ཨ་རི་བས་འོས་ཤོག་ལ་ཆ་ཤས་ལེན་པའི་རིགས་དབྱེ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༡༡།༡༠ཉིན་སྤེལ། ཕྱི་ལོ་༢༠༡༧ནས་འགོ་བཙུགས་ཀྱིས་མ་འོངས་ལོ་བཞིའི་རིང་གི་ཨ་རིའི་སྲིད་འཛིན་ཆགས་པའི་ཌོ་ནལ་ཊོམ་མཆོག ཨ་རིའི་མི་མང་གིས་མང་གཙོའི་ལམ་ལུགས་སུ་རང་ཉིད་ལ་དབང་བའི་ཐོབ་ཐང་དང་བསམ་ཚུལ་བེད་སྤྱོད་བྱས་ཏེ། མི་བུ་སོ་སོའི་ངོས་ནས་འོས་ཤོག་གི་ཆ་ཤས་བླངས་ཡོད་ཀྱང་། ད་རེས་ཀྱི་འོས་ཤོག་ཆ་ཤས་ལེན་མཁན་ནི་ཨ་རིའི་མི་མང་གི་བརྒྱ་ཆའི་༥༠མ་གཏོགས་ཡོད་མི་འདུག

དེ་ཡང་ཨ་རིའི་སྲིད་འཛིན་གྱི་འོས་བླུགས་པར་ཆ་ཤས་ལེན་མཁན་གྱི་རིགས་དབྱེ་ཞིག་གཤམ་ཏུ་བཀོད་ཡོད།
མི་རིགས་དཀར་པོའི་མཐོ་སློབ་མ་ཡིན་པའི་བུད་མེད་བརྒྱ་ཆའི་༦༤ཊོམ་དང་༣༥ལྕམ་ཧེ་ལ་རེ། མི་རིགས་དཀའ་པོའི་མཐོ་སློབ་བུད་མེད་བརྒྱ་ཆའི་༥༡ལྕམ་ཧེ་ལ་རེ་དང་༤༥ཊོམ།

མི་རིགས་དཀར་པོའི་ཤེས་ཡོན་ཚད་མཐོ་ཅན་བརྒྱ་ཆའི་༥༤ལྕམ་ཧེ་ལ་རེ་དང་ཤེས་ཡོན་ཚད་མཐོ་མེད་པའི་བརྒྱ་ཆའི་༧༤ཡིས་ཌོ་ནལ་ཊོམ་མཆོག་ལ་འོས་བླུགས་པ།

བུ་བརྒྱ་ཆའི་༤༡ལྕམ་ཧེ་ལ་རེ། བརྒྱ་ཆའི་༥༣ཌོ་ནལ་ཊོམ། བུད་མེད་བརྒྱ་ཆའི་༥༤ལྕམ་ཧེ་ལ་རེ། བརྒྱ་ཆའི༤༢ཌོ་ནལ་ཊོམ།

མི་རིགས་དཀར་པོ་བརྒྱ་ཆའི་༣༧ལྕམ་ཧེ་ལ་རེ། བརྒྱ་ཆའི་༥༨ཌོ་ནལ་ཊོམ། མི་རིགས་ནག་པོ་བརྒྱ་ཆའི་༨༨ལྕམ་ཧེ་ལ་རེ། བརྒྱ་ཆའི་༨ཌོ་ནལ་ཊོམ།

ལོ་༡༨ནས་༢༩བར་གྱི་ན་གཞོན་བརྒྱ་ཆའི་༥༥ལྕམ་ཧེ་ལ་རེ། བརྒྱ་ཆའི་༣༧ཌོ་ནལ་ཊོམ། ལོ༣༠ནས་༤༤དར་མ་བརྒྱ་ཆའི་༥༠ལྕམ་ཧེ་ལ་རེ། བརྒྱ་ཆའི་༤༢ཌོ་ནལ་ཊོམ། ལོ་༤༥ནས་༦༤བར་གྱི་རྒན་པ་བརྒྱ་ཆའི་༤༤ལྕམ་ཧེ་ལ་རེ། བརྒྱ་ཆའི་༥༣ཌོ་ནལ་ཊོམ། ལོ༦༥ཡན་གྱི་ལོ་ལོན་བརྒྱ་ཆའི་༤༥ལྕམ་ཧེ་ལ་རེ། བརྒྱ་ཆའི་༥༣ཌོ་ནལ་ཊོམ།

མཐོ་རིམ་སློབ་མ་དང་འཛིན་གྲྭ་བཅུ་གཉིས་ཀྱི་སློབ་མ་བརྒྱ་ཆའི་༤༥ལྕམ་ཧེ་ལ་རེ། བརྒྱ་ཆའི་༥༡ཌོ་ནལ་ཊོམ། མཐོ་སློབ་ཐོན་ཚར་བ་བརྒྱ་ཆའི་༤༣ལྕམ་ཧེ་ལ་རེ། བརྒྱ་ཆའི་༥༢ཌོ་ནལ་ཊོམ། གཙུག་ལག་སློབ་ཐོན་པ་བརྒྱ་ཆའི་༤༩ལྕམ་ཧེ་ལ་རེ། བརྒྱ་ཆའི་༤༥ཌོ་ནལ་ཊོམ། གཙུག་ལག་སློབ་ཐོན་རྗེས་ཀྱི་སློབ་སྦྱོང་བྱེད་མཁན་བརྒྱ་ཆའི་༥༨ལྕམ་ཧེ་ལ་རེ། བརྒྱ་ཆའི་༣༧ཌོ་ནལ་ཊོམ།

ཆང་ས་རྒྱབ་པའི་མི་བརྒྱ་ཆའི་༤༣ལྕམ་ཧེ་ལ་རེ། བརྒྱ་ཆའི་༥༣ཌོ་ནལ་ཊོམ། ཆང་ས་རྒྱབ་མེད་མཁན་བརྒྱ་ཆའི་༥༥ལྕམ་ཧེ་ལ་རེ། བརྒྱ་ཆའི་༣༨ཌོ་ནལ་ཊོམ།

དེ་ཡང་མང་གཙོའི་རྒྱལ་ཁབ་གཞན་རྣམས་ཀྱི་སྲིད་འཛིན་འོས་བསྡུ་དང་མི་འདྲ་བའི་ཨ་རིའི་འོས་བསྡུ་ལས་མངའ་སྡེ་རེ་རེར་གཙུག་ལག་འོས་གྲངས་(College Electoral Vote)ཟེར་བའི་འོས་གྲངས་ཀྱི་ཐོབ་ཐང་ཞིག་ཡོད། གཙུག་ལག་འོས་གྲངས་ཁྱོན་བསྡོམས་༥༣༨ལས་༢༧༠འོས་མིར་སུར་ཐོབ་ན་དེ་ནི་ཨ་རིའི་སྲིད་འཛིན་ཆགས་ཡོད་པས། མི་མང་གི་གྲངས་འབོར་ལས་ལྕམ་ཧེ་ལ་རེ་མཆོག་ལ་བརྒྱ་ཆའི་༤༨དང་ཌོ་ནལ་ཊོམ་མཆོག་ལ་བརྒྱ་ཆའི་༤༧འོས་གྲངས་ལས་ལྕམ་ཧེ་ལ་རེ་མཆོག་ལ་ཐོབ་ཡོད་ཀྱང་། གཙུག་ལག་འོས་གྲངས་ཁྲོད་དུ་ཌོ་ནལ་ཊོམ་མཆོག་ལ་༢༧༩དང་ལྕམ་ཧེ་ལ་རེ་མཆོག་ལ་༢༢༨ཐོབ་པས་ན། ཌོ་ནལ་ཊོམ་མཆོག་ལ་ཨ་རིའི་སྲིད་འཛིན་སྐབས་༤༥པའི་སྲིད་སྟེགས་ཐོབ་སོང་།

སྤྱི་ཚོགས་འཕྲོད་བསྟེན་དྲ་བའི་གཙོ་སྒྲུབ་པ་སངས་རྒྱས་བཀྲ་ཤིས་ལེགས་ཀྱིས་གཙུགས་ལག་འོས་གྲངས་ཀྱི་ཐོབ་ཐང་སྐོར་ལ་དཔེ་བརྗོད་དང་བཅས་ཏེ་འཁོད་དོན། སྲིད་འཛིན་གྱི་འོས་ཐོབ་པ་ལ། འོས་མི་དེར་གཙུག་ལག་འོས་གྲངས༥༣༨ ནས་ ༢༧༠ ཐོབ་དགོས། ཁེ་ལི་ཧྥོར་ནི་ཡཱ་མངའ་སྡེ་ལྟ་བུ་དཔེ་རུ་བཀོད་ནས་བཤད་ན། མིག་སྔར་མངའ་སྡེ་དེར་མི་འབོར་ས་ཡ་སུམ་ཅུ་སོ་དགུ་ཙམ་ཡོད། མངའ་སྡེ་འདིའི་ནང་དུ་སྤྱི་མཐུན་ཚོགས་པ་དང་། མང་གཙོ་ཚོགས་པ་གཉིས་ཀྱི་ཁྱབ་ཁོངས་སུ་ཐོ་འགོད་བྱས་པའི་མི་ཡོད། འོས་བསྡུའི་ཉིན། དཔེར་ན། མངའ་སྡེ་འདི་ནས་མི་གྲངས་བརྒྱ་ཐམས་པ་འོས་ཤོག་འཕངས་ཡོད་པ་དང་། མི་བརྒྱ་ལས་༤༩ ཡིས་སྤྱི་མཐུན་ཚོགས་པར་འོས་འཕེན་པ་དང་། ༥༡ གིས་མང་གཙོ་ཚོགས་པར་འོས་འཕེན་ཡོད་ཚེ། མངའ་སྡེ་འདིའི་གཙུག་ལག་འོས་གྲངས་༥༠ ཆ་ཚང་མང་གཙོ་ཚོགས་པར་ཐོབ་པ་རེད། 

མངའ་སྡེ་ཁ་ཤས་ལས་གཙུག་ལག་འོས་གྲངས་ཀྱི་ཐོབ་ཐང༥༠ དང་། ཁ་ཤས་ལ་༣ལས་མེད་པའི་རྒྱུ་མཚན་གྱིས། རྒྱལ་ཡོངས་ཀྱི་མི་སྒེར་འོས་གྲངས་མཐོ་ཤོས་ཐོབ་མཁན་གྱི་འོས་མི་ལ། གཙུག་ལག་འོས་མ་ཚང་བར་སྲིད་འཛིན་གྱི་རྒྱལ་ཁ་མི་ཐོབ་པའང་ཡོད། དཔེར་ན། ཁེ་ལི་ཧྤོར་ནི་ཡཱ་མངའ་སྡེ་ལ་གཙུག་ལག་འོས་གྲངས་༥༠ ཡོད། གལ་སྲིད་མངའ་སྡེ་ལ་སྤྱིའི་ཆ་ནས་མི་གྲངས་ས་ཡ་༣༩ ཡོད་པ་ལས་དངོས་སུ་འོས་འཕེན་མཁན་ས་ཡ་གཅིག་གིས་མ་གཏོགས་མ་བྱུང་ནའང་། མངའ་སྡེ་འདིའི་འོས་འཕེན་ས་ཡ་གཅིག་ནས་མང་ཤོས་ཐོབ་མཁན་གྱི་འོས་མི་དེར་གཙུག་ལག་འོས་གྲངས་༥༠ ཐོབ་པ་རེད། ཨེ་རིས་མཛོ་ནཱ་མངའ་སྡེ་ལྟ་བུར་མཚོན་ན་སྤྱིའི་ཆ་ནས་མི་གྲངས་ས་ཡ་༧ མ་ཟིན་ཙམ་ཡོད། མངའ་སྡེ་འདིར་གཙུག་ལག་འོས་གྲངས་༡༠ ཡི་ཐོབ་ཐང་ཡོད། སྤྱིའི་མི་གྲངས་ས་ཡ༦.༨ ཙམ་ནས་མི་གྲངས་ས་ཡ་ ༥ ཙམ་ནས་འོས་འཕེན་ནའང་། འོས་གྲངས་མང་ཤོས་ཐོབ་མཁན་གྱི་འོས་མི་དེར་གཙུག་ལག་འོས་གྲངས་༡༠ ལས་མི་ཐོབ། དེ་བས། སྐབས་རེར་སྤྱིའི་འོས་གྲངས་མང་ཤོས་ཐོབ་ཀྱང་གཙུག་ལག་འོས་གྲངས་ཀྱིས་མ་འདང་བར་འོས་ཤོར་བ་ཡོང་གི་ཡོད་པ་བཅས།།

གསར་འགོད་པ་ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།