ཤམ་བྷ་ལའི་ཕོ་ཉའི་ངོ་དེབ།

བོད་དོན་རྒྱབ་སྐྱོར་བ་ཞིག་གིས་གྲོས་ཚོགས་ནང་བོད་དོན་གླེང་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༢།༤ཉིན་སྤེལ། ཕ་རན་སིའི་བོད་དོན་རྒྱབ་སྐྱོར་བ་ཞིག་གིས་ཕྱི་སྲིད་བློན་ཆེན་མཆོག་ལ་རྒྱ་ནག་གཞུང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་གནད་དོན་ཐོག་བཏོན་པའི་དྲི་བ་ཨང་  ༢༤༧༧༡ ཅན་ཞིག་ཕུལ་འདུག

དེ་ཡང་གནས་ཚུལ་ལོན་པ་ལྟར་ན། སྐུ་ཞབས་མེ་ཆིལ་རེ་སོན་༼Michel Raison ༽མཆོག་ནི། ཕ་རན་སིའི་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཡིན་ཞིང་། ཁོང་གིས་བོད་དོན་སྐོར་གྱི་དྲི་བ་ཨང་ ༢༤༧༧༡ ཅན་དེའི་ནང་དུ་༼རྒྱ་ནག་གཞུང་གི་འཇིགས་སྐུལ་རིང་ལུགས་ལ་གདོང་ལེན་བྱེད་ཕྱོགས་ཀྱི་ཁྲིམས་གསར་པ་དེས་བོད་མི་དང་ཡུ་གུར་མི་རིགས་ལ་ཉེན་ཚབས་དང་རྗེས་འབྲས་ཇི་བྱུང་། ༽ ཞེས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་།  རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་བཅས་ཀྱིས་ཐུན་མོང་ཐོག་བཏོན་པའི་སྙན་ཐོ་དེར་གཞི་བཅོལ་ནས་དྲི་བ་རྣམས་བཏོན་ཡོད་འདུག

དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་སྟེང་དུ་འཁོད་དོན། ཕ་རན་སིའི་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་མེ་ཤལ་རེ་སོན་ Michel Raison མཆོག་གིས།  ཕ་རན་སིའི་གྲོས་ཚོགས་གོང་མ་དང་། ལྷག་པར་ཕ་རན་སིའི་གཞུང་གིས་བོད་ནང་གི་ཛ་དྲག་གནས་སྟངས་ཐད་དོ་སྣང་གནང་ཆེད་གྲོས་ཚོགས་གོང་མའི་ནང་བོད་དོན་སྐོར་གླེང་སློང་ཤུགས་ཆེ་གནང་བ་མ་ཟད།  ཐབས་ལམ་འདྲ་མིན་ཐོག་ནས་བོད་དོན་ཞུ་གཏུག་གི་ལས་འགུལ་འདྲ་མིན་སྤེལ་ཡོད་སྐོར་བོད་མིའི་སྐུ་ཚབ་རྣམས་ལ་གསལ་བཤད་གནང་བ་ཡོད། ཅེས་དང་།
གཞན་ཡང་སྐུ་ཞབས་མེ་ཤལ་རེ་སོན་ Michel Raison མཆོག་གིས་ཕ་རན་སིའི་ཕྱི་སྲིད་བློན་ཆེན་མཆོག་ལ།  རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་རུབ་ཐོག་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲད་པ་བརྒྱུད་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ཡིག་དང་ཡོངས་སུ་འགལ་བའི་སྲིད་བྱུས་དེ་དག་མགྱོགས་མྱུར་བསྐྱར་བཅོས་ཡོང་ཐབས་གནང་དགོས་པ་སོགས་ཞུས་འདུག་པ་འཁོད་པ་བཅས།།

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།