རྒྱལ་སྤྱི་བོད་རིག་པའི་ཞིབ་འཇུག་ཚོགས་ཆེན་ཐེངས་༡༤སྐོང་ཚོཊ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༠༦།༢༡ཉིན་སྤེལ། རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་ཆེན་ཐེངས་༡༤པ་ནོར་ཝེལ་རྒྱལ་ཁབ་ཀྱི་གྲོང་ཁྱེར་བེན་གྷན་དུ་སྐོང་ཚོགས་གནང་བ།


རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་ཆེན་ཐེངས་༡༤པ་ཟླ་འདིའི་ཚེས་༢༠ཉེན་ནོར་ཝེལ་དུ་བརྟེན་གཞི་བྱས་པའི་བེན་གྷན་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་དངོས་སུ་སྐོང་འཚོགས་གནང་ཡོད་པ་དང་། ཚོགས་འདུར་ཕེབས་གནང་མཁན་བོད་ནང་ནས་ལོ་རྒྱུས་སྨྲ་བ་རྒྱལ་མོ་འབྲུག་པ་དང་། ཚེ་རིང་ཐར། སྐ་བ་ཤེས་རབ་བཟང་པོ་སོགས་ཕེབས་ཡོད་པ་དང་། བཙན་བྱོལ་ནས་མཁས་དབང་ཇོ་སྲས་བཀྲ་ཤིས་ཚེ་རིང་དང་། དགེ་བཤེས་བློ་བཟང་སྨོན་ལམ།  དགེ་འདུན་རབ་གསལ། བེ་རི་འཇིགས་མེད་དབང་རྒྱལ་སོགས་ཁྱོན་མི་གྲངས་༥༠༠མ་ཟིན་ཙམ་མཉམ་འཛོམས་གནང་ཡོད་པ་རེད་འདུགalt

ཡོ་རོབ་བོད་གནས་དྲ་བའི་སྟེང་གནས་ཚུལ་འཁོད་པར་གཞིགས་ན། ཚོགས་འདུ་དབུ་འཛུགས་སྐབས་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་ཆེན་ཐེངས་༡༤པ་གོ་སྒྲིག་གནང་མཁན་ལྕམ་ཧ་ན་དང་། བེན་གྷན་གཙུག་ལག་སློབ་ཆེན། ཨོ་སོ་ལོ་གཙུག་ལག་སློབ་ཆེན་གྱི་སྐུ་ཚབ། རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་གྱི་ཚོགས་གཙོ་མཁས་དབང་ཤཀྱ་ཚེ་རིང་ལགས་བཅས་ཀྱིས་དགའ་བསུའི་གསུང་བཤད་གནང་ཡོད་པ་དང་། དེ་རྗེས་ཚོགས་འདུ་རྒྱས་འཛོམས་ཀྱི་ཚོགས་ཐུན་དང་པོའི་ཐོག་བོད་རིག་པའི་ཞིབ་འཇུག་ཁྱབ་ཁོངས་སུ་གྲུབ་འབྲས་མངོན་གསལ་ལེན་བཞིན་པའི་བུད་མེད་ཞིབ་འཇུག་པ་ས་རཱ་ལགས་ཀྱིས་བོད་རིག་པའི་ཞིབ་འཇུག་དང་གླེང་མོལ་གྱི་སྒྱུ་རྩལ་ཞེས་པའི་གསུང་བཤད་གནང་བ་དང་། དབྱིན་ཡུལ་ཨོག་སེ་ཧྥོར་ཌི་གཙུག་ལག་སློབ་གྲྭའི་བླ་མ་སྐྱབས་ལགས་ཀྱིས་སྐད་ཡིག་སྲོག་སྙིང་དུ་བཟུང་ནས་ཤེས་བྱ་མ་བཤད་པ་དག་བཤད་པ་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་རྗེས་མཇུག་ཏུ་བོད་ཀྱི་གཞས་མ་རྣམ་རྒྱལ་ལྷ་མོས་གླུ་གཞས་གཟིགས་འབུལ་ཞུས་རྗེས་ཉིན་དང་པོའི་ལས་རིམ་མཇུག་བསྒྲིལ་ཡོད་པ་རེད་ཅེས་འཁོད་འདུག

གསར་འགོད་པ། ཟླ་བ་པུར་བུ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།