ཤམ་བྷ་ལའི་ཕོ་ཉའི་ངོ་དེབ།

ང་ཚོ་བོད་མི་དེ་དག་གི་མགྲིན་ཚབ་བྱེད་ཐུབ་དགོས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༥།༡༩ཉིན་སྤེལ། རུ་སོག་ཆེ་བསྟོད་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་གིས་དུས་རབས་ ༢༡ བོད་དང་ནང་ཆོས་ ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་བ་མ་ཟད་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ལ་གཏམ་བཤད་ཀྱང་སྤེལ་ཡོད་འདུག

ཏལརནཔཆན༢༠༡༧དེ་ཡང་ཟླ་འདིའི་ཚེས་༡༣ཉིན་རུ་སུའི་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་ཡུལ་དེའི་གྲོང་ཁྱེར་པི་ཊར་སི་་བྷག་ (St Petersburg)གི་མགྲོན་ཁང་(St Petersburg Hotel) ནང་། དུས་རབས་ཉེར་གཅིག་པའི་བོད་དང་ནང་ཆོས་ཞེས་པའི་བརྗོད་གཞི་ཐོག་གསུང་བཤད་ཀྱི་ནང་འཁོད་དོན། བོད་ནང་ཛ་དྲག་གི་གནས་སྟངས་འོག་བོད་མི་རྣམས་ཀྱིས་སྡུག་གྱོང་མནར་གཅོད་མྱོང་དང་མྱོང་བཞིན་པ་མ་ཟད། གསར་འགོད་པ་དང་ཡུལ་སྐོར་སྤྲོ་འཆམ་པའམ་གནས་མཇལ་དུ་བསྐྱོད་མཁན་སོགས་ལ་དམ་དྲག་ཤུགས་ཆེན་བྱས་པ་ལ་བརྟེན་འགྲོ་འོང་བྱ་ཐབས་བྲལ་བ་དང་། འདས་པའི་དུས་ཚོད་ནང་ལ་བོད་མི་༡༤༧ཙམ་གྱིས་རང་ལུས་མེར་བསྲེགས་བཏང་ཡོད་པ་ཁོ་ཚོའི་དམིགས་ཡུལ་དང་འབོད་ཚིག་ནི། བོད་ལ་ཆོས་དད་རང་དབང་དགོས་པ་དང་༧སྤྱི་ནོར་༧གོང་ས་སྐྱབས་མགོན་མཆོག་བོད་དུ་གདན་འདྲེན་ཞུ་དགོས་པའི་རེ་འདུན་འདོན་བཞིན་ཡོད་པ་རེད། གཞིས་ལུས་བོད་མི་རྣམས་ལ་རང་གི་ཐུན་མིན་ཆོས་དང་རིག་གཞུང་སྲུང་སྐྱོབ་དང་རྒྱུན་འཛིན་བྱ་རྒྱུའི་གཞི་རྩའི་རང་དབང་དང་ཐོབ་ཐང་རྩ་བ་ནས་མེད་པས་ང་ཚོས་བོད་མི་དེ་དག་གི་མགྲིན་ཚབ་པ་གནང་ཐུབ་དགོས། ཞེས་གསུངས།

འདུས་ཚོགས་དེའི་ཐོག་ཁྱོན་མི་གྲངས་༡༣༠ཙམ་མཉམ་ཞུགས་གནང་ཡོད་པ་དང་། ཕྱི་ཚེས་ ༡༥ ཉིན་གྲོང་ཁྱེར་གྱི་མང་ཚོགས་དཔེ་མཛོད་ཁང་དུ་ཁོང་ཉིད་ཕེབས་སྐབས། དཔེ་མཛོད་ཀྱི་འགན་འཛིན་སྐུ་ཞབས་ཅ་པོ་ཝ་ (Z.V.Chapova)མཆོག་དང་ལས་བྱེད་རྣམས་ལ་མཇལ་འཕྲད་གནང་བའི་སྐབས་དེར་ཁོང་རྣམ་པས་དཔེ་མཛོད་ཁང་དེར་དབུས་ཤར་རིག་གནས་དང་འབྲེལ་བའི་སྡེ་ཚན་གསར་འཛུགས་གནང་འཆར་སྐོར་གོ་བསྡུར་གནང་བ་དང་། འགན་འཛིན་མཆོག་གིས་ད་ལྟའི་འཆར་མང་ཚོགས་འགྲེམས་སྟོན་ཁང་དུ་བོད་ཀྱི་རིག་གནས་དང་ལོ་རྒྱུས་སོགས་ཀྱི་སྐོར་ལ་དངོས་རྫས་ཧ་ཅང་དཀོན་པོ་ཡོད་སྟབས། བོད་ཀྱི་ཆོས་དང་རིག་གཞུང་སོགས་དང་འབྲེལ་བའི་དངོས་རྫས་སོགས་གང་མང་བསྡུ་རུབ་ཐུབ་སླད། སྐུ་ཚབ་དོན་གཅོད་ཁང་ལ་མཐུན་འགྱུར་རོགས་རམ་གནང་དགོས་པའི་འབོད་སྐུལ་ཞུས་འདུག་པར་རིན་པོ་ཆེ་མཆོག་གིས་རུ་སུའི་སྐད་ཡིག་ནང་ཡོད་པའི་ནང་ཆོས་ཀྱི་ཕྱག་དེབ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྗགས་རྩོམ་མཛད་པའི་ཕྱག་དེབ་ཁག་གཅིག་ཕུལ་བ་དང་སྦྲགས། འབྱུང་འགྱུར་གང་ཐུབ་མཐུན་འགྱུར་རོགས་རམ་གནང་རྒྱུའི་ཁས་ལེན་ཡང་གནང་ཡོད་པ་བཅས།།

གསར་འགོད་པ་སྨར་བློ་བཟང་དམ་ཆོས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།