དབྱིན་རྒྱལ་ཁབ་ཀྱི་སློབ་མས་འཁྲུངས་སྐར་སྲུང་བརྩི་ཞུས་འདུག

 པར་འདེབས།

༢༠༡༦།༠༧།༠༧ཉིན་སྤེལ། དབྱིན་ཡུལ་རང་སྐྱོང་ས་ཁུལ་ལྦི་སི་རྒྱལ་ས་ཁ་སྒྲིབ་ནང་གི་དབྱིན་ཇིའི་སློབ་མ་ཁ་ཤས་ཀྱིས་༧ གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས་འདུག 

altདེ་ཡང་འདི་ག་གསར་ཁང་དུ་གནས་ཚུལ་འབྱོར་བུར་གཞིགས་ན། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་གྱ་གཅིག་པ་ནི། ཟླ་འདིའི་ཕྱི་ཚེས་༠༦ཉིན་ལ་བཙན་བྱོལ་དབུས་གཞུང་གཙོས་བོད་མི་ཡོད་པའི་རྒྱལ་ཁབ་གང་སར་སྲུང་བརྩི་ཞུས་ཡོད་ཅིང་། དེ་བཞིན་དབྱིན་ཡུལ་རང་སྐྱོང་ས་ཁུལ་ལྦི་སི་རྒྱལ་ས་ཁ་སྒྲིབ་ནང་གི་དབྱིན་ཇིའི་སློབ་མ་ཁ་ཤས་ཀྱིས་༧ གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས་འདུག      

གོང་ཚེས་ཉིན་སུད་སི་གནས་སྡོད་ཡེ་ཤེས་ལགས་ཀྱིས་འདི་ག་གསར་ཁང་དུ་གནས་ཚུལ་བརྗོད་དོན། ཕྱི་ཚེས་༠༦ཉིན་དབྱིན་ཡུལ་རང་སྐྱོང་ས་ཁུལ་ལྦི་སི་རྒྱལ་ས་ཁ་སྒྲིབ་ནང་༧ གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས་འདུག་པ་དང་། དབྱིན་ཡུལ་གནས་བཞུགས་བླ་མ་བློ་བཟང་ལགས་ནས་ལོ་མང་རིང་whitchurch primary school སློབ་ཕྲུག་༧༠༠ ཡོད་པའི་སློབ་གྲྭ་འདིའི་རིག་གཞུང་མཚན་པའི་ནང་ལོ་ལྟར་ཟླ་བ་གསུམ་ཙམ་རིང་འཛིན་གྲྭ་རིམ་པའི་སློབ་ཕྲུག་རྣམས་ལ་བོད་ཀྱི་ཆོས་དང་རིག་གཞུང་། ༧གོང་ས་མཆོག་གི་མཛད་རྣམ་ངོ་སྤྲོད་དང་བོད་མཐོ་སྒང་གི་མིས་འཚོ་བ་བསྐྱལ་སྟངས། སྒོམ་ཀྱི་སྐོར་སློབ་སྟོན་བྱས་པས་སློབ་ཕྲུག་དང་དགེ་རྒན། ཕ་མ་ཚོས་དགའ་མོས་ཆེན་པོ་བྱེད་བཞིན་པ་altམ་ཟད། སློབ་གྲྭ་འདིའི་ནང་དུ༧གོང་ས་མཆོག་དགུང་གྲངས་གྱ་གཅིག་ལ་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་འདུག

གཞན་ཡང་། བླ་མ་བློ་བཟང་ལགས་ཀྱིས་གསུངས་དོན། སྐལ་བཟང་གི་གོ་སྐབས་འདི་ཐོབ་པ་ནི་རྒྱུན་དུ་ནས་༧གོང་ས་མཆོག་གིས་བཀའ་སློབ་ལམ་སྟོན་གནང་བ་ལྟར་འཛམ་གླིང་མི་དམངས་དང་ལྷག་པར་སློབ་གྲྭ་འདིའི་སློབ་ཕྲུག་རྣམས་ཀྱི་སེམས་ནང་ཧ་ཅང་དགའ་མོས་ཆེན་པོའི་ངང་གུས་བརྩི་ཆེན་པོ་བྱེད་ཀྱི་ཡོད་པའི་ཚོར་སྣང་ཞིག་སྐྱེས་བྱུང་། གང་ཡིན་ཟེར་ན་ཆབ་སྲིད་ཀྱི་ཐད་ནས་བཤད་ན་རྒྱ་ནག་གཞུང་གིས་གནོན་ཤུགས་ཆེན་པོ་སྤྲད་ཀྱི་ཡོད་ཀྱང་མི་དམངས་དང་སློབ་ཕྲུག་ཚོའི་ངོས་ནས་༧གོང་ས་མཆོག་ལ་རྒྱུན་དུ་ནས་དད་གུས་ཧ་ཅང་ཆེན་པོ་བྱེད་བཞིན་ཡོད། ཅེས་གསུང་བ་མ་ཟད།

ད་དུང་ཁོང་གིས་མུ་མཐུད་ནས་གསུངས་དོན། ང་ཚོ་བོད་མི་ཚོས་ངེས་པར་དུ་ནོར་བུ་རང་ལ་ཡོད་དུས་ནོར་བུའི་ནོར་ཉམས་མ་ཤོར་བ་བྱེད་དགོས་པ་ཧ་ཅང་གལ་ཆེན་པོར་མཐོང་སོང་བར་ལམ་སྟོན་གནང་འདུག་པ་བཅས།།

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།



བརྗོད་གཞི་གཞན་ཁག་ལ་གཟིགས།