བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་བ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༡༠།༡༩ཉིན་སྤེལ། བོད་དོན་ཐོག་རྒྱབ་སྐྱོར་སྔར་བས་ཤུགས་ཆེ་རུ་གཏོང་ཐབས་གནང་ཆེད་འབྲེལ་ཡོད་ཡུ་རོབ་གྲོས་ཚོགས་འཐུས་མི་རྣམས་ལ་ལམ་སྟོན་དང་བསམ་འཆར་འབུལ་ཐུབ་པ་བྱ་རྒྱུ་དང་། དེ་བཞིན་ཚོགས་པ་དེ་ཉིད་རིམ་བཞིན་རྒྱ་ཆེ་རུ་ཇི་ལྟར་གཏོང་དགོས་མིན་ཡིན་འདུག

འདི་ཟླའི་ཕྱི་ཚེས་༡༧ ཉིན།  ཡུ་རོབ་གྲོས་ཚོགས་ European Parliament འཐུས་མི་རྣམས་ཀྱི་ཡིག་ཚང་དུ་ཕྱག་རོགས་ཞུ་མཁན་བོད་དོན་རྒྱབ་སྐྱོར་བ་ཁག་གཅིག་དང་སྦར་སེལ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས།  དོན་ཁང་གི་ཡུ་རོབ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚན་པའི་འབྲེལ་ཡོད་ལས་བྱེད་རིག་འཛིན་ཆོས་སྒྲོན་ལགས་བཅས་ལྷན་འཛོམས་ཐོག་ནང་ཁུལ་གོ་བསྡུར་ཐག་གཅོད་འོག་གཞུང་འབྲེལ་མིན་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་ཐུབ་པ་བྱུང་འདུག

སྐབས་དེར་ཁོང་རྣམས་ཀྱིས་ཡུ་རོབ་གྲོས་ཚོགས་འཐུས་མི་རྣམས་ལ་བོད་དོན་ཐོག་རྒྱབ་སྐྱོར་སྔར་བས་ཤུགས་ཆེ་རུ་གཏོང་ཐབས་གནང་ཆེད་འབྲེལ་ཡོད་ཡུ་རོབ་གྲོས་ཚོགས་འཐུས་མི་རྣམས་ལ་ལམ་སྟོན་དང་བསམ་འཆར་འབུལ་ཐུབ་པ་བྱ་རྒྱུ་དང་། དེ་བཞིན་ཚོགས་པ་དེ་ཉིད་རིམ་བཞིན་རྒྱ་ཆེ་རུ་ཇི་ལྟར་གཏོང་དགོས་མིན་ཐད་གོ་བསྡུར་སྦྱང་བཤད་ལྷུག་པོ་གནང་འདུག

སྤྱིར་བོད་དོན་རྒྱབ་སྐྱོར་ཚོགས་མི་ཁོང་རྣམ་པས་དེ་སྔ་༧གོང་ས་མཆོག་སྦར་སེལ་ཁུལ་དུ་ཆིབས་སྒྱུར་བསྐྱངས་སྐབས་མཇལ་ཁ་ཞུས་མྱོང་ཡོད་འདུག དེ་ཡང་ཕྱག་འབྲེལ་ཁོང་རྣམས་ནི་ཡུ་རོབ་གྲོས་ཚོགས་ནང་གི་ཆབ་སྲིད་ཚོགས་པ་ཡུ་རོབ་མི་མང་ཚོགས་པ་  European Peoples Party དང་། སྤྱི་ཚོགས་རིང་ལུགས་དང་མང་གཙོའི་རིང་ལུགས་ཀྱི་ཡར་ཐོན་སྣ་འབྲེལ་ཚོགས་པ། Group of the Progressive Alliance of Socialists and Democrats དེ་བཞིན་ཡུ་རོབ་རྙིང་ཞེན་དང་གསར་བརྗེ་ཚོགས་པ་European Conservatives and Reformists  ཡུ་རོབ་གུ་ཡངས་མང་གཙོ་སྣ་འབྲེལ་ཚོགས་པ་ Alliance of Liberals and Democrats for Europe ལྗང་ཁུ་ཚོགས་པ་དང་། ཡུ་རོབ་རང་དབང་དང་ཐད་བསྐོས་མང་གཙོ་ཚོགས་པ་ Europe of Freedom and Direct Democracy བཅས་ཀྱིས་གྲོས་ཚོགས་འཐུས་མི་རྣམས་ལ་ཉིན་རེའི་ཕྱག་ལས་གནང་སྐབས་ཕྱག་རོགས་ཞུ་མཁན་ཤ་སྟག་ཡིན་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།