རྒྱ་ནག་གཞུང་ཚབ་པས་བོད་ལ་རང་དབང་ཐོབ་ཀྱི་མིན་ལུཊ་བཤད་འདུག

 པར་འདེབས།

༢༠༡༦།༠༥།༢༠ཉིན་སྤེལ། ཨིན་ཇིར་བཅའ་སྡོད་རྒྱ་ནག་གཞུང་ཚབ་པ་ལེའུ་ཞའོ་མིན་ Liu xiaomingགིྱས་བོད་ལ་རང་དབང་ཐོབ་སྲིད་ཀྱི་མ་རེད་ཅེས་བརྗོད་འདུག

དེ་ཡང་ཟླ་འདིའི་ཚེས་༡༧ཉིན་ཨིན་ལན་དུ་ཡོད་པའི་ བྷ་ཐི་རོ་ཡོལ་Bath Royalརིག་གནས་དང་ཚན་རིག་སློབ་ཁང་ཚོགས་པའི་གོ་སྒྲིག་འོག་༼རྒྱ་ནག་པའི་མིག་ནང་གི་འཛམ་གླིང་༽ཞེས་པའི་བགློ་གླེང་གཏམ་བཤད་ཐོག་ཨེན་ཇིར་བཅའ་སྡོད་རྒྱ་ནག་གཞུང་ཚབ་པ་ལེའུ་ཞའོ་མིན་གདན་ཞུ་གནང་ཡོད་འདུག

ལེའུ་ཞའོ་མིན་གྱིས་གཏམ་བཤད་བྱེད་སྐབས། མིང་ལ་ཤེས་རབ་རྒྱལ་མཚན་ཟེར་བའི་བོད་པ་ཞིག་གིས་ད་ལྟ་བོད་ནང་རང་ལུས་མེར་བསྲེགས་དང་།  གར་སོང་ཆ་མེད་དུ་གྱུར་བའི་༧པཎ་ཆེན་བླ་མ། བོད་རང་བཙན་བཅས་ཀྱི་སྐོར་ལ་སྐད་ཆ་དྲིས་པར་ལིའུ་ཞའོ་མིན་གྱིས་བརྗོད་དོན། ༧པཎ་ཆེན་བླ་མ་ནི་ཁྱེད་རང་ཚོས་བཤད་པ་ལྟར་མ་ཡིན་པར་སྤྱིར་བཏང་གི་བོད་མི་དཀྱུས་མ་ཞིག་རེད་ཅེས་དང་། ད་ཆ་བོད་ནང་བོད་མི་ས་ཡ་གསུམ་ཡོད་པ་དང་། དེ་དག་ཚང་མ་རང་དབང་དང་། མི་ཚེ་རིང་པོ། སྐྱིད་པོ་བཅས་ཡོད་ལུགས་བརྗོད་འདུག དེ་རྗེས་ཤེས་རབ་རྒྱལ་མཚན་གྱིས་ཁྱེད་ཀྱིས་བཤད་པ་ལྟར་ངའི་ནང་མི་ཚང་མ་དེ་ལྟར་རེད་མི་འདུག་ཅེས་བརྗོད་སྐབས་ལེའུ་ཞའོ་མིང་གིས་ཡ་ལན་བྱས་མི་འདུགalt

གཏམ་བཤད་མ་བྱས་སྔོན་ལམ་འགྲམ་དང་ཁྲོམ་གཞུང་དུ་ཕྱི་རྒྱལ་བོད་དོན་རྒྱབ་སྐྱོར་བ་དང་། བོད་མི་ཁག་ཅིག་བཅས་ཀྱིས་ཞི་རྒོལ་བྱེད་སྐབས་བོད་ཀྱི་རྒྱལ་དར་བྷ་ཐི་རོ་ཡོལ་རིག་གནས་དང་ཚན་རིག་སློབ་ཁང་གི་ཚོགས་མིས་ཁྱེར་ཕྱིན་ཡོད་འདུག་པར་བརྟེན་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་Alistair Currieབརྗོད་དོན། འདི་ནི་ཨིན་ལན་གྱི་ས་ཆ་ཡིན་པ་ལས་རྒྱ་ནག་གི་ས་ཆ་མིན་པས་ཞི་རྒོལ་བའི་རྒྱལ་དར་ཁྱེར་ཕྱིན་པ་དེ་ནི་ལུགས་མཐུན་རྩ་བ་ནས་མ་རེད་ཅེས་བརྗོད་འདུག

གསར་འགོད་པ། ཟླ་བ་ཕུར་བུ་དང་། Shalkie

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།



བརྗོད་གཞི་གཞན་ཁག་ལ་གཟིགས།