བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཚོགས་བཞིན་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༠༩།༠༩ཉིན་སྤེལ། བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐོག་ད་ཀྱི་ཁོར་ཡུག་དང་། ཆབ་སྲིད་གནས་བབ། བོད་ནང་འགྲོ་བ་མིའི་ཐོབ་ཐང་དང་གནས་སྟངས། རྒྱལ་སྤྱིའི་ནང་བོད་དོན་ཞུ་གཏུགས་དང་ལས་འགུལ་སྤེལ་ཕྱོགས་སོགས་ཀྱི་ཐོག་ལ་གཏམ་བཤད་དང་གྲོས་བསྡུར་གནང་གི་ཡོད་འདུག

altསྐབས་འདིའི་ཚོགས་ཆེན་དབུ་འཛུགས་ཐོག་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་ཆེན་པོ་མཆོག་གིས་བོད་མི་ས་ཡ་དྲུག་གི་ཚབ་བྱས་ཏེ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོར་ཐུགས་རྗེ་ཆེ་ཞུས་གནང་ཡོད་པ་དང་། ཁྱེད་ཚོ་ནི་གྲོགས་པོ་ཡིན་པ་གཅིག་པུ་མ་ཡིན་པར་ཆེས་དྲང་བདེན་སྐྱོང་བའི་གྲོགས་པོ་ཡིན་ཞེས་གསུངས་སྩལ་གནང་འདུག

དེ་ཡང་ཟླ་འདིའི་ཚེས་༨ ནས་ཉིན་༣ རིང་སྦེལ་རྗམ་གྱི་རྒྱལ་ས་སྦར་སེལ་དུ་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བདུན་པའི་དབུ་འབྱེད་ཀྱི་མཛད་སྒོའི་ཐོག ༸གོང་ས་མཆོག་དང་། ཡུ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཐོ་མ་སི་མན་(Mr. Thomas Mann) དང་། ཡུ་རོབ་དཔལ་འབྱོར་དང་སྤྱི་ཚོགས་ཡར་རྒྱས་ཚན་པའི་ཚོགས་གཙོ་ཟུར་པ་སྐུ་ཞབས་ཧེན་རི་མ་ལོ་སི་(Mr. Henri Malosse) ཡུ་རོབ་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཚོགས་གཞོན་དང་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཚོགས་མི་སྐུ་ཞབས་ཀི་རིསི་ཤ་ཊེན་ཌེན་པེ་རེ་ཌ་(Cristian Dan Preda) ཕི་ལེ་མིཤ་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཇན་པེའུ་མན་སི་(Jan Peumans, Speaker of the Flemish Parliament)

དེ་བཞིན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ། སྦེལ་ཇམ་དང་སུད་སི། ཐེ་ཝན་སོགས་རྒྱལ་ཁབ་ཁག་ཅིག་གི་སྐུ་ཚབ་དོན་གཅོད། ཡུ་རོབ་སྤྱི་འཐུས་རྣམ་གཉིས། དེ་བཞིན། བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་ཡོད་ལས་བྱེད་དང་། དྷ་རམ་ས་ལའི་གཞུང་འབྲེལ་མིན་པའི་ཚོགས་པའི་མི་སྣ་བཅས་མཉམ་ཞུགས་གནང་ཡོད་པ་རེད།

ཉིན་གྲངས་གསུམ་རིང་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐོག་འཛམ་གླིང་རྒྱབ་ཁབ་ཁག་ ༥༠ ནས་ཚོགས་བཅར་བ་ཁྱོན་མི་གྲངས་ ༢༥༠ ཚོགས་བཅར་གྱིས་བོད་ཀྱི་ཁོར་ཡུག་དང་། ཆབ་སྲིད་གནས་བབ། བོད་ནང་འགྲོ་བ་མིའི་ཐོབ་ཐང་དང་གནས་སྟངས། རྒྱལ་སྤྱིའི་ནང་བོད་དོན་ཞུ་གཏུགས་དང་ལས་འགུལ་སྤེལ་ཕྱོགས་སོགས་ཀྱི་ཐོག་ལ་གཏམ་བཤད་དང་གྲོས་བསྡུར་གནང་གི་ཡོད་པ་བཅས།།

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།