བོད་མི་གཉིས་ད་ལོའི་ཨོ་རྩལ་འགྲན་ཚོགས་སུ་ཞུགས་རྒྱུ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༠༧།༢༠ཉིན་སྤེལ། བོད་ཀྱི་ན་གཞོན་སྟོབས་རྒྱས་དང་། བུད་མེད་ཆོས་དབྱིངས་སྐྱིད་གཉིས་ལི་གཡོད་གྲོང་ཁྱེར་དུ་བསྐྱོད་ནས་ཨོ་རྩལ་འགྲན་ཚོགས་ནང་ཞུགས་པའི་སྐལ་བ་ལྡན་འདུག

དེ་ཡང་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་འདིའི་ཚེ་༡༨ཉིན་ལི་གཡོད་ཨོ་རྩལ་འགྲན་ཚོགས་ལ་ཞུགས་པའི་ཀྲུང་གོའི་ལུས་རྩལ་འཐུས་ཚབ་ཚོགས་པ་དབུ་བརྙེས་པའི་སྐུལ་སློང་ཚོགས་ཆེན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་འཚོགས་ཡོད་པ་དང་། ལི་གཡོད་ཨོ་རྩལ་འགྲན་ཚོགས་ནང་ཞུགས་མཁན་གྱི་ཚོགས་མི་གཏན་འཁེལ་བྱས་འདུག མཚོ་སྔོན་ཞིང་ཆེན་གྱི་འགྲོས་རྩལ་ལུས་རྩལ་པ་ཆོས་དབྱིངས་སྐྱིད་དང་བོད་ལྗོངས་ཀྱི་མིང་དུ་གྲགས་པའི་འབྲིང་རྒྱང་རྒྱུག་ལུས་རྩལ་པ་སྟོབས་རྒྱས་གཉིས་འཐུས་ཚབ་ཚོགས་པའི་མིང་ཐོའི་ནང་བདམས་ཐོན་བྱུང་བས། པར་ཙིར་རྒྱལ་ཁབ་ཀྱི་ལི་གཡོད་གྲོང་ཁྱེར་དུ་བསྐྱོད་ནས་ཨོ་རྩལ་འགྲན་ཚོགས་ནང་ཞུགས་པའི་སྐལ་བ་ལྡན་འདུག
 
ཀྲུང་གོ་བའི་ལུས་རྩལ་འཐུས་ཚབ་ཚོགས་པའི་མི་གྲངས་ཁྱོན་བསྡོམས་༧alt༡༡ཡོད་པ་དང་། དེའི་ནང་ལུས་རྩལ་པ་༤༡༦པའི་ནང་སྐྱེས་མ་༢༥༦དང་སྐྱེས་པ་༡༦༠ཡོད་པ་རེད་འདུག ལུས་རྩལ་པའི་ཆ་སྙོམས་ལོ་ཚད་ནི་༢༤ཡིན་པ་དང་། དེ་དག་གི་ནང་ལོ་ཆུང་ཤོས་ནི་༡༤དང་ཆེ་ཤོས་ལོ་༣༩ཡིན་འདུག  ཆོས་དབྱིངས་སྐྱིད་ནི་རང་རྒྱལ་གྱི་ཨོ་རྩལ་འགྲན་ཚོགས་ཐོག་གཟེངས་བསྟོད་རྟགས་མ་ཐོབ་པའི་བོད་ཀྱི་བུད་མེད་ལུས་རྩལ་པ་ཐོག་མ་དེ་ཡིན་ཞིང་། ཁོ་མོ་༢༠༡༠ལོའི་ཟླ་༧པར་ཀྲུང་གོ་བའི་མཆོང་རྒྱུག་འཕེན་གསུམ་རུ་ཁག་ཏུ་བདམས་ཐོན་བྱུང་རྗེས། ལོན་ཏོན་ཨོ་རྩལ་འགྲན་ཚོགས་སྐབས་༣༠པའི་སྐྱེས་མའི་སྤྱི་ལེ་༢༠ཡི་འགྲོས་རྩལ་འགྲན་བསྡུར་ནང་ཟངས་ཀྱི་གཟེངས་རྟགས་བླངས་ཤིང་། རྗེས་སུ་རིམ་གསབ་བྱས་ཏེ་དངུལ་གྱི་གཟེངས་རྟགས་ཐོབ་པ་མ་ཟད། ཨེ་ཤ་ཡའི་ཟིན་ཐོ་གསར་པ་བཏོད་པ་སོགས་ཀྱི་ཕུལ་བྱུང་གྲུབ་འབྲས་སྣ་མང་ཡང་ཐོབ་མྱོང་།ཉེ་བའི་ལོ་གཉིས་ཀྱི་རིང་ལ། ཁོ་མོས་རང་ཉིད་ཀྱི་རྩལ་འགྲན་བྱས་ཚུལ་བཟང་པོ་རྒྱུན་འཁྱོངས་བྱས་ཏེ་༢༠༡༥ལོའི་སི་ཕན་རྒྱལ་ཁབ་ཀྱི་ལཱ་ཁོ་ལུའུ་ཉི་ཡ་རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་ལྷན་ཚོགས་ཀྱི་འགྲོས་རྩལ་འགྲན་སློང་འགྲན་བསྡུར་ནང་སྐྱེས་མའི་སྤྱི་ལེ་༢༠ཡི་འགྲན་བསྡུར་ནང་ཨང་གཉིས་པ་བླངས་པ་དང་། ཀྲུང་གོ་བའི་འགྲོས་རྩལ་ལེགས་སྐྱེས་འགྲན་བསྡུར་གྱི་སྐྱེས་མའི་སྤྱི་ལེ་༢༠ཡི་འགྲན་བསྡུར་ནང་ཨང་དང་པོ་བླངས་འདུགalt
 

སྟོབས་རྒྱས་ནི་༡༩༩༤ལོར་བོད་ཀྱི་རྒྱལ་ས་ལྷ་ས་གྲོང་ཁྱེར་སྟག་རྩེ་རྫོང་དུ་སྐྱེས་ཤིང་། ༢༠༡༡ལོ་ནས་བཟུང་ལག་ལེན་བསྟར་འགོ་བརྩམས་པའི་མཆོང་རྒྱུག་འཕེན་གསུམ་གྱི་ཡུན་རིང་ཐུབ་པའི་ལུས་རྩལ་རྣམ་གྲངས་ཀྱི་མཐོ་སྒང་འཇོན་ཐང་ཅན་གསར་གཏོད་འཆར་འགོད་གསོ་སྐྱོང་བྱས་པའི་ཕུལ་བྱུང་ལུས་རྩལ་པ་ཡིན་པ་དང་། ད་སྐབས་རྒྱ་ནག་གི་ཕུལ་བྱུང་ལུས་རྩལ་པར་གྱུར་ཡོད། ༢༠༡༢ལོ་ནས་བཟུང་རྒྱལ་ནང་དང་རྒྱལ་སྤྱིའི་རིམ་པ་ཁག་དང་རྣམ་གྲངས་ཁག་གི་འགྲན་བསྡུར་ནང་གོམས་སྦྱོང་བརྡར་གསུམ་ཐེངས་མང་བྱས་པ་བརྒྱུད། སྟོབས་རྒྱས་ཀྱི་ལུས་རྩལ་ཆུ་ཚད་མཐོ་རུ་མགྱོགས་མྱུར་ཕྱིན་ནས་འགྲན་བསྡུར་མང་པོའི་ནང་ཨང་དང་པོའི་གཟེངས་རྟགས་ཐོབ་པ་རེད།

གསར་འགོད་པ། ཟླ་བ་ཕུར་བུ། 

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།