༧གོང་ས་མཆོག་གིས་ཚད་མ་རྣམ་འགྲེལ་གྱི་ཆོས་འབྲེལ་དབུ་འཛུགས།

 པར་འདེབས།

༢༠༡༦།༡༠།༡༡ཉིན་སྤེལ། ༧གོང་ས་མཆོག་ལ་ཏི་ཝི་ཡའི་རྒྱལ་ས་རི་གར་ཞབས་སོར་བདེ་བར་འཁོད་ནས་ཚད་མ་རྣམ་འགྲེལ་གྱི་ཆོས་འབྲེལ་དབུ་འཛུགས་མཛད་པ་ཡིན་འདུག

14666113 537325149793804 1077566297332727039 nད་རེས་ཕྱི་ཚེས་ ༩ ཉིན་༧གོང་ས་མཆོག་ལ་ཏི་ཝི་ཡའི་ Latvia རྒྱལ་ས་རི་གའི་ Riga གནམ་ཐང་དུ་༸ཞབས་སོར་བདེ་བར་འཁོད་ནས་བཞུགས་གནས་གསོལ་མགྲོན་ཁང་དུ་ཆིབས་སྒྱུར་བསྐྱངས་སྐབས། དད་ལྡན་མང་ཚོགས་རྣམས་ཀྱིས་ལག་ཏུ་དཀར་གཙང་མཇལ་དར་སོགས་ཐོགས་ནས་མགོན་པོ་གང་ཉིད་མཆོག་ལ་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག

དེ་ཡང་ཕྱི་ཚེས་ ༡༠ ཉིན་༧གོང་ས་མཆོག་གིས་ཁུལ་དེར་ཉིན་གཉིས་རིང་གི་མཛད་འཕྲིན་གྱི་གཙོ་བོ་དཔལ་ལྡན་ཆོས་གྲགས་ཀྱིས་མཛད་པའི་ཚད་མ་རྣམ་འགྲེལ་སྐོར་བཀའ་ཆོས་དབུ་འཛུགས་ཡོད་ཅིང་།

ཆོས་འབྲེལ་གསོལ་འདེབས་ཞུ་མཁན་ཨུ་རུ་སུའི་རྒྱལ་ས་མོ་སི་ཁོར་རྟེན་གཞི་བྱས་པའི་བོད་སྐྱོབ་ཐེབས་རྩ་ཁང་ Save Tibet Foundation (Moscow) དང་རྒྱལ་ས་རི་གའི་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་ Saglabasim Tibetu བཅས་ཐུན་མོང་ཡིན་འདུག

གཞན་ཡང་༧གོང་ས་མཆོག་གིས་ཐེངས་འདིར་ལ་ཏི་ཝི་ཡ་སོགས་བྷལ་ཊིག་མངའ་ཁུལ་རྒྱལ་ཁབ་ Baltic States  ཁག་གི་གྲོས་ཚོགས་འཐུས་མི་རྣམས་དང་མཇལ་འཕྲད་མཛད་རྒྱུ་མ་ཟད། བྷལ་ཊིག་ས་ཁུལ་གྱི་བོད་དོན་རྒྱབ་སྐྱོར་བ་རྣམས་ལ་མཇལ་ཁ་བསྩལ་རྒྱུ་དང་། དེ་བཞིན་ཨུ་རུ་སུའི་མཁས་པ་ཁག་གཅིག་དང་ལྷན་བགྲོ་གླེང་མཛད་འཆར་ཡོད་འདུག
 
༧གོང་ས་མཆོག་གིས་ལ་ཏི་ཝི་ཡའི་ནང་གི་མཛད་འཕྲིན་ཁག་ཡོངས་སུ་གྲུབ་རྗེས་ཕྱི་ཚེས་ ༡༢ ཉིན་གྱི་སྔ་དྲོ་སུད་སིར་ཆིབས་སྒྱུར་བཀའ་དྲིན་བསྐྱངས་གནང་མཛད་རྒྱུ་ཡིན་འདུག་པ་བཅས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།



བརྗོད་གཞི་གཞན་ཁག་ལ་གཟིགས།