གོང་ས་མཆོག་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོར་མཇལ་འཕྲད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༠༩།༡༦ཉིན་སྤེལ། འདི་ཟླའི་ཕྱི་ཚེས་ ༡༥ ཉིན་༧གོང་ས་མཆོག་ཕ་རན་སའི་སི་ཊར་སི་སྦག་ Strasbourg གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་ཡུ་རོབ་གྲོས་ཚོགས་སུ་ཆིབས་སྒྱུར་སྐྱོང་སྐབས་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་མར་ཊིན་ཤལ་ཛི་ Martin Schulz མཆོག་གིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག

 ཕྱོགས་མཚུངས་མགོན་པོ་གང་ཉིད་མཆོག་གིས་ཡུ་རོབ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ Thorbjørn Jagland མཆོག་དང་། ཡུ་རོབ་མཐུན་ཚོགས་ཀྱི་གྲོས་ཚོགས་ཚོགས་གཙོ་ Pedro Agramunt མཆོག ཡུ་རོབ་ལྷན་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་འགན་འཛིན་ Nils Muižnieks མཆོག་བཅས་དང་ལྷན་མཇལ་འཕྲད་གནང་ཡོད།

དེ་བཞིན་༧གོང་ས་མཆོག་གིས་ཕྱི་འབྲེལ་མི་སྣ་དང་། ཡུ་རོབ་ལྷན་ཚོགས་ཁག་གི་སྐུ་ཚབ་བཅས་ལ་བྱམས་བརྩེ་གོང་འཕེལ་དང་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་སྐོར་བཀའ་སློབ་བསྩལ་རྒྱུ་ཡིན་འདུག་པ་བཅས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།