དགོངས་ཚུལ།

དུས་རབས་ཉེར་གཅིག་པའི་ནང་པ་ཞེས་པའི་ཚོགས་འདུ་སྐོང་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༣།༢༠ཉིན་སྤེལ། དུས་རབས་ཉེར་གཅིག་པའི་ནང་པ། ཞེས་པའི་སྐོང་ཚོགས་འདིའི་དམིགས་ཡུལ་ནི་འཛམ་གླིང་ནང་ཞི་བདེ་དང་འཆམ་མཐུན་གྱི་ནུས་པ་གོང་སྤེལ་གཏོང་ཐབས་ཆེད་ཡིན་འདུག

ཕྱི་ཚེས་ ༡༧ ཉིན། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་བྷི་ཧཱར་ནང་རྟེན་གཞི་བྱས་པའི་རཱཇ་གིར་རམ་བྱ་རྒོད་ཕུང་རི་གནས་ཆེན་ཡོད་སའི་གྲོང་ཁྱེར་དུ།  རྒྱ་གར་རྒྱལ་སྤྱིའི་ལྟེ་གནས་ཚོགས་ཁང་ནང་དུ།  དུས་རབས་ཉེར་གཅིག་པའི་ནང་པ།    ཞེས་པའི་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་དབུ་འབྱེད་མཛད་པའི་ཚོགས་འདུའི་ཐོག དབུས་གཞུང་གི་རིག་གཞུང་བློན་ཆེན་འབུམ་རམས་པ་སྐུ་ཞབས་མ་ཧེ་ཤི་ཤརྨ་ Dr. Mahesh Sharma མཆོག་དང་།  ནང་པའི་ཐེག་པ་ཆེ་ཆུང་གི་འདུལ་བ་འཛིན་པའི་མཁན་པོ་དང་བླ་མ།    སློབ་དཔོན་སོགས་དུ་མ་ཞིག་ཆེད་བཅར་ཞུས་ཡོད་འདུག

དེ་ཡང་ཚོགས་ཆེན་འདིའི་ཐོག བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་ཆེན་པོ་བཞི་གཡུང་དྲུང་བོན་དང་བཅས་པའི་བསྟན་བདག་བླ་ཆེན་ཁག་གཅིག་ཕེབས་ཡོད་ཁོངས་ནས།  དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་དང་།  ས་སྐྱ་གོང་མ་རིན་པོ་ཆེའི་སྐུ་ཚབ་ཐར་རྩེ་མཁན་རིན་པོ་ཆེ་མཆོག  སྨན་རིའི་དཔོན་སློབ་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག ཀ་༔ཐོག་དགེ་རྩེ་རིན་པོ་ཆེ་མཆོག  ཤར་བྱང་ཆོས་རྗེ་རྣམ་གཉིས་མཆོག ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག  ཏཱའི་སི་ཏུ་རིན་པོ་ཆེ་མཆོག  འབྲི་གུང་ཆེ་ཚང་རིན་པོ་ཆེ་མཆོག ཀུན་བདེ་གླིང་མཆོག་སྤྲུལ།  ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་མཆོག   མི་འགྱུར་རྡོ་རྗེ་རིན་པོ་ཆེ་མཆོག  ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་སོགས་དང་།  གཞན་ཡང་ནང་པའི་ཡུལ་གྲུ་ཤྲིལངྐ་དང་། འབར་མ། ཐེ་ལན་ཌི། བྷང་ལ་དེ་ཤི། ཀ་ཇི་ཀི་སི་ཐན།  ཐེ་ཝན། སོག་པོ། ཨ་རི། ཨིན་ཡུལ།  ཨ་ཕི་རི་ཀ་སོགས་རྒྱལ་ཁབ་ ༣༠ ལྷག་གི་བླ་ཆེན་དང་མཁས་དབང་ཉམས་ཞིབ་པ་སོགས་ཚོགས་ཞུགས་གནང་འདུག

གཞན་ཡང་ལྷན་ཚོགས་ཀྱི་དམིགས་ཡུལ་ནི། འཛམ་གླིང་ནང་ཞི་བདེ་དང་འཆམ་མཐུན། ཁོར་ཡུག་གི་ཐོག་དེ་སྔ་བྱུང་མྱོང་མེད་པའི་གཏོར་བཤིག་གིས་གཙོས་དཀའ་ངལ་མང་དག་ཅིག་འཕྲད་བཞིན་པ་རྣམས་སེལ་ཆེད།    ནང་པའི་ལྟ་གྲུབ་གཞི་རྩར་བཟུང་བའི་ཐབས་ལམ་ཞིག་འཚོལ་ཐབས་མཛད་རྒྱུ་དང་། ཐབས་ལམ་དེའི་བརྒྱུད་ནས་འཛམ་གླིང་ནང་ཞི་བདེ་དང་འཆམ་མཐུན་གྱི་ནུས་པ་གོང་སྤེལ་གཏོང་ཐབས་ཆེད་ཡིན་འདུག

ཐེངས་འདིའི་ལྷན་ཚོགས་དེ་བཞིན་ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༡༧ ནས་ ༡༩ བར་འཚོགས་རྒྱུ་དང་། ལྷན་ཚོགས་གོ་སྒྲིག་གནང་མཁན་རྒྱ་གར་དབུས་གཞུང་གི་རིག་གཞུང་བློན་ཆེན་ལས་ཁུངས་དང་བྷི་ཧཱར་མངའ་སྡེ་ན་ལེནྡྲ་རྫོང་ནང་རྟེན་གཞི་བྱས་པའི་དཔལ་ན་ལེནྡྲའི་གཙུག་ལག་སློབ་ཁང་གསར་པ་  Nav Nalanda Mahavira University བཅས་ཡིན་འདུག།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།