ངོས་ལ་ཡིད་ཆེས་ཡོད་ཅེས་འཚམས་འདྲི་གནང་ཡོད་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༡༠།༡༠ཉིན་སྤེལ།༧གོང་ས་མཆོག་གིས་ད་ལོའི་ནོ་བྷེ་ཞི་བདེ་གཟེངས་རྟགས་བཞེས་མཁན་ལ་འཚམས་འདྲི་མཛད་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༧ ཉིན། ༧གོང་ས་མཆོག་གིས་ཀོ་ལམ་བྷི་ཡའི་ Colombia སྲིད་འཛིན་སྐུ་ཞབས་ཡོན་མེ་ནོལ་སན་ཏོ་སི་ Juan Manuel Santos མཆོག་ལ་འདི་ལོའི་ནོ་བེལ་ཞི་བདེའི་གཟེངས་རྟགས་ Nobel Peace Prize ཐོབ་པར་འཚམས་འདྲི་མཛད་ཡོད་འདུག

དེ་ཡང་གོང་ཚེས་ཉིན་༧གོང་ས་མཆོག་གིས་སྲིད་འཛིན་མཆོག་ནས་ཆོད་སེམས་བརྟན་པོའི་ཐོག་ལོ་ངོ་ ༥༢ རིང་མི་སེར་ནང་འཁྲུག་གི་རྩོད་རྙོད་འདུམ་འགྲིག་ཡོང་ཐབས་སུ་འབད་བརྩོན་གནང་བ་དེར་བསྔགས་བརྗོད་ཡོད་ཅེས་གསུང་མཛད་འདུག

གཞན་ཡང་ཐོག་མའི་འཆར་གྲུབ་འབྲས་སྨིན་རྒྱུའི་རེ་བ་ཧ་ཅང་དཀའ་བར་སྣང་ཡང་སྐུ་ཉིད་ནས་ངལ་བ་ཁྱད་དུ་བསད་ནས་ཀོ་ལམ་བྷི་ཡ་ཡུལ་ནང་ཞི་བདེ་བསྐྲུན་སླད་ཆོད་སེམས་བརྟན་པོས་འབད་བརྩོན་གནང་བར་བརྟེན་ཐེངས་འདིར་གཟེངས་རྟགས་འདི་བརྒྱུད་སྐུ་ཉིད་ཀྱི་འབད་བརྩོན་དེར་ངོས་འཛིན་ཐོབ་པ་ཞིག་ཆགས་ཡོད་ཅེས་དང་།

དེ་མིན་སྐུ་ཉིད་མཆོག་ནས་ཆོད་སེམས་བརྟན་པོས་ནང་ཁུལ་འགྲིག་འཇགས་ཡོང་ཐབས་གནང་བཞིན་པའི་སྐབས་འདིར་འགེགས་བར་ཆད་འཕྲད་ཀྱང་སྙིང་སྟོབས་མ་ཞུམ་པར་མུ་མཐུད་འབད་བརྩོན་གནང་བཞིན་པ་དེས་ངོས་ལའང་བློ་སྤོབས་ཧ་ཅང་སྟེར་བྱུང་། གལ་ཆེ་ཤོས་ནི་གྲུབ་འབྲས་མ་སྨིན་བར་དུ་མུ་མཐུད་འབད་བརྩོན་བྱ་རྒྱུ་དེ་རེད་ཅེས་དང་།

མཐར་མཇུག་སྐུ་ཉིད་མཆོག་གིས་གྲོས་མོལ་དང་ཕན་ཚུན་གུས་བཀུར་བསམ་ཤེས་ཐོག་ནས་དཀའ་ངལ་སེལ་དགོས་པའི་ལམ་སྟོན་གནང་བ་དེར་གྲུབ་འབྲས་སྨིན་ནས་ཀོ་ལམ་བྷི་ཡའི་ཡུལ་ནང་ཞི་བདེ་དང་ཡར་རྒྱས་ཀྱི་དུས་རབས་གསར་པ་ཞིག་མགྱོགས་མྱུར་འཆར་ཐུབ་རྒྱུ་ཡིན་པ་ངོས་ལ་ཡིད་ཆེས་ཡོད་ཅེས་འཚམས་འདྲི་གནང་ཡོད་འདུག

ཀོ་ལམ་བྷི་ཡ་ནི་ཨ་མི་རི་ཁའི་ལྷོ་ཕྱོགས་སུ་ཡོད་པའི་རྒྱལ་ཁབ་ཞིག་ཡིན་པ་དང་། སྐུ་ཞབས་ཡོན་མེ་ནོལ་སན་ཏོ་སི་ནི་རྒྱལ་ཁབ་དེའི་སྲིད་ཆགས་ཡོད་པ་མ་ཟད། མི་མང་གི་མཐུན་སྒྲིལ་དང་ཞི་འགྲིག་གི་ཕྱོགས་སུ་བྱས་རྗེས་རླབས་ཆེན་བཞག་པ་ཡོད་པ་ཞིག་དང་། ད་ལོའི་ནོ་བྷེ་ཞི་བདེ་གཟེངས་རྟགས་བཞེས་མཁན་ཞིག་ཡིན་འདུག་པ་བཅས།།

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།