དགོངས་ཚུལ།

ང་ཚོས་དུས་རབས་ ༢༡ འདི་ཞི་བདེ་ལྡན་པའི་དུས་རབས་ཤིག་བཟོ་དགོས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༨།༠༧ཉིན་སྤེལ། དུས་རབས་ ༢༠ དེ་མི་གསོད་ཁྲག་སྦྱོར་གྱི་དུས་རབས་ཤིག་ཆགས་ཟིན་པས་།  ད་ཆ་ང་ཚོས་དུས་རབས་ ༢༡ འདི་ཞི་བདེ་ལྡན་པའི་དུས་རབས་ཤིག་བཟོ་དགོས།  ཅེས་སྐུ་མདུན་གྱིས་བཀའ་སློབ་སྩལ་པ།

དེ་ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་རྒྱལ་ས་ལྡི་ལིའི་ཏཱཇ་གསོལ་མགྲོན་ཁང་དུ་བོད་བརྒྱུད་ནང་བསྟན་དང་རུ་སུའི་ཚན་རིག་དབར་བགྲོ་གླེང་ལྷན་ཚོགས་ཐེངས་དང་པོའི་ཉིན་གསུམ་པའི་སྐབས་ཇི་ལྟར་གདན་ཞུའི་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་གྱིས་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ཏེ་བཀའ་སློབ་སྩལ་དོན།   དེང་སྐབས་འཛམ་གླིང་ནང་མི་ཕན་ཚུན་གསོད་རེས་གཏོང་བཞིན་པའི་གནས་སྟངས་འདི་འཆར་ཅན་གྱི་གནས་སྟངས་ལྟ་བུ་ཞིག་ཆགས་པ་འདི་ནི་ཧ་ཅང་བློ་ཕམ་གྱི་རང་བཞིན་ཡིན།  ཕྱོགས་གཅིག་ནས་འབྱོར་ལྡན་རྣམས་མི་ཚེ་སོས་དལ་ངང་རྒྱས་སྤྲོས་ཀྱི་འཚོ་བར་རོལ་གྱི་ཡོད་ཀྱང་། གཉིས་ནས་དབུལ་ཕོངས་རྣམས་ལྟོགས་ཤི་ཐེབས་ནས་དཀའ་སྡུག་ཧ་ཅང་མྱོང་བཞིན་ཡོད།

དེར་བརྟེན་ང་ཚོས་འགྲོ་བ་མི་རིགས་གཅིག་གྱུར་གྱི་འདུ་ཤེས་འཛིན་དགོས་པ་ཧ་ཅང་གལ་ཆེན་པོ་ཆགས་ཤིང་། དུས་རབས་ ༢༠ དེ་མི་གསོད་ཁྲག་སྦྱོར་གྱི་དུས་རབས་ཤིག་ཆགས་ཟིན་པས་།  ད་ཆ་ང་ཚོས་དུས་རབས་ ༢༡ འདི་ཞི་བདེ་ལྡན་པའི་དུས་རབས་ཤིག་བཟོ་དགོས།  དེར་བརྟེན་དཀའ་ངལ་རྣམས་གྲོས་མོལ་གྱི་ལམ་ནས་སེལ་ཐབས་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད།  ལྷག་པར་ང་ཚོས་གཞོན་སྐྱེས་ཚོར་འགྲོ་བ་མི་རིགས་གཅིག་གྱུར་གྱི་འདུ་ཤེས་གཞི་ལ་བཞག་སྟེ་དེང་དུས་ཤེས་ཡོན་ལམ་སྲོལ་ནང་བྱམས་བརྩེ་སོགས་བཟང་པོའི་རིན་ཐང་གོང་མཐོར་གཏོང་ཐབས་བྱེད་དགོས།  དཔེར་ན་གཞི་རྩའི་ཆ་ནས་ང་ཚོ་ཚང་མ་འགྲོ་བ་མི་རིགས་གཅིག་གྱུར་ཡིན་པ་འདི་གཙོ་བོར་འཛིན་དགོས་པ་ལས་ཆོས་ལུགས་དང་རིགས་རུས་མི་འདྲ་བ།  དེ་བཞིན་ཤ་མདོག་སོགས་མི་འདྲ་བ་བཅས་ནི་རིམ་པ་གཉིས་པའི་གནས་སྟངས་ཡིན་སྟབས། ང་ཚོ་ཕན་ཚུན་དབར་མི་མཐུན་པའི་གནས་སྟངས་ཆུང་ཙག་རིགས་ལ་དེ་ཙམ་གལ་གནད་ཆེ་བར་བལྟ་རྒྱུ་མེད། ཅེས་དང་།

ཡང་།   ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐུ་ཝ་ Tuva  དང་བྷུར་ཡ་ཏི། Buryat ཁལ་མུག་ Kalmykia བཅས་ནང་པའི་རྒྱལ་ཁབ་དེ་དག་ནས་དེ་སྔ་ནང་པའི་མཁས་དབང་ཧ་ཅང་མང་པོ་ཐོན་ཡོད་པ་དང་། ཕྱིས་སུ་རུ་སུའི་ནང་དམར་ཤོག་ཤུགས་ཆེ་དར་སྲོལ་བྱུང་རྗེས་ཡུལ་གྲུ་དེ་དག་ནང་དུའང་ནང་ཆོས་ཕྲན་བུ་ཉམས་ཆག་ཕྱིན་ཡོད་འདུག ཅེས་བཀའ་སློབ་ལམ་སྟོན་སྩལ་པ་བཅས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།