རྒྱ་གར་རྩོམ་པ་པོས་ྋགོང་ས་མཆོག་ལ་མཇལ་བཅར་ཞུས་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༠༧།༡༣ཉིན་སྤེལ། སྔོན་ཆད་བརྩམས་པའི་ཧི་མ་ལའི་སྒང་གི་དར་དམར་ཞེས་པའི་དེབ་ཀྱི་རྩོམ་པ་པོས་༧གོང་ས་མཆོག་ལ་མཇལ་ཁ་ཞུས་ཏེ། དེབ་དེར་ཁ་སྣོན་གྱིས་བསྐྱར་དཔར་བྱེད་ཀྱི་ཡོད་པར་ཆེད་བརྗོད་གསོལ་སྩལ་ཡོང་བའི་གསོལ་འདེབས་ཞུས་འདུག

གོང་ཚེས་ཉིན་དབུས་སྒྲིག་འཛུགས་དྲ་བར་འཁོད་པར་གཞིགས་ན། འདི་ཟླའི་ཕྱི་ཚེས་༡༢ཉིན་རྒྱ་གར་གྱི་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཤན་ཏ་ཀུ་མར་མཆོག་ནས་༧གོང་ས་མཆོག་ལ་མཇལ་བཅར་ཞུས་ཏེ། ༡༩༦༥ལོར་པར་བསྐྲུན་བྱས་པའི་ཁོང་གི་ཕྱག་དེབ་ ( Red flag over the Himalaya )ཞེས་པ་དེར་དོན་གནད་གལ་ཆེ་ཁག་བསྣན་ནས་དཔར་བསྐྲུན་བྱེད་ཀྱི་ཡིན་པར། དཔེ་དེབ་དེར་ཆེད་བརྗོད་ཅིག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་གསོལ་བསྩལ་ཡོང་བ་དང་། ལྷག་པར་འབྱུང་འགྱུར་དཔེ་དེབ་དེ་བཞིན་ཞལ་ཕྱེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་གནང་སྐྱོང་ཡོང་བའི་གསོལ་འདེབས་ཞུས་ཡོད་འདུག

གཞན་ཡང་བོད་ཀྱི་རྩ་དོན་ཐོག་རྒྱ་གར་གྲོས་ཚོགས་དང་སྤྱི་ཡོངས་ནས་འགན་འཁུར་གང་ཙམ་བཞེས་དགོས་པ་བཅས་ཀྱི་བཀའ་བསྡུར་གནང་། དེ་རྗེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གྲོས་ཚོགས་སུ་གཟིགས་སྐོར་དང་། བཀའ་བསྡུར་སླད་འཁྱུག་ཙམ་གདན་ཞུས་ལྟར་སྔ་དྲོ་ཆུ་ཚོད་ ༡༠།༢༠ ཐོག་སྤྱི་ལྷན་དུ་ཕེབས་ཏེ་སྤྱི་ལྷན་ཚོགས་གཙོ་དང་ཚོགས་གཞོན་རྣམ་གཉིས་ནས་སྣེ་ལེན་དང་སྦྲགས་མཇལ་འཕྲད་ཞུས་ཏེ་རིང་མིན་རྒྱ་གར་གྱི་གྲོས་ཚོགས་བསྐྱང་རྒྱུའི་སྐབས་འཐུས་མི་རྣམ་པར་འབྲེལ་ལམ་ཞུ་ཕྱོགས་སྐོར་ལའང་བཀའ་བསྡུར་གནང་ཡོད་འདུག

ཁོང་ནི་རྒྱ་གར་དབུས་ཀྱི་བློན་ཆེན་ཟུར་པ་དང་། ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ། རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་དང་། རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་བཅས་ཡིན་འདུག


གསར་འགོད་པ།  ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།