དགོངས་ཚུལ།

༧གོང་ས་མཆོག་ཨ་རུ་ནཱ་ཅལ་ཕྱོགས་སུ་ཆིབས་བསྒྱུར་མཛད་སོང་།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༣།༣༡ཉིན་སྤེལ། ༧གོང་ས་མཆོག་གིས་རྒྱ་གར་བྱང་ཤར་ཨ་སམ་དང་ཨ་རུ་ནཱ་ཅལ་མངའ་སྡེ་ཡིས་ཇི་ལྟ་གསོལ་འདེབས་ཞུས་པ་ལྟར་ཆོས་ཕྱོགས་ཀྱི་མཛད་འཆར་བཀའ་དྲིན་བསྐྱང་སླད་ཆིབས་བསྒྱུར་མཛད་ཕེབས་གནང་སོང་།

དེ་རིང་ཕྱི་ཟླ་ ༣ ཚེས་ ༣༡ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༡།༢༠ ཙམ་ལ་སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དྷ་ས་བཞུགས་སྒར་༧རྒྱལ་བའི་ཕོ་བྲང་ནས་ཀང་གནམ་ཐང་དུ་ཕེབས་ཐོན་གྱིས་མཁའ་ལམ་བརྒྱུད་དེ་རྒྱ་གར་བྱང་ཤར་ཨ་སམ་དང་ཨ་རུ་ནཱ་ཅལ་མངའ་སྡེ་ཡིས་ཇི་ལྟ་གསོལ་འདེབས་ཞུས་པ་ལྟར་ཆོས་ཕྱོགས་ཀྱི་མཛད་འཆར་བཀའ་དྲིན་བསྐྱང་སླད་ཆིབས་བསྒྱུར་མཛད་ཕེབས་གནང་སོང་།

དེ་ཡང་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་བཀོད་པའི་མཛད་འཆར་ལྟར་ན། ༧གོང་ས་མཆོག་འཆར་ཟླ་ ༤ ཚེས་ ༡ ནས་རྒྱ་གར་བྱང་ཤར་ཨ་སམ་མངའ་སྡེའི་གྷོ་བ་ཧ་ཊེ་ (Guwahati) ནང་བཀའ་སློབ་བསྩལ་རྒྱུ་དང་། ཨ་རུ་ན་ཅལ་གྱི་ས་གནས་ཁག་ ༥ ནང་གསུང་ཆོས་བསྩལ་རྒྱུ་ཡིན་སྐོར་བརྗོད་འདུག
དེ་མིན་འཆར་ཟླ་ ༤ ཚེས་ ༤ ཉིན་ན་རུ་ན་ཅལ་གྱི་ལུམ་ལ་ (Lumla) དང་། ཚེས་ ༥ ནས་ ༧ བར་རྟ་དབང་ (Tawang)། ཚེས་ ༡༠ ཉིན་ཌེ་རང་ (Dirang)། ཚེས་ ༡༡ ཉིན་བྷམ་ཌེལ་ལ་ (Bomdilla) དང་ཚེས་ ༡༢ ཉིན་ཨེ་ཊ་ན་གྷར་ (Itanagar) བཅས་ཀྱི་ནང་གསུང་ཆོས་བསྩལ་རྒྱུ་ཡིན་སྐོར་བཀོད་འདུག

གཞན་ཡང་བོད་མི་ཁག་ཅིག་གིས་ཨ་རུ་ན་ཅལ་མངའ་ཁུལ་ཧྲིལ་བོ་རྒྱ་གར་གྱི་མངའ་ཁོངས་ཡིན་སྟབས། ས་ཁུལ་དེར་རྒྱ་ནག་ལ་ཐེ་གཏོགས་མེད་སྐོར་བརྗོད་ཡོད་པ་མ་ཟད། རྒྱ་གར་གྱི་ངོས་ནས་རྒྱ་ནག་གི་གནོན་ཤུགས་སུ་སྣང་མེད་བྱས་ཏེ། ༧གོང་ས་མཆོག་ཕེབས་པར་གསོལ་འདེབས་ཞུས་ཡོད་པ་རེད། ཉེ་ཆར་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་རྒྱ་ནག་སྐམ་ས་ཆེན་མོའི་མི་མང་ཁོང་ལ་དགའ་བོ་ཡོད་ཀྱང་། རྒྱ་ནག་གི་ཆབ་སྲིད་ཤོག་ཁག་གི་དཔོན་རིགས་ཚོས་ཁོང་ལ་ངོ་རྒོལ་བྱེད་ཀྱིན་ཡོད་སྐོར་གསུངས་ཡོད་པ་བཅས།།

གསར་འགོད་པ་ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།