བོད་ཀྱི་ཆུ་མཛོད་ཉེན་ཁ་དང་ཨེ་ཤེ་ཡའི་ཆུ་ཡི་བདེ་འཇགས་གནོད་འཚེ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༠༩།༢༦ཉིན་སྤེལ། བོད་ཀྱི་ཆུ་མཛོད་ཉེན་ཁ་དང་ཨེ་ཤེ་ཡའི་ཆུ་ཡི་བདེ་འཇགས་གནོད་འཚེ། བོད་ཆུ་བོ་ཆེན་པོ་རྣམས་ཀྱིས་ཨེ་ཤ་ཡའི་ཡུལ་ལུང་མང་པོར་ཕན་གྱི་ཡོད་པས་སྲུང་སྐྱོབ་བྱེད་དགོས་པར་བགྲོ་གླེང་གནང་སོང་།

altའདི་ཟླའི་ཕྱི་ཚེས་༢༣ཉིན།   རྒྱ་ས་ལྡི་ལིར་ཡོད་པའི་རྒྱལ་གར་རྒྱལ་སྤྱིའི་ལྟེ་གནས་ཁང་དུ་བོད་ཀྱི་ཆུ་མཛོད་ཉེན་ཁ་་དང་ཨེ་ཤེ་ཡའི་ཆུའི་བདེ་འཇགས་ལ་གནོད་འཚེ་ཞེས་པའི་བགྲོ་གླེང་ཟབ་རྒྱས་ཚོགས་སོང་།

དེར་ཡང་རྒྱལ་ས་ལྡི་ལིར་ཡོད་པའི་རྒྱལ་གར་རྒྱལ་སྤྱིའི་ལྟེ་གནས་ཁང་དུ་བོད་དུ་ཆུ་མཛོད་དཀའ་ངལ་དང་ཨེ་ཤེ་ཡའི་ཆུའི་ཉེན་ཁ་ཞེས་པའི་བགྲོ་གླེང་ཞིག་རྒྱ་གར་བོད་སློབ་ཕྲུག་ཚོགས་པས་གོ་སྒྲིག་ཞུས་ཡོད་པ་དང་།  སྐུ་མགྲོན་གཙོ་བོ་རྣམས་ནི་རྒྱལ་ཁབ་འདྲ་མིན་ནས་ཕེབས་པའི་ཞིབ་འཇུག་མི་སྣ་དང་གསར་འགོད་པ། ལས་འགུལ་བ་བཅས་ཡིན་འདུག

གཞན་ཡང་སློབ་དཔོན་ཆེན་པོ་མེ་ལ་ཆོཌ་ཤི་མ། (Prof.Milap Chand Sharma)རྒྱ་གར་ཡིན་པ་དང་།  པར་པ་དང་འགྲུལ་བསྐྱོད་འབྲི་བ་པོ་ཤ་ཌོ་ཨ་ལམ(Shahidul Alam)། ལྦམ་ལ་ལྡེ་ཤིལ་(Bangladesh)ནས་ཡིན་པ་དང་། ཞིབ་འཇུག་པ བྱམས་པ་རྒྱལ་མཚན་(བོད)། བོད་དོན་ལས་འགུལ་བ་ཇོ་སུ་ན་ཇོ་ཆི(jyotisna George)(རྒྱ་གར)་བཅས་གདན་འདྲེན་ཞུས་འདུག་པ་དང་།  ཚོགས་བཅར་བ་རྣམས་ནི་རྒྱ་གར་མི་མང་དང་། ལས་ཁུངས་ཁག་གི་སྐུ་ཚབ། སྐུ་མགྲོན་ཁ་ཤས་ཡང་ཕེབས་ཡོད་པ། གཞན་ཚང་མ་སློབ་མ་བཅས་ཁྱོན་མི་༢༠༠ཙམ་ཕེབས་འདུག
 
དེ་མིན་གྲོས་གླེང་གི་བརྗོད་གཞི་གཙོ་ནི་རྒྱ་གཞུང་གིས་བོད་ནང་ཆུ་མཛོད་མང་པོ་རྒྱག་གི་ཡོད་པ་རྣམས་ནི་ཨེ་ཤི་ཡའི་ཆུ་ལ་ཉེན་ཁ་ཡོད་སྐོར་སོགས་ཡིན་པ་དང་། གཏམ་བཤད་པ་རྣམས་པས་རང་ཉིད་ཞིབ་འཇུག་གནང་བ་རྣམས་ཚོགས་བཅར་རྣམས་ལ་འབྲེལ་བཤད་དང་བོད་ཀྱི་ཆུ་བོ་ཆེན་པོ་དྲུག་དག་ཨེ་ཤེ་ཡ་ལ་གལ་ཆེན་ཡིན་སྐོར་དང་། བོད་ཀྱི་ཆུ་བོ་ནི་ཨེ་ཤེ་ཡའི་ཚེ་སྲོག་གི་ཐག་པ་ལྟ་བུ་ཡིན་པར་བརྗོད་སོང་།

དེ་བཞིན་ཤ་ཌོ་ཨ་ལམ་ནི་དངོས་སུ་བོད་ནང་ཕེབས་ནས་བོད་ནང་གི་གནས་སྟངས་རྣམས་པར་རིས་བརྒྱུད་ནས་འབྲེལ་བརྗོད་གནང་བ་དང་། སློབ་དཔོན་ཆེན་པོ་མེ་ལ་ཆོཌ་ཤི་མས་བོད་ཀྱི་གངས་རི་དང་ཆུ་བོ་རྣམས་འབྲེལ་བཤད་དང་དེ་ཚོ་ཁྱིམ་མཚེས་རྒྱལ་ཁབ་གང་ནང་རྒྱུགས་བཞིན་ཡོད་མེད་དང་།  ཆུ་བོ་དེ་དག་གི་གལ་ཆེན་རང་བཞིན། ང་ཚོ་གང་ཐུབ་སྲུང་སྐྱོབ་བྱེད་དགོས་པ་སོགས་བརྗོད་རྗེས། དྲི་བ་དྲིས་ལན་དང་བཅས་གྲོས་གླེང་ཟབ་རྒྱས་གནང་སོང་།
 
བོད་རང་བཙན་སློབ་ཕྲུག་ཚོགས་པས་བགྲོ་གླེང་གོ་སྒྲིག་ཞུ་དགོས་པའི་དམིགས་ཡུལ་གཙོ་བོ་ནི་བོད་ནང་ཆུ་མཛོད་མང་པོ་ཞིག་རྒྱག་བཞིན་པ་རྣམས་ཀྱིས་བོད་ཀྱི་ཁོར་ཡུག་ལ་གནོད་སྐྱོན་ཆེན་པོ་བྱུང་བ་དག་མཚམས་འཇོག་དང་དེ་ནས་ཁོང་ཚོས་མཉམ་འབྲེལ་རྒྱལ་ཚོགས་ལ་སྙན་ཞུ་ཕུལ་རྩིས་ཡོད་པ་བཅས།།

གསར་འགོད་པ། དབྱངས་ཅན་སྒྲོན་མ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།