ཤམ་བྷ་ལའི་ཕོ་ཉའི་ངོ་དེབ།

ཨ་རིའི་གྲོས་ཚོཌ་སུ་བོད་དོན་གླེང་བ་དང་རྒྱ་ནག་ལ་སྐྱོན་བརྗོད་གནང་འདུག།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༥།༠༥ཉིན་སྤེལ། ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་གཉིས་ཀྱི་༧གོང་ས་མཆོག་གི་སྐུ་དཔར་ལག་ཏུ་ཐོག་ནས་བོད་དོན་ཤུགས་ཆེ་གླེང་ཡོད་པ་དང་རྒྱ་ནག་གི་མཁྲེགས་འཛིན་གྱི་སྲིད་ཇུས་ལ་སྐྱོན་བརྗོད་དྲག་པོ་གནང་ཡོད་འདུག།

mcgovern congress speechཟླ་འདིའི་ཚེས་༢ཉིན།་ཨ་རིའི་གྲོས་ཚོགས་སུ་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇེམ་མེག་གྷར་ཝན་(Jim McGovern)དང་འཐུས་མི་ལྕམ་ཨིལ་ལིན་ཎ་རོའོ་སི་ལི་ཀྲི་ནན་(Ileana Ros-Lehtinen)རྣམ་གཉིས་ཀྱིས་ཨ་རིའི་གྲོས་ཚོགས་ནས་བོད་དོན་ཐོག་བཞག་པའི་གྲོས་ཆོད་བཞིན་བོད་དོན་ཐོག་དོ་འཁུར་དགོས་པ་དང་། བོད་ནང་ཆོས་དང་རིག་གཞུང་ལ་གཏོར་བཤིག་འགྲོ་བཞིན་པའི་གནས་སྟངས། དེ་བཞིན་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་སོགས་གནང་ཡོད་པ་རེད་
དེ་ཡང་གོང་ཚེས་ཉིན་ཁོང་རྣམ་གཉིས་ཀྱིས་གསུངས་དོན།༢༠༠༢ལོའི་བོད་དོན་ཐོག་བཞག་པའི་གྲོས་ཆོད་ནང་གསལ་བོད་ལ་འགྲོ་བ་མིའི་ཐོབ་ཐང་དགོས་པ་དང་་༧པན་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གཙོས་བོད་ཀྱི་ཆབ་སྲིད་བཙོན་པ་མང་པོས་རྒྱ་ནག་གི་བཙོན་ཁང་ནང་དུ་མནར་གཅོད་ཚད་མེད་མྱོང་བཞིན་པ་དེ་དག་འཕྲལ་དུ་གློད་བཀྲོལ་བཏང་དགོས་པ་དང་རྒྱ་ནག་དང་༧སྤྱིར་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་དུ་གང་མགྱོགས་གྲོས་མོལ་གནང་རྒྱུ། དེ་བཞིན་བོད་ཀྱི་རྒྱལ་ས་ལྷ་ས་རུ་ཨ་རིའི་གཞུང་ཚབ་ཁང་ཞིག་གསར་འཛུགས་དང་ཨ་རིའི་གསར་འགོད་པ་དང་གཞུང་འཛིན་པ་དེ་བཞིན་མི་དམངས་བཅོས་མ་བཅས་རང་དབང་གི་ཐོག་ནས་བོད་ཀྱི་ས་ཐོག་ཏུ་བསྐྱོད་ཆོག་པ་སོགས་གྲོས་ཆོད་མང་དག་ཅིག་བཞག་ནས་ལོ་ངོ་ཧྲིལ་པོ་༡༥་ཕྱིན་ཟིན་ཡང་ད་ལྟ་བར་དུ་གྲོས་ཚོགས་སུ་ལག་ལྟར་དང་བོད་ནང་ཡར་རྒྱས་ཀྱི་རྣམ་པ་གང་ཡང་མེད་པ་མ་ཟད། ༢༠༡༠ལོ་ནས་༧གོང་ས་མཆོག་གི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་དེ་ཡང་མཚམས་ཆད་ཡོད་པ་དང་། དེ་བཞིན་བོད་ཀྱི་ཆབ་སྲིད་བཙོན་པ་སྟོང་ཕྲག་བརྒལ་བ་ཡོད་པའི་ནང་ནས་དཔེར་ནསྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ལྟབུ་བཙོན་ཁང་དུ་དཀྲོངས་པ་ཡང་མི་ཉུང་བ་ཞིག་ཡོད་པ་རེད་ཅེས་དང་། གལ་སྲིད་རྒྱ་ནག་ངོས་ནས་དེ་ལྟར་ཁས་མ་བླངས་ཚེ་ཨ་རི་ནང་དུ་རྒྱ་རིགས་ཕོན་ཆེན་པོས་རང་དབང་གི་ཐོག་ནས་'འགྲོ་སྡོད་བྱེད་ཀྱི་ཡོད་པ་དེ་དག་ཀྱང་བསམ་བློ་ནན་པོ་བཏང་དགོས་ཡ་རེད་ཅེས་ཚོར་བ་རྣོ་པོའི་ཐོག་གྲོས་ཚོགས་སུ་དེ་ལྟར་གསུངས་ཡོད་པ་བཅས་ཀྱི་གནས་ཚུལ་མདོ་བསྡུས་སུ།

གསར་འགོད་པ་སྨར་བློ་བཟང་དམ་ཆོས

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།