ཤམ་བྷ་ལའི་ཕོ་ཉའི་ངོ་དེབ།

བོད་དོན་ཞུ་གཏུགས་ལས་འགུལ་ཨོ་གླིང་གྲོས་ཚོགས་སུ་བསྐྱོད་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༣།༢༧ཉིན་སྤེལ། ཨོ་གླིང་གྲོས་ཚོགས་སུ་བོད་དོན་ཞུ་གཏུགས་ཀྱི་ལས་འགུལ་ཞིག་རྒྱལ་སྤྱི་དང་ཨོ་གླིང་དུ་ཡོད་པའི་བོད་དོན་རྒྱབ་སྐྱོར་རྣམས་ཀྱིས་སྤེལ་གྱིན་འདུག

འདི་ཟླའི་ཕྱི་ཚེས་༢༦ཉིན། ཨོ་སི་ཊེ་ལི་ཡའི་གྲོས་ཚོགས་འཐུས་མི་རྣམས་ལ་བོད་དོན་ཞུ་གཏུག་གི་ལས་འགུལ་ཐེངས་དྲུག་པ་དེ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ ICT དང་འདི་ག་ཨོ་གླིང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཐུན་མོང་གི་གོ་སྒྲིག་གནང་འདུག
 
དེ་ཡང་བོད་མི་མང་སྤྱི་འཐུས་གདོང་འདུས་སྐྱིད་འཛོམས་ལགས་ཀྱིས་སྐབས་ལས་འགུལ་གྱི་གཙོ་འགན་འཁུར་ཞིང་། ལས་འགུལ་སྤེལ་མཁན་བོད་མི་གཞོན་སྐྱེས་ ༡༤ དང་། རྒྱུས་སྟོན་པ་ ༤ བཅས་ཁྱོན་མི་གྲངས་ ༡༨ ཡོད་པའི་གནས་ཚུལ་ཞིག་བཙན་བྱོལ་བོད་གཞུང་དྲ་རྒྱར་སྤེལ་འདུག

དེ་མིན་ལས་འགུལ་འདི་ནི་ཉིན་གྲངས་གཉིས་རིང་ཞུ་གཏུགས་པ་རྣམས་སུ། ཁྱད་ལས་མཁས་དབང་གདན་ཞུའི་ཐོག  བོད་ནང་གི་ཛ་དྲག་གནས་སྟངས་དང་། རྒྱ་ནག་གཞུང་གིས་བོད་ཐོག་འཛིན་བཞིན་པའི་སྲིད་བྱུས་བཅས་གྲོས་ཚོགས་འཐུས་མི་རྣམས་ལ་ཞུ་གཏུགས་སྐབས་ངོ་སྤྲོད་ཇི་ལྟར་ཞུ་དགོས་པ་བཅས་ཀྱི་ཐོག་ཟབ་སྦྱོང་གནང་སྟེ། ཕྱི་ཚེས་ ༢༨ ཉིན་ཨོ་གླིང་གྲོས་ཚོགས་འཐུས་མི་ ༤༥ ཙམ་ལ་བོད་དོན་ཞུ་གཏུགས་གཙོ་བོ།  བོད་ནང་གི་བོད་མིའི་ཆོས་དད་རང་དབང་སྲུང་སྐྱོབ།  ཅེས་པ་གཏན་འཁེལ་པ་བཅས།།

གསར་འགོད་པ་ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།