སྐྱབས་བཅོལ་བའི་རུ་ཁག་ཨོ་རྩེད་ཐོག་ཞུགས་པ་ཐོག་མ་ཆགས་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༠༨།༠༩ཉིན་སྤེལ། རྒྱལ་སྤྱིའི་ཨོ་རྩེད་འགྲན་ཚོགས་སྟེང་འཛམ་གླིང་སྐྱབས་བཅོལ་བའི་འཐུས་ཚབ་རྩེད་འགྲན་རའོ་རུ་ཁག་མཉམ་ཞུགས་བྱས་པ་ཐོག་མ་དེ་ཆགས་ཡོད་པས་རྒྱལ་སྤྱིའི་ཐོག་དྲང་བདེན་ལ་དགའ་བ་རྣམས་ཀྱིས་དགའ་བསུ་ཆེན་པོ་བྱེད་ཀྱི་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༥ ཉིན་ནས་ ༢༡ བར་ཡུ་རོབ་བྷར་རྫིལ་ (Brazil) གྲོང་ཁྱེར་རེའོ་ (Rio) ཨོ་རྩེད་འགྲན་ཚོགས་འཚོགས་བཞིན་ཡོད་པ་དང་། སྔོན་ཆད་ཀྱི་ཨོ་རྩེད་འགྲན་ཚོགས་རྣམས་དང་མ་འདྲ་བར། ད་ལོའི་རྩེད་འགྲན་ནང་དུ་དམིགས་གསལ་གྱིས་གཞུང་འབྲེལ་མིན་པའི་རྩེད་འགྲན་རུ་ཁག་གཉིས་དང་དེ་བས་ཀྱང་དམིགས་བསལ་འཛམ་གླིང་སྐྱབས་བཅོལ་བའི་འཐུས་ཚབ་རྩེད་འགྲན་རའོ་རུ་ཁག་གཅིག་བཅས་མཉམ་ཞུགས་བྱས་ཡོད་འདུག

ད་ལན་གྱི་རྩེད་འགྲན་ནང་དུ། འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་ ༢༠༥ ཡི་ཁྱོན་རྩེད་འགྲན་པ་ ༡༡༡༧༨ དང་རྩེད་མོའི་རྣམ་གྲངས་ ༣༠༦ ཡོད་པ་དང་། རྒྱལ་སྤྱིའི་ཨོ་རྩེད་འགྲན་ཚོགས་སྟེང་འཛམ་གླིང་སྐྱབས་བཅོལ་བའི་འཐུས་ཚབ་རྩེད་འགྲན་རུ་ཁག་མཉམ་ཞུགས་བྱས་པ་ཐོག་མ་དེ་ཆགས་ཡོད་པས་རྒྱལ་སྤྱིའི་ཐོག་དགའ་བསུ་ཆེན་པོ་བྱེད་ཀྱི་ཡོད་འདུག

ད་ལན་གྱི་རེའོ་ཨོ་རྩེད་འགྲན་ཚོགས་ཀྱི་འགྲན་སྡུར་རེའུ་མིག་ནང་དུ་འཁོད་པ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་གྱི་ས་གནས་ཀྱི་ཆུ་ཚོད་ ༢།༣༠ ཡས་མས་སུ། བོད་རིགས་འདུར་རྒྱུག་ལུས་རྩལ་བ་ཆོས་དབྱངས་སྐྱིད་ལགས་བུད་མེད་ཀྱི་སྤྱི་ལེ་ ༢༠ ཡི་འདུར་རྒྱུག་འགྲན་སྡུར་ནང་ཞུགས་རྒྱུ་དང་། བོད་རིགས་རྒྱང་རྒྱུག་ལུས་རྩལ་བ་སྟོབས་རྒྱས་ལགས་ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་ས་གནས་ཀྱི་ཕྱི་དྲོའི་ཆུ་ཚོད་ ༦།༣༥ ཐོག་སྐྱེས་པའི་རྨིད་ ༥༠༠༠ གི་རྒྱང་རྒྱུག་ནང་ཞུགས་རྒྱུ་དང་། ཕྱི་ཚེས་ ༢༡ ཉིན་ས་གནས་ཀྱི་སྔ་དྲོའི་ཆུ་ཚོད་ ༦ པ་ཐོག་རྟིང་རྩོད་འགྲན་སྡུར་ནང་ཞུགས་རྒྱུ་ཡིན་འདུག་པ་བཅས།།

གསར་འགོད་པ།  ཆོས་ཉིད

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།