རྒྱ་གར་སྨན་ཞབས་ལྷན་ཚོགས་ལ་དེབ་སྐྱེལ་གྱི་ཆོག་མཆན་གནང་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༨།༢༤ཉིན་སྤེལ། འདི་གར་འབྱོར་བའི་གནས་ཚུལ་ལྟར་ན། རྒྱ་གར་སྨན་ཞབས་ལྷན་ཚོགས་ Indian Nursing Council ནས་ངོས་ལེན་ཡོད་པའི་བསྟི་གནས་ཁང་ཇི་འདྲ་ཞིག་ནས་སྨན་ཞབས་ལག་འཁྱེར་ཐོབ་པའི་ བོད་མི་སུ་ཡིན་རུང་། སྨན་ཞབས་པ་སྤྱི་མཚུངས་ལྟར་དེབ་སྐྱེལ་ཆོག་རྒྱུ་ཡིན། ཞེས་གསལ་པོ་འཁོད་འདུག་ཅེས་འཁོད་འདུག

དེ་ཡང་ཨུཏྟར་ཁཎྜ་མངའ་སྡེའི་ནང་གི་བོད་མི་སྨན་ཞབས་ལག་འཁྱེར་ཡོད་པ་ཁག་གཅིག་ལ་སྐྱེས་ཚེས་ལག་འཁྱེར་མེད་པར་བརྟེན། རྒྱ་གར་གཞུང་གི་སྨན་ཞབས་ལྷན་ཚོགས་ནས་དེབ་སྐྱེལ་ཆོག་མཆན་བཀའ་འཁྲོལ་མ་ཐོབ་ སྟབས། ལྡི་ལི་སྐུ་ཚབ་དོན་ཁང་གིས་ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༣ ཉིན་རྒྱ་གར་གཞུང་གི་འཕྲོད་བསྟེན་དང་ཁྱིམ་ཚང་བདེ་དོན་ལྷན་ཁང་ལ་ཞུ་སྙན་ཞིག་ཕུལ་བ་བརྒྱུད། བོད་མི་དེ་དག་ལ་སྨན་ཞབས་པ་སྤྱི་མཚུངས་ལྟར་རྒྱ་གར་སྨན་ཞབས་ལྷན་ཚོགས་ནས་དེབ་སྐྱེལ་ཆོག་མཆན་ཡོང་བའི་འབོད་སྐུལ་ཞུ་དོན་ལྟར།

ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༩ ཉིན་རྒྱ་གར་གཞུང་གི་འཕྲོད་བསྟེན་དང་ཁྱིམ་ཚང་བདེ་དོན་ལྷན་ཁང་ནས་ལྡི་ལི་སྐུ་ ཚབ་དོན་གཅོད་ཀྱི་མཚན་ཐོག་ལ་ཕུལ་བའི་ཡི་གེའི་ནང་། རྒྱ་གར་སྨན་ཞབས་ལྷན་ཚོགས་ Indian Nursing Council ནས་ངོས་ལེན་ཡོད་པའི་བསྟི་གནས་ཁང་ཇི་འདྲ་ཞིག་ནས་སྨན་ཞབས་ལག་འཁྱེར་ཐོབ་པའི་ བོད་མི་སུ་ཡིན་རུང་། སྨན་ཞབས་པ་སྤྱི་མཚུངས་ལྟར་དེབ་སྐྱེལ་ཆོག་རྒྱུ་ཡིན། ཞེས་གསལ་པོ་འཁོད་འདུག

དེ་མིན་རྒྱ་གར་འཕྲོད་བསྟེན་དང་ཁྱིམ་ཚང་བདེ་དོན་ལྷན་ཁང་གི་དྲུང་ཆེ་སྐུ་ཞབས་སི་ཀེ་མི་ཤྲ་ Shri C K Mishra ལགས་ཀྱིས་ཡི་གེ་དེའི་ནང་འཁོད་དོན། རྒྱ་གར་སྨན་ཞབས་ལྷན་ཚོགས་ཀྱིས་གནད་དོན་འདིའི་ཐོག་གོ་བསྡུར་སྦྱངས་བཤད་བྱས་འབྲས་སུ། བོད་མི་སུ་འདྲ་ཞིག་ཡིན་ནའང་། རྒྱ་གར་སྨན་ཞབས་ལྷན་ཚོགས་ཀྱིས་ངོས་ལེན་ཡོད་པའི་བསྟི་གནས་ཁང་ཇི་འདྲ་ཞིག་ནས་སྨན་ཞབས་སློབ་སྦྱོང་ཐོན་ཚེ་རྒྱ་གར་སྨན་ཞབས་ལྷན་ཚོགས་ནས་དེབ་སྐྱེལ་ཆོག་པའི་ ཆོག་མཆན་གནང་རྒྱུ་རེད་ཅེས་འཁོད་འདུག

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།