བོད་པའི་རྒྱབ་སྐྱོར་ཚོགས་པ་མིན་ལ་ཐེ་ཝན་གྱི་རྒྱབ་སྐྱོར་ཚོགས་པ་ཡང་མིན།

 པར་འདེབས།

༢༠༡༦།༠༩།༠༥ཉིན་སྤེལ། འདི་ནི་བོད་པའི་རྒྱབ་སྐྱོར་ཚོགས་པ་མིན་ལ་ཐེ་ཝན་གྱི་རྒྱབ་སྐྱོར་ཚོགས་པ་ཡང་མིན་པར། འདི་གཉིས་ཀྱི་གང་ལ་དཀའ་ངལ་ཕྲད་ན་དེ་ལ་ངོས་འཛིན་གྱིས་རོགས་རམ་དང་རྒྱབ་སྐྱོར་བྱེད་ཀྱི་ཡོད་པར་བརྗོད་སོང་།

དེ་རིང་སྔ་དྲོའི་ཚོུད་༡༠།༤༠བའི་ཐོག  གངས་སྐྱིད་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། བོད་དང་ཐེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐོབ་ཐང་འབྲེལ་མཐུད་ཁང་གི་ངོས་ནས་གསར་འགོད་གསལ་བསྒྲགས་ཤིག་བསྐྱང་སོང་།

altདེ་ཡང་གོང་ཚེ་ཉིན་ཚོགས་པ་འདིའི་འགན་འཛིན་བཀྲ་ཤིས་ཚེ་རིང་ལགས་ཀྱིས་བོད་དང་ཐེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐོབ་ཐང་འབྲེལ་མཐུད་ཁང་གི་སྐོར་ལ་འགྲེལ་བརྗོད་བྱས་དོན།  གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བོད་དང་ཐེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐོབ་ཐང་འབྲེལ་མཐུད་ཁང་གི་ཚོགས་མི་བཅུ་གྲངས་ཤིག་ཡོད་པ་འདིས། ཐེ་ཝན་ནང་དུ་ཆབ་སྲིད་ཙམ་མ་ཡིན་པར་བོད་པའི་དཀའ་ངལ་ལ་ལོ་མང་རིང་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད། ཚོགས་པ་འདི་བཙུགས་དགོས་པའི་དམིགས་ཡུལ་ནི། སྤྱིར་བཏང་ཐེ་ཝན་ནང་དུ་བོད་རིགས་ཚོགས་པས་དབུ་ཁྲིད་དེ་བོད་རིགས་གཞོན་ནུ་ལྷན་ཚོགས། བོད་ཀྱི་བུད་མེད་ཚོགས་པ་བཅས་ཡོད་པ་རེད། རྒྱབ་སྐྱོར་ཚོགས་པའི་ངོས་ནས་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་ཐེ་ཝན་བོད་ཀྱི་གྲོགས་པོ་ཚོགས་པ་ཡོད་ཀྱང་། རྒྱུན་རིང་པོར་རྒྱབ་སྐྱོར་རོགས་རམ་གནང་མཁན་ནི། དེ་རིང་འདིར་ཕེབས་པའི་བོད་དང་ཐེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐོབ་ཐང་འབྲེལ་མཐུད་ཁང་གི་རྒྱུན་ལས་བཅུ་གྲངས་འདི་ཡིན་ལ། ཁོ་རང་ཚོ་ནི་ཐེ་ཝན་གྱི་གཞུང་འབྲེལ་མིན་པའི་ཚོགས་ཁག་དུ་འགན་འཛིན་བྱས་མྱོང་མཁན་ཤ་སྟག་ཅིག་དང་། འགྲོ་བ་མིའི་ཐོབ་ཐང་ལ་འབྲེལ་བ་ཤུགས་ཆེན་བྱུང་ཡོད་རྐྱེན་ང་ཚོས་འགྲོ་བ་མིའི་ཐོབ་ཐང་ཐོག་དཀའ་ངལ་ཅི་ཡོད་ལ་ཁོང་ཚོས་རྒྱབ་སྐྱོར་བྱས་དང་བྱེད་བཞིན་ཡོད་པ་རེད།

ཐེ་ཝན་མང་གཙོའི་ཡར་ཐོན་ཚོགས་པས་གཞུང་ཟིན་ཡོད་དུས། ནམ་རྒྱུན་བཤད་ཀྱི་ཡོད་པ་ནང་བཞིན་དུ། ང་ཚོའི་གཞུང་དང་འབྲེལ་བ་ཤུགས་ཆེན་པོ་ཆགས་ཀྱི་ཡོད་པ་དང་། ཁོང་ཚོ་དང་ང་ཚོ་མཉམ་རུབ་བྱས་ཏེ་ཕྱག་ལས་མང་པོ་ཞིག་བྱེད་ཐུབ་ཀྱི་རེད་ཅེས་བགྲོ་གླེང་མང་ཤོས་ལས་ལབ་ཀྱི་ཡོད་ཀྱང་། ང་ཚོ་སྡིངས་ཆའི་སྒང་དུ་བསྡད་ནས་ལས་ཀ་བྱས་ན་མ་གཏོགས་ཁ་ནས་བཤད་པས་འགྲིག་གི་མེད་པར་མཐོང་སྟེ། ང་ཚོ་མཉམ་རུབ་ཀྱིས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་འདི་བཙུགས་པ་ཡིན་ལ། འདི་ནི་བོད་པའི་རྒྱབ་སྐྱོར་ཚོགས་པ་མིན་ལ་ཐེ་ཝན་གྱི་རྒྱབ་སྐྱོར་ཚོགས་པ་ཡང་མིན་པར། འདི་གཉིས་ཀྱི་གང་ལ་དཀའ་ངལ་ཕྲད་ན་དེ་ལ་ངོས་འཛིན་གྱིས་རོགས་རམ་དང་རྒྱབ་སྐྱོར་བྱེད་ཀྱི་ཡོད།

ང་བོད་མི་ཞིག་ཡིན་པའི་ལྟ་ཚུལ་གྱི་ངོས་ནས་ཚོགས་པ་འདིའི་ནང་གི་རྒྱུན་ལས་བཅུ་ལས་མི་བཞི་ནི་ཐེ་ཝན་གྲོས་ཚོགས་འཐུས་མི་དང་དྲུག་ནི་གཞུང་འབྲེལ་མ་ཡིན་པའི་ཚོགས་ཁག་གི་འགན་གནང་མྱོང་བ་ཞིག་རེད། ནམ་རྒྱུན་བོད་པའི་རྒྱབ་སྐྱོར་ལ་དཔལ་འབྱོར་དང་ལུས་པོ། དུས་ཚོད་སོགས་ཀྱི་རྒྱབ་སྐྱོར་དགོས་དུས། རྒྱབ་སྐྱོར་བ་ཁ་ཤས་སུ་འཚོ་བའི་དཀའ་ངལ་སོགས་ཀྱིས་རྒྱབ་སྐྱོར་རྒྱུན་རིང་བྱེད་པར་ཁེག་པོ་ཡོང་གི་ཡོད་པ་རེད། ཡིན་ནའང་། ད་ལྟའི་ང་ཚོའི་ཚོགས་པའི་རྒྱུན་ལས་ནང་དུ། དཔལ་འབྱོར་སོགས་ཀྱི་དཀའ་ངལ་མེད་མཁན་རྐྱང་རྐྱང་ཡིན་པ་དམིགས་ཡུལ་དུ་བཟུང་སྟེ། འདི་ལྟར་ཐེངས་དང་པོར་ངྷ་སར་ཡོང་ནས་ཞག་མ་གསུམ་གྱི་རིང་ལ། གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་ཁག་ཏུ་བཅར་བ་དང་། ༧གོང་ས་མཆོག་གི་མཇལ་ཁ་དང་བཀའ་སློབ་སོགས་བྱུང་བས་ཚང་མ་དགའ་འཚོར་ཤུགས་ཆེན་གྱིས་སྔར་ལས་ལྷག་པའི་ལས་ཀ་བྱེད་པའི་གྲོས་བསྡུར་བྱུང་སོང་། བཙན་བྱོལ་བོད་ཀྱི་གྲོས་ཚོགས་དང་མཉམ་རུབ་ཀྱིས་མ་འོངས་ཕྱག་ལས་ག་རེ་གནང་བའི་ཕྱོགས་སུ་བཙན་བྱོལ་གཞུང་གི་སྤྱི་འཐུས་རྣམ་པ་གཉིས་དང་མཉམ་དུ། ཉིན་འདི་ཚོར་མ་འོངས་ལས་ཀ་བྱེ་ཕྱོགས་ཀྱི་སྐོར་ལ་བགྲོ་གླེང་མང་པོ་བྱུང་ཡོད་ཅེས་འགྲེལ་བརྗོད་གནང་སོང་།

བོད་མི་མང་སྤྱི་འཐུས་བློ་བཟང་གྲགས་པ་ལགས་ཀྱིས་ཚོགས་པ་འདི་དང་འབྲེལ་ཡོད་སྐོར་ནས་བརྗོད་དོན། བོད་དང་ཐེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐོབ་ཐང་འབྲེལ་མཐུད་ཁང་གི་བཀྲ་ཤིས་ཚེ་རིང་ལགས་གཙོས་པས་ཚོགས་མི་ཚང་མས་དགོངས་པ་མཉམ་བཞེས་ཀྱིས་སྐུ་ལུས་བསྐྱོན་པར་བརྟེན་སྟེ། ད་ལྟའི་ཆར་ང་ཚོའི་གྲོས་ཚོགས་འཐུས་མི་གཉིས་ཡོང་དགོས་བྱུང་བ་དང་། དེ་དང་མཉམ་དུ་འགྲོ་བ་མིའི་ཐོབ་དང་བོད་དོན་སྒང་ལ་ཐུགས་སྣང་གནང་མཁན་གྲངས་༡༣ཙམ་ཞིག་ཕེབས་ཐུབ་ཡོད་པ་རེད། ང་ཚོའི་བོད་མིའི་སྒྲིག་འཛུགས་ཀྱི་གྲོས་ཚོགས་ནས་ང་དང་ཚེ་རིང་ལྷ་མོ་གཉིས་ཀྱིས་རྣམ་པ་ཚོར་མཉམ་དུ། མ་འོངaltས་པར་བོད་ཀྱི་གྲོས་ཚོགས་འཐུས་མི་དང་ཐེ་ཝན་གྱི་གྲོས་ཚོགས་འཐུས་མི་གཉིས་མཉམ་དུ་ཅི་ལྟར་ཕྱགས་ལས་གནང་ཐུབ་མིན་སྐོར་ལ་ཉིན་ཤས་རིང་གླེང་མོལ་བྱས་ཡོད་ལ། ཁོང་ཚོའི་གསལ་བསྒྲགས་འདིའི་འགོ་བརྗོད་དུ། ཕན་ཚུན་རྒྱུས་ལོན་དང་ཕན་ཚུལ་རོགས་རམ་ཞེས་བྲིས་ཡོད་པ་ནང་བཞིན་དུ། ང་ཚོས་འབྲེལ་བ་གཏིང་ཟབ་དང་མ་འོངས་པར་བོད་ཐེ་གྲོས་ཚོགས་འཐུས་མི་གཉིས་ཀྱིས་གོམ་པ་མཉམ་གཤིབ་ཀྱིས་བོད་ཐེ་གཉིས་ཀྱི་གནད་དོན་ལ་ཐུགས་ཕན་གསོ་བ་ཞིག་ཡོང་རྒྱུ་ནི། ང་ཚོའི་དམིགས་ཡུལ་རེད་ལ་དེ་དེ་བཞིན་དུ་འགྲོ་བ་ཡིན་པར་ཞུ་རྒྱུ་ཡིན། ༧གོང་ས་མཆོག་གིས་ང་ཚོར་བཀའ་སློབ་ལམ་སྟོན་དང་ཕྱག་བྲིས་ཤིག་གནང་བའི་ནང་དུ་འཁོད་དོན། "བོད་དང་ཐེ་ཝན་འབྲེལ་མཐུད་ཁང་ལ་ཐུགས་རྗེ་ཆེ་ཞུ། གཞན་ཕན་རྒྱ་ཆེན་འབྱུང་བའི་སྨོན་ལམ་བཅས་ཤཀྱའི་དགེ་སློང་ཏྭ་ལའི་བླ་མ། ༢༠༡༦།༩།༥ "ཞེས་ཕྱག་བྲིས་གནང་ཡོད་པ་རེད། གཞི་རྩའི་ང་ཚོས་མ་འོངས་པར་བོད་ཐེ་གཉིས་ཀྱི་གྲོས་ཚོགས་འཐུས་མི་མཉམ་རུབ་ཀྱི་ལས་འགུལ་འདི་ཞིབ་ཚགས་དང་སྤུས་དག་ཏུ་གཏོང་བ་གལ་ཆེན་རེད་ཅེས་བརྗོད་སོང་།

འདི་གསར་ཁང་གིས་བོད་མི་མང་སྤྱི་འཐུས་བློ་བཟང་གྲགས་པར་ཁོང་ཚོ་དང་མཉམ་དུ་གླེང་མོལ་བྱས་པའི་ཉིན་ཤས་རིང་བློ་བསྐྱེད་ག་རེ་རག་སོང་བའི་སྐོར་ནས་བཅར་འདྲི་ཞུས་དོན། རྒྱ་ནག་གིས་བོད་དང་ཐེ་ཝན་གཉིས་རྒྱལ་སྤྱིའི་སྡིངས་ཆར་གཅིག་པ་བྱས་ནས་གླེང་སློང་བྱེད་ཀྱི་ཡོད་པ་རེད།  དེ་འདྲ་ཡིན་དུས་ང་ཚོས་ཐེ་ཝན་འབྲེལ་བ་ཤུགས་ཆེན་བྱེད་ཐུབ་པ་ཧ་ཅང་གིས་དཀའ་ལས་ཁེག་པོ་ཡིན་པ་དང་། ལྷག་པར་དུ་ཐེ་ཝན་གྱི་གྲོས་ཚོགས་འཐུས་མི་རྣམས་ཀྱིས་བོད་དོན་རྒྱབ་སྐྱོར་ཚོགས་པ་བཙུགས་ཏེ། བོད་དོན་ལ་ཐུགས་སྣང་བྱེད་པ་དེ་བས་ཀྱང་དཀའ་ལས་ཁེག་པོ་རེད།  ཡིན་ནའང་། ད་ལྟ་ཐེ་ཝན་གྱི་སྲིད་དོན་ཚོགས་པ་བརྗེ་བོ་བརྒྱབ་ཡོད་པ་དང་། གྲོས་ཚོགས་འཐུས་མི་བོད་དོན་ལ་ཤ་ཞེན་ཅན། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་བྱེད་མཁན་དང་༧གོང་ས་མཆོག་ལ་གུས་ཞབས་དང་དད་པ་ཡོད་མཁན་རྣམས་ཀྱིས་མ་སྐུལ་དང་བླངས་ཀྱི་སྒོ་ནས་བོད་པར་འབྲེལ་བ་བྱེད་པ་དང་། ཐེ་ཝན་ནང་ལོག་གི་བོད་སོགས་ལས་ཁུངས་སོགས་ཀྱི་སྒོ་རྒྱག་པར་འབད་བརྩོན་བྱེད་པ། མ་འོངས་པར་བོད་མི་རྣམས་ཀྱིས་ཐེ་ཝན་དུ་སློབ་སྦྱོང་བྱེད་པའི་སྲིད་བྱུས་གུ་ཡངས་ཡོང་བ་དང་དེ་ལ་མཐུན་རྐྱེན་སྦྱོར་བར་འབད་བརྩོན་ཤུགས་ཆེན་བྱས་ཡོང་དུས། རང་བཞིན་གྱིས་ང་ཚོའི་བོད་པའི་འཐབ་རྩོད་ལ་ཕན་ཐོག་ཆེན་པོ་རེད་ལ། གྲོས་ཚོགས་གཉིས་ཀྱིས་བར་ལོག་ལ་འགྲེལ་བ་ཤུགས་ཆེན་ཆགས་ཡོང་ན། ང་ཚོ་ལ་ཁེ་ཕན་ཆེན་པོ་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་སོང་།

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།



བརྗོད་གཞི་གཞན་ཁག་ལ་གཟིགས།