྲོས་ཚོགས་ཀྱིས་ཆེད་བཙུགས་གནང་བའི་བོད་ཀྱི་གྲོགས་པོ་ཚོགས་པ་དང་ལྷན་སི་བེ་ཊིན་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པ། སི་བེ་ཊིན་བོད་རིགས་ཚོགས་པ་བཅས་བོད་དོན་ཐོག་སྔར་ལས་ལྷག་པའི་རྒྱུས་མངའ་ཡོང་ཆེད་དང་། ཕྱིར་ལོག་སྟེ་བོད་དོན་རྒྱབ་སྐྱོར་ལ་ལས་གཞི་ག་རེ་སྤེལ་དགོས་ཆེད་ཡོང་བ་ཡིན། དེ་མིན་སི་བེ་ཊིན་ནང་གི་བོད་རིགས་ཚོགས་པ་ཧ་ཅང་གིས་ཆུང་ཆུང་ཡིན་པ་དང་། མི་འབོར་༡༤༠ལྷག་ཅིག་ཡོད། "ཅེས་བརྗོད་སོང་།

Tibet-carl Schlyter -2017གཞན་ཡང་། སྐུ་ཞབས་ཁཱ་རིལ་ལགས་ཀྱིས་བརྗོད་པར། ཁོང་གིས་"འདི་ལོར་སུ་ཝི་ཌེན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་ཐུབ་པ་བྱུང་ཡོད། དེར་བརྟེན་དེ་རིང་དེ་འབྲེལ་ལས་དོན་ཁག་གཅིག་མཇུག་སྐྱོང་ཆེད་བཅར་བ་ཡིན། སྤྱིར་ང་ཚོའི་ལུང་པའི་ཁ་རྒྱུན་ལ། དབུ་མར་གནས་པའི་གསེར་གྱི་ལམ་བུ། ཞེས་པའི་གོ་དོན་ནི་རང་དང་བསམ་ཚུལ་མི་མཐུན་པའི་གང་ཟག་གཞན་གྱི་མངོན་འདོད་གང་ཡིན་པ་ཤེས་པ་བྱ་རྒྱུ་དང་། དེ་ཤེས་པ་ཙམ་གིས་མ་ཆོག་པར་ཕ་རོལ་པོའི་མངོན་འདོད་དེ་དང་རང་ཉིད་ཀྱི་མངོན་འདོད་གང་ཡིན་པ་དེ་གཉིས་དབར་ཐུན་མོང་གིས་ཁས་ལེན་བྱེད་ཐུབ་པའི་ཆ་རྐྱེན་བསྐྲུན་ཐབས་བྱ་རྒྱུ་དེ་ཡིན། ལྟ་གྲུབ་འདིའི་དྲིན་ལ་བརྟེན་ནས་ང་ཚོར་ལོ་ངོ་ ༢༠༣ རིང་འཚེ་མེད་ཞི་བའི་ཁོར་ཡུག་འོག་འཚོ་གནས་ཐུབ་པ་བྱུང་སོང་།"ཞེས་འགྲེལ་བརྗོད་གནང་སོང་།

Tibet-Mattias Björner -2017དེ་མིན། སྐུ་ཞབས་མེའུ་ཁྲལ་སི་ལགས་ཀྱིས་བརྗོད་པར། ཁོང་གིས་"ང་ཚོས་གཞན་སུ་ལའང་སྡིག་སྐུལ་གཏོང་གི་མེད། ང་ཚོས་དབུ་མའི་ལངས་ཕྱོགས་དེར་གོམས་འདྲིས་ལ་བརྟེན་ནས་ད་ཆ་ཨུ་རུ་སུ་ལྟ་བུ་ཁྱིམ་མཚེས་སྟོབས་ཆེན་རྒྱལ་ཁབ་དང་གདོང་ལེན་བྱེད་བཞིན་ཡོད། འོན་ཀྱང་ད་ཆ་ངའི་ལུང་པའི་ནང་དམག་དཔུང་ཇེ་ཆེར་འགྲོ་བཞིན་པ་མ་ཟད། སྲང་ལམ་ནང་དམག་འཐབ་ཀྱི་གྲ་སྒྲིག་སྐོར་གཏམ་འཆལ་འདྲ་མིན་སྣ་ཚོགས་ཁྱབ་སྤེལ་བྱེད་བཞིན་པའི་གནས་སྟངས་མཐོང་སྐབས་བློ་འཚབ་ཧ་ཅང་ཡོང་བཞིན་འདུག དེ་ནི་གཙོ་བོ་ཆབ་སྲིད་འགོ་ཁྲིད་བློ་རྒྱ་ཆུང་ཆུང་དེ་ཚོའི་བྱེད་བབ་ཡིན་པ་དུས་རྟག་ཏུ་ཤེས་པ་བྱེད་དགོས། ཁོ་པ་ཚོས་རྙོག་གྲ་བླངས་ནས་རང་གི་དབང་ཆ་སྲ་བརྟན་བཟོ་ཐབས་བྱེད་བཞིན་ཡོད། འདི་ནི་ངའི་ལྟ་ཚུལ་ཡིན། དེང་སྐབས་སུ་ཝི་ཌེན་ནང་དམག་སྦྱོང་གི་ལས་འགུལ་རྒྱ་ཆེ་སྤེལ་བཞིན་ཡོད་སྟབས། བདུན་ཕྲག་རྗེས་མའི་ནང་ངས་རང་ཡུལ་དུ་འཚེ་མེད་ཞི་བའི་ལས་འགུལ་སྤེལ་རྒྱུ་ཡིན། ཨུ་རུ་སུར་མཚོན་ནའང་དམག་སྦྱོང་གི་ལས་འགུལ་རྒྱ་ཆེ་སྤེལ་བཞིན་ཡོད། དེར་བརྟེན་ང་ཚོས་ཆབ་སྲིད་འགོ་ཁྲིད་བློ་སྣ་ཐུང་ཐུང་དེ་ཚོར་རྒྱལ་ཁ་སྦྱིན་མི་རུང་། ཁོ་པ་ཚོས་ཇི་ཙམ་གྱི་དམག་སྦྱོང་ལས་འགུལ་སྤེལ་བ་དེ་ཚོད་ཀྱིས་ང་ཚོས་ངོས་ནས་ཀྱང་འཚེ་མེད་ཞི་བའི་སྦྱོང་བརྡར་དང་མི་མང་ཕན་ཚུན་མཛའ་འབྲེལ་གྱི་འབྲེལ་ལམ་འཛུགས་ཐབས་ཆེད་འབད་འབུང་བྱེད་དགོས།"ཞེས་འགྲེལ་བརྗོད་གནང་སོང་།

Tibet-Seweden-Tibetan-Communitiy-President-Jamyang-Choedon-2017ཡང་། གསར་འགོད་པས་འཇམ་དབྱངས་ཆོས་སྒྲོན་ལགས་སུ་བཅར་འདྲི་ཞུས་དོན། མོས་བཅར་ལན་དུ"ང་ཚོར་འདིར་ཡོང་སྟེ་རྒྱལ་བ་རིན་པོ་ཆེར་མཇལ་བཅར་དང་བཙན་བྱོལ་གཞུང་གི་བོད་དོན་ལས་འགུལ་སྐོར་ལ་རྒྱུས་མངའ་བྱས་ཐུབ་པས། ཁོ་ཚོའི་ངོས་ནས་ཀྱང་ཕྱིར་ལོག་ན་བོད་དོན་ཐོག་ལས་འགུལ་འདྲ་མིན་སྤེལ་བའི་སེམས་ཤུགས་སྤྲད་སོང་ལབ་ཀྱི་འདུག སི་བེ་ཊིན་ལ་སྤྱི་འཐུས་༣༠༠ལྷག་ཅིག་དང་། འདིར་ཕེབས་པ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་སྤྱི་འཐུས་༥ཡོད། སྤྱིར་སུ་བ་ཝེ་ཊིན་ལ་བོད་དོན་སྐོར་གྱི་ཚོགས་འདུ་ཞིག་འཚོགས་ཤིང་། དེ་ལྟར་འཚོགས་དགོས་དོན་ནི་ཁོ་རང་ཚོས་བོད་དོན་སྐོར་ལ་གྲོས་ཚོགས་ཚང་མས་རྒྱུས་མངའ་གཏིང་ཟབ་དང་། སློབ་སྟོན་དང་འགྲེལ་བཤད་བྱེད་ཡོང་ཆེད་ཡིན་པ་དང་། གལ་ཆེ་ཤོས་ཤིག་ནི་སུ་ཝེ་ཊིན་བོད་རིགས་ཚོགས་པ་བཙུགས་ཏེ་ལོ་༥༠འཁོར་བའི་དུས་དྲན་མཛད་སྒོ་ནི་ལོ་ངོ་འདི་འདྲའི་མང་པོའི་རིང་བོད་དོན་རྒྱབ་སྐྱོར་བྱས་པས་རྒྱས་པ་ཞིག་ཚོགས་ཆར་ཡོད།"ཅེས་བརྗོད་སོང་བ་བཅས།།

གསར་འགོད་པ་ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།