སྲིད་འཛིན་ལ་མིང་མང་མང་ཤོས་ཀྱིས་རེ་སྐུལ་ཤུགས་ཆེན་བྱས་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༠༩།༡༤ཉིན་སྤེལ། ཧྥ་རིན་སིའི་མི་མང་བརྒྱ་ཆའི་བརྒྱད་བཅུ་ལྷག་གིས་ཁོང་ཚོའི་སྲིད་འཛིན་༧གོང་ས་མཆོག་ལ་མཇལ་འཕྲད་གནང་དགོས་པའི་རེ་འབོད་ཡིག་ངག་གཉིས་ཀྱི་ཐོག་ནས་ཞུས་ཡོད་འདུག

རྒྱལ་སྤྱི་དང་ཡོ་རབ་དྲ་གནས་ཁག་ལ་གནས་ཚུལ་ཐོན་པར་གཞིགས་ན། ཧྥ་རིན་སའི་མི་མང་གིས་ཁོང་ཚོའི་སྲིད་འཛིན་༧གོང་ས་མ་མཆོག་མཉམ་དུ་མཇལ་འཕྲད་གནང་དགོས་པའི་འབོད་སྐུལ་ཞུས་ཡོད་པ་དང་། altདེ་ཡང་གནས་ཚུལ་བསྡུས་པར་བརྗོད་ན། ཧྥ་རིན་སིའི་མི་མང་གིས་ཁོང་ཚོའི་རྒྱལ་ཁབ་གྱི་སྲིད་འཛིན་ཧྥི་རན་སི་བ་Francois Hollandeལགས་༧གོང་ས་མཆོག་ལ་མཇལ་ཕྲད་གནང་དགོས་པའི་འདོད་པ་ཡོད་པ་དང་། དེ་ནི་ཧྥ་རིན་སིའི་མི་མང་གི་བསམ་ཚུལ་ལྟེ་གནས་ཁང་གིས་མི་མང་ཤོས་ལ་ཁ་པར་ཐོག་བསམ་ཚུལ་བསྡུ་ལེན་བྱས་པ་ལས་བརྒྱ་ཆའི་བརྒྱད་བཅུ་གྱ་དྲུག་གིས་འདོད་པ་ཡོད་སྐོར་བརྗོད་འདུག
གཞན་ཡང་ཧྥ་རིན་སིའི་རྒྱལ་ས་ཕལ་རེ་སི་སྟེ་རྒྱལ་ཁབ་ཀྱི་གྲོས་ཚོགས་ར་བ་ཡོད་ས་རུ་༧གོང་ས་མཆོག་ཉིན་དྲུག་རིང་བཞུགས་ཡོད་པ་དང་། ཉིན་གཅིག་རིང་ལ་བྱང་ཆུབ་སེམས་མཆོག་དང་སྤྱན་རས་གཟིགས་ཀྱི་དབང་སྩལ་གནངཡོད་འདུག

དེ་མིན་ཧྥ་རིན་སིའི་ནང་ལོག་གི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཞིག་གིས་སྲིད་འཛིན་དང་བློན་ཆེན་རྣམས་སུ་ཡི་གེ་ཞིག་བཏང་ཡོད་པའི་ནང་དུ། འགྲོ་བ་མིའི་ཐོབ་ཐང་གི་ཆེད་དུ་ཁྱོད་ཚོ་ཚང་མས་༧གོང་ས་མཆོག་ལ་མཇལ་འཕྲད་གནང་དགོས་པ་དང་། ཟླ་ཁ་ཤས་སྔོན་ལ་ཨ་རིའི་སྲིད་ཨོ་བྷ་མས་༧གོང་ས་མཆོག་ལ་མཇལ་འཕྲད་གནང་བ་ཇི་བཞིན་དུ་ཁྱོད་ཚོས་ཀྱང་མཇལ་འཕྲད་གནང་དགོས་ཀྱི་འདུག་ཅེས་འབོད་སྐུལ་ཤུགས་ཆེན་ཞུས་འདུག་པ་བཅས།།

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།