ཧིན་སྒོར་ལྔ་བརྒྱ་དང་སྟོང་ལོ་ཅན་བེད་མེད་དུ་གྱུར་འདུག

 པར་འདེབས།

༢༠༡༦།༡༡།༠༩ཉིན་སྤེལ། རྒྱ་གར་སྲིད་བློན་གྱིས་གསར་འགོད་གསལ་བསྒྲགས་ཤིག་གློ་བུར་དུ་སྤེལ་བར། ཁ་སང་དགོང་མོའི་ཆུ་ཚོད་ ༡༢ ནས་བཟུང་རྒྱ་གར་རྒྱལ་ཡོངས་སུ་ཧིན་སྒོར་ ༥༠༠ ཅན་དང་ ༡༠༠༠ ཅན་གཉིས་ཕར་སྤྲོད་ཚུར་ལེན་གྱི་བེད་སྤྱོད་གཏོང་མི་ཆོག་ཅེས་གསུངས་འདུག

India-5001000Rs-2016དེ་ཡང་གནས་ཚུལ་གྱི་བརྒྱུད་རིམ་ལྟར་ན། རྒྱ་གར་གྱི་སྲིད་བློན་ནཱ་རེན་ཌིར་མུ་ཌེ་མཆོག་གིས་སྤེལ་བའི་གསར་འགོད་གསལ་བསྒྲགས་ནང་དུ། ཧིན་སྒོར་ ༥༠༠ ཅན་དང་ ༡༠༠༠ ཅན་གཉིས་ཕར་སྤྲོད་ཚུར་ལེན་གྱི་བེད་སྤྱོད་གཏོང་མི་ཆོག་པ་མ་ཟད། མི་སོ་སོའི་ལག་ཏུ་ཉར་ཡོད་པའི་ཧིན་སྒོར་ལྔ་བརྒྱ་ལོ་དང་སྟོང་ལོ་ཅན་ཡོངས་རྫོགས་ཕྱི་ཟླ་ ༡༡ པའི་ཚེས་ ༡༠ ནས། ཕྱི་ཟླ་ ༡༢ པའི་ཚེས་ ༣༠ ཉིན་བར་གྱི་ཉིན་གྲངས་ ༥༠ ནང་ཚུན་ལ་དངུལ་ཁང་དང་སྦྲགས་ཁང་ཁག་ནང་འཇུག་ཐུབ་བྱེད་རྒྱུ་དང་། ཡང་ན་བརྗེ་བོ་རྒྱག་དགོས་པ་ལས་དུས་ཚོད་དེ་ལས་བརྒལ་ཚེ་དངུལ་དེ་དག་ཡོངས་རྫོགས་རྩིས་མེད་གཏོང་རྒྱུ་ཡིན་ཞེས་བརྗོད་འདུག

གཞན་ཡང་འདི་ཟླའི་ཕྱི་ཚེས༩ དང་ ༡༠ ཉིན་གཉིས་རིང་རྒྱ་གར་གྱི་དངུལ་ཁང་ཡོངས་རྫོགས་སྒོ་རྒྱག་རྒྱུ་ཡིན་པ་མ་ཟད། དངུལ་འདོན་བྱང་བུ་(ATM)བརྒྱུད་དེ་དངུལ་འདོན་ཐུབ་ཀྱི་མེད་པ་དང་། ཚེས་ ༡༡ ཉིན་ནས་དངུལ་ཁང་ཁག་སྒོ་འབྱེད་བྱས་ཏེ། ཧིན་སྒོར་ ༥༠༠ ཅན་དང་ ༢༠༠༠ ཅན་གྱི་དངུལ་ལོ་གསར་པའང་འགྲེམ་སྤེལ་བྱེད་ཀྱི་ཡིན་འདུག

གསར་འགོད་པ་ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།



བརྗོད་གཞི་གཞན་ཁག་ལ་གཟིགས།