ཤམ་བྷ་ལའི་ཕོ་ཉའི་ངོ་དེབ།

༧གོང་ས་མཆོག་ལ་རྒྱ་གར་གྱི་གཟེངས་རྟགས་མཐོ་ཤོས་འབུལ་རྒྱུ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༡༢།༢༧ཉིན་སྤེལ། ༧གོང་ས་མཆོག་ལ་རྒྱ་གར་མི་སེར་གྱི་གཟེངས་རྟགས་མཐོ་ཤོས་དེ་འབུལ་བའི་གྲོས་ཆོད་སྤྱི་མོས་ཀྱིས་གཏན་འཁེལ་བྱུང་འདུག

Screen-Shot-2016-12-23-at-4.42.21-pmའདི་གར་གནས་ཚུལ་རྒྱུས་ལོན་ལྟར་ན། ༧གོང་ས་མཆོག་ལ་རྒྱ་གར་མི་སེར་གྱི་གཟེངས་རྟགས་མཐོ་ཤོས་རྒྱ་གར་གྱི་རིན་པོ་ཆེ།  Bharat Ratna ཞེས་པ་དེ་འབུལ་ལམ་ཞུ་དགོས་པའི་གྲོས་ཆོད་སྤྱི་མོས་ཐོག་གཏན་འབེབས་གནང་ཡོད་འདུག

དེ་ཡང་འདི་ཟླའི་ཕྱི་ཚེས་༢༡ ཉིན་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་Council of Ladakh Autonomous Hill Development Council  ཀྱིས་སྤྱི་མོས་ཐོག་ནས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་དབུས་གཞུང་གིས་རྒྱ་གར་མི་སེར་གྱི་གཟེངས་རྟགས་མཐོ་ཤོས་དེ་མགྱོགས་མྱུར་འབུལ་ལམ་ཞུ་དགོས་པའི་གྲོས་ཆོད་སྤྱི་མོས་ཐོག་ནས་གཏན་འབེབས་གནང་བ་དང་སྦྲགས། གྲོས་ཆོད་ནང་རྒྱ་གར་གཞུང་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ཚེ་ཧྲིལ་པོའི་རིང་འཛམ་གླིང་ཁྱོན་དུ་འཚེ་མེད་ཞི་བ་གོང་སྤེལ་གཏོང་གནང་མཛད་པའི་རླབས་ཆེན་གྱི་མཛད་བྱས་ལ་ངོས་འཛིན་ཞུས་པའི་ཐོག་ནས་མགོན་པོ་གང་ཉིད་མཆོག་ལ་རྒྱ་གར་གྱི་རིན་པོ་ཆེ། ཞེས་པའི་ཆེ་བསྟོད་མི་སེར་གྱི་གཟེངས་རྟགས་དེ་མགྱོགས་མྱུར་འབུལ་ལམ་ཞུ་དགོས། ཞེས་འཁོད་འདུག

གཞན་ཡང་སྤྱིར་གྲོས་ཆོད་དེ་ནི་ཉིན་གཉིས་རིང་ཚོགས་པའི་ལྷན་ཚོགས་སྐབས་ཐག་གཅོད་གཏན་འབེབས་བྱུང་བ་ཞིག་ཡིན་འདུག  དེ་ཡང་གྲོས་ཆོད་འདོན་གནང་མཁན་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས་དང་དེར་རྒྱབ་སྐྱོར་ཞུ་མཁན་ཚེ་རིང་དབང་ཕྱུག་ལགས་ཡིན་འདུག་པ་བཅས།།

གསར་འགོད་པ་ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།