དགོངས་ཚུལ།

བོད་མིར་རྒྱབ་སྐྱོར་བྱེད་པ་གཞི་རྩ་ཡིན།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༡༢།༠༨ཉིན་སྤེལ། བོད་མིའི་ཆོས་དད་རང་དབང་ལ་རྒྱབ་སྐྱོར་གནང་རྒྱུ་ནི་ཡུ་རོབ་མཐུན་ཚོགས་ཀྱིས་འཛིན་བཞིན་པའི་གཞི་རྩའི་བཟང་སྤྱོད་ཀྱི་ལྟ་གྲུབ་ཀྱི་ལངས་ཕྱོགས་དང་མཐུན་པ་ཞིག་ཡིན་པར་བརྗོད་འདུག

ཁང་སང་ཕྱི་ཚེས་༧ཉིན་སྤྲུལ་སྐྲུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པ་ཁོང་གི་ཚ་མོ་ཉི་མ་ལྷ་མོ་ལགས་ཡུ་རོབ་སྤྱི་མཐུན་ཚོགས་པའི་ཆོས་དད་རང་དབང་སྲུང་སྐྱོབ་ཀྱི་དམིགས་བསལ་སྐུ་ཚབ་སྐུ་ཞབས་ཇེན་ཕི་གལ་ Mr Jan Figel མཆོག་དང་མཇལ་འཕྲད་ཞུས་ཏེ། ཆུ་ཚོད་༣་ཙམ་རིང་བོད་ནང་བོད་མིའི་ཆོས་དད་རང་དབང་གིས་གཙོས་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སོགས་ཀྱི་སྐོར་གོ་བསྡུར་ལྷུག་པོ་གནང་རྗེས་ཉིན་གུང་ཞལ་ལག་ལྷན་བཞེས་གནང་ཡོད་འདུག

དེ་ཡང་སྐུ་ཚབ་མཆོག་གིས་བརྗོད་དོན། "བོད་མིའི་ཆོས་དད་རང་དབང་ལ་རྒྱབ་སྐྱོར་གནང་རྒྱུ་ནི་ཡུ་རོབ་མཐུན་ཚོགས་ཀྱིས་འཛིན་བཞིན་པའི་གཞི་རྩའི་བཟང་སྤྱོད་ཀྱི་ལྟ་གྲུབ་ཀྱི་ལངས་ཕྱོགས་དང་མཐུན་པ་ཞིག་ཡིན་ཞིང་། ༧གོང་ས་མཆོག་གི་ཐུགས་ཀྱིས་དྲང་བདེན་དང་རང་དབང་།  འཚེ་བ་མེད་པ་སོགས་གཙིགས་ཆེར་འཛིན་གནང་མཛད་བཞིན་པའི་ཐུགས་ཀྱི་དགོངས་བཞེད་དང་ཡུ་རོབ་མཐུན་ཚོགས་ཀྱིས་འཛིན་བཞིན་པའི་འཆར་སྣང་དེ་དག་མཐུན་པོ་ཡོད་པ་དེ་སྔ་ཡུ་རོབ་མཐུན་ཚོགས་གསར་གཏོད་གནང་མཁན་སྐུ་ཞབས་ཤུ་མན་ Schuman མཆོག་གིས་གསུངས་པ་ལུང་འདྲེན་གནང་"ཡོད་འདུག

དེ་མིན་གོ་སྒྲིག་གནང་མཁན་ལྗང་ཁུ་ཚོགས་པའི་གྲོས་ཚོགས་འཐུས་མི་ཁ་ཤས་ཀྱིས་བཀོད་སྒྲིག་གིས་ཡུ་རོབ་གྲོས་ཚོགས་ནང་བོད་ཀྱི་དངོས་བྱུང་གློག་བརྙན་ ཞེས་པ་བསྟན་སྟེ། ཡུ་རོབ་གྲོས་ཚོགས་ནང་བོད་དོན་གླེང་སློང་ཡོང་འགྱུར་ཕན་ཐོགས་ཡོང་བའི་རེ་བ་བཏོན་འདུག་པ་མ་ཟད། གྲོས་ཚོགས་འཐུས་མི་མང་པོ་ཞིག་གཟིགས་མོ་གཟིགས་ཆེད་ཕེབས་ཡོད་པ་དང་། གྲོས་ཚོགས་འཐུས་མི་རྣམས་ཀྱིས་དོ་སྣང་ཧ་ཅང་གནང་ཡོད་འདུག

གཞན་ཡང་དབུས་བོད་མིའི་སྒྲིག་ཛུགས་ཀྱི་དྲ་རྒྱར་འཁོད་དོན་ལྟར་ན། ཕིལ་མི་ཤི་གྲོས་ཚོགས་ Flemish Parliament ཀྱི་ཚོགས་གཙོ་སྐུ་ཞབས་ཇེན་པུ་མན་སི་ Mr Jan Peumans མཆོག་དང་། གྲོས་ཚོགས་ཀྱི་རྒྱལ་སྤྱིའི་འབྲེལ་ལམ་སློབ་སྟོན་པ་ལྕམ་སྐུ་ལེ་ཏེ་ཏི་ཡ་ཝར་ཀིན་ Ms. Laetetia Werquin མཆོག་སོགས་དང་བོད་མིའི་སྐུ་ཚབ་རྣམས་ཀྱིས་མཇལ་འཕྲད་སྐབས། སྐུ་ཚབ་དོན་གཅོད་ནས་དེང་སྐབས་རྒྱ་ནག་གཞུང་གིས་བོད་ནང་གི་གསེར་རྟ་བླ་རུང་སྒར་དགོན་པ་གཏོར་བཤིག་བཏང་བ་མ་ཟད། གྲྭ་བཙུན་རྣམས་ཀྱི་ཞལ་གྲངས་ལ་ཚད་བཀག་བཟོ་བཞིན་ཡོད་པ། དེ་བཞིན་འཆར་ལོའི་ཕྱི་ཟླ་ ༡ ནང་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སྐབས་བོད་ནས་ཆོས་ཞུར་ཕེབས་མཁན་རྣམས་ལ་རྒྱ་ནག་གཞུང་གིས་དམ་བསྒྲགས་དམིགས་བསལ་བྱེད་བཞིན་ཡོད་སྐོར་སོགས་ཞུས་ནས་གྲོས་ཚོགས་ནས་ངེས་པར་དུ་གནད་དོན་དེ་དག་ཐོག་དགོངས་བཞེས་རྒྱབ་སྐྱོར་གནང་ཐབས་ཡོང་བའི་ཞུ་གཏུག་གནང་སྐབས།

གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཇེན་པུ་མན་སི་ Mr Jan Peumans མཆོག་གིས་སྐབས་དེར་སྦར་སེལ་དུ་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་ལ་ཡི་གེ་བཏང་ནས་བོད་ནང་ལ་བོད་མི་ཚོར་འཕྲད་བཞིན་པའི་དཀའ་ངལ་དེ་དག་སྐོར་གླེང་སློང་གནང་རྒྱུ་ཡིན་པའི་ཁས་ལེན་ཡང་གནང་བ་བཅས།།

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།