ཌོ་ནལ་ཊོམ་ནི་སྲིད་འཛིན་༤༥ པ་དེ་ཆགས་ཡོད་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༡༡།༠༩ཉིན་སྤེལ། ཨ་རིའི་སྲིད་འཛིན་གྱི་འོས་བསྡུའི་ཁྲོད་སྤྱི་མཐུན་ཚོགས་པའི་འོས་མི་སྐུ་ཞབས་ཌོ་ནལ་ཊོམ་ནི་སྲིད་འཛིན་༤༥ པ་དེ་ཆགས་ཡོད་འདུག

དེ་ཡང་འདི་ཟླའི་ཕྱི་ཚེས་༠༩ཉིན་ཕྱི་ལོ་༢༠༡༦ ལོའི་ཨ་རིའི་སྲིད་འཛིན་གྱི་འོས་བསྡུའི་ཁྲོད་སྤྱི་མཐུན་ཚོགས་པའི་འོས་མི་སྐུ་ཞབས་ཌོ་ནལ་ཊོམ་ལ་འོས་ཐོབ་པ་དང་། ད་ལྟའི་ཆར་འོས་བསྡུའི་གྲུབ་འབྲས་ཆ་ཚང་གསལ་བསྒྲགས་བྱས་མེད་ནའང་། ཁོང་ལ་འོས་གྲངས་དགོས་ངེས་༢༧༠ བརྒལ་རྒྱུ་ཡིན་པ་ངེས་གཏན་ཆགས་ནས། ཁོང་ཨ་རིའི་སྲིད་འཛིན་༤༥ པ་དེ་ཆགས་པ་དང་། ཨ་རིའི་རྒྱལ་ཡོངས་སྲིད་འཛིན་འོས་བསྡུ་དེ་ལོ་ ༤ རེའི་ནང་ཐེངས་རེར་འདེམས་སྐོ་བྱེད་ཀྱི་ཡོད་འདུག

ཨ་རིའི་སྲིད་འཛིན་འོས་བསྡུ་དང་ལྷན་དུ་གྲོས་ཚོགས་གོང་འོག་གཉིས་ཀྱི་འོས་བསྡུ་ཡང་བྱས་ཡོད་པས། གྲོས་ཚོགས་གོང་མའི་ནང་སྤྱི་མཐུན་ཚོགས་པའི་ཚོགས་མི་༥༡ དང་མང་གཙོ་ཚོགས་པའི་ཚོགས་མི་༤༥ འོས་འདེམས་བྱུང་ཡོད་འདུག་པ་དང་། གྲོས་ཚོགས་འོག་མའི་ནང་མང་གཙོ་ཚོགས་པའི་ཚོགས་མི་༡༩༦ དང་སྤྱི་མཐུན་ཚོགས་པའི་ཚོགས་མི་༢༣༩ འདེམས་ཐོན་བྱུང་ནས། གྲོས་ཚོགས་གོང་འོག་གཉིས་ནང་སྤྱི་མཐུན་ཚོགས་པར་རྒྱལ་ཁ་ཐོབ་ཡོད་འདུག

སྐུ་ཞབས་ཌོ་ནལ་ཊོམ་ནི་ཕྱི་ལོ་༡༩༤༦ ལོའི་ཟླ་༦ པའི་ཚེས་༡༤ ཉིན་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་དུ་སྐྱེས། ལོ་༡༣ ཡིན་དུས་ཨ་རིའི་ནིའུ་ཡོག་དམག་གི་སྒྲིག་འཛུགས་ཀྱི་སློབ་གྲྭར་སློབ་སྦྱོང་བྱས་པ་དང་། ཕྱི་ལོ་༡༩༦༨ ལོར་པེན་སི་ཝེ་ནི་ཡའི་གཙུག་ལག་སློབ་གཉེར་ཁང་གི་ཊར་ཀྲོན་མཐོ་སློབ་ནས་དཔལ་འབྱོར་རིག་པའི་ཉེ་བའི་གཙུག་ལག་རབ་འབྱམས་པ་ཐོན། ཕྱི་ལོ་༡༩༧༡ ཁོའི་ཕའི་ཁང་བཟོ་དང་ས་ཁང་གི་ཚོང་ལས་སྡེ་ཚན་དེ་བདག་བཟུང་བྱས་པ་དང་། དུས་ཚོད་ཐུང་ཐུང་ནང་ཁོང་སྐད་གྲགས་ཆེན་པོ་ཆགས་པ་རེད་འདུག ཁོང་གིས་ཕྱི་ལོ་༡༩༩༦ ནས་༢༠༡༥ བར་ཨ་རིའི་མཛངས་མའི་འགྲན་བསྡུར་དེ་བདག་ཉར་བྱས། ཁོས་གཟུགས་མཐོང་རླུང་འཕྲིན་ནང་ལེ་ཚན་ཁག་ཁ་ཤས་ཀྱི་གཙོ་སྐྱོང་བ་དང་འདོན་སྤེལ་ཡང་བྱས་ཡོད་འདུག


ཨ་རིའི་སྲིད་འཛིན་འོས་འགྲན་ཁྲོད། གྲོས་ཚོགས་གོང་འོག་གི་རྐུབ་སྟེགས་ ༢༧༠ ལས་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ལྕམ་ཧེལ་རེ་མཆོག་ལ་མང་མོས་འོས་གྲངས་བརྒྱ་ཆ་ ༢༡༨ དང་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་སྐུ་ཞབས་ཊོ་ནལ་ཊོམ་མཆོག་ལ་མང་མོས་འོས་གྲངས་བརྒྱ་ཆ་ ༢༧༦ ཐོབ་ཡོད་པ་དང་། དེ་བཞིན། ངལ་རྩོལ་ཚོགས་པའི་སྲིད་འཛིན་འོས་མི་སྐུ་ཞབས་གྷ་རེ་རྗོན་སན་ལ་མང་མོས་འོས་གྲངས་བརྒྱ་ཆ་ ༣ དང་གྷི་རན་ཚོགས་པའི་སྲིད་འཛིན་འོས་མི་ལྕམ་རྗེལ་སི་ཊེན་ལ་མང་མོས་འོས་གྲངས་བརྒྱ་ཆ་ ༡ བཅས་ཐོབ་སྟེ། སྤྱི་མཐུན་ཚོགས་པར་རྒྱལ་ཁ་ཐོབ་ཡོད་པ་བཅས།།
གསར་འགོད་པ་ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།