ཨེ་ལྗིབ་ཀྱི་གནམ་གྲུ་ཞིག་གར་སོང་ཆ་མེད་དུ་གྱུར་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༠༥།༡༩ཉིན་སྤེལ། ཨེ་ལྗིབ་ཀྱི་གནམ་གྲུ་ཨང་རྟགས་(MS804)བྱས་པ་ཞིག་དེ་རིང་ཞོགས་པ་རྒྱ་གར་གྱི་ཆུ་ཚོད་༥།༣༠ཡས་མས་སུ་གར་སོང་ཆ་མེད་དུ་གྱུར་འདུག

དེ་ཡང་ཧྥ་རན་སིའི་རྒྱལ་ས་པེ་རི་སི་ནས་(Paris)ནས་ཨེ་ལྗིབ་གྱི་རྒྱལ་ས་ཁཱེའེ་རའོ(cairo)བར་འཕུར་སྐྱོད་བྱེད་མཁན་གྱི་ཨེ་ལྗིབ་གནམ་གྲུབ་ཨང་རྟགས་(MS804)བྱས་པ་ཞིག་དེ་རིང་ཞོགས་པ་རྒྱ་གར་གྱི་ཆུ་ཚོད་༥།༣༠ཡས་མས་སུ་གར་སོང་ཆ་མེད་དུ་གྱུར་འདུག

altདེ་ཡང་སྦི་སྦི་སིའི་བརྒྱུད་ལམ་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། དེ་རིང་ཞོགས་པ་ཨེ་ལྗིབ་རྟགས་ཅན་གྱི་(Egyptair)གནམ་གྲུ་ཨང་རྟགས་(MS804)བྱས་པ་ཞིག་ཧྥ་རན་གྱི་རྒྱལ་ས་པེ་རི་སི་ནས་ཨེ་ལྗིབ་ཀྱི་རྒྱལ་ས་ཁཱེའེ་རའོ་བར་འཕུར་སྐྱོད་བྱེད་སྐབས་ཡོ་རོབ་རྒྱ་མཚོ་མེ་ཊི་ཁྲོར་རི་ཎིཨན་(Mediterranean)ཐོག་སླེབས་སྐབས་གློ་བུར་དུ་གར་སོང་ཆ་མེད་དུ་གྱུར་འདུག་ཅེས་དང།

གནམ་གྲུའི་ནང་ཞབས་ཞུ་བ་མི་༧དང་།  ཨེ་ལྗིབ་ཀྱི་མི་༣༠། ཧྥ་རན་སི་ཡི་མི་༡༥།  ཨི་རག་མི་༢། དེ་བཞིན་ཨིང་ལན་ཊི་དང་། ཁ་ན་ཊ། བྷེལ་ལྗམ། ཁུ་ཝཊི། སཱའོ་དྷི་ཨེ་རཱ་བྷ། སུ་ཊན། ཨེལ་ལྗི་རཱ། ཅཱ་ཌི། པོ་ཅུ་ཀཱ།་བཅས་གནམ་གྲུའི་ནང་འགྲུལ་པ་ཁྱོན་མི་གྲངས་༥༦ཡོད་འདུག

སྤྱིར་ཧྥ་རན་སིའི་རྒྱལ་ས་པེ་རི་སི་ནས་ཨི་ལྗིབ་གྱི་རྒྱལ་ས་ཁཱེའེ་རའོ་བར་ཆུ་ཚོད་གསུམ་དང་སྐར་བཅོ་ལྔའི་ནང་འབྱོར་གྱི་ཡོད་པ་རེད་འདུག གནམ་གྲུ་འདི་གཟའ་ལྷག་པའི་དགོང་མོ་ཧྥ་རན་སི་ཆུ་ཚོད་༡༡།༩ཡི་སྟེང་འཕུར་སྐྱོད་འགོ་འཛུགས་བྱས་ཡོད་པ་དང་འཕུར་སྐྱོད་བྱས་ཏེ་ཆུ་ཚོད་གཉིས་འགོར་རྗེས་གར་སོང་ཆ་མེད་དུ་གྱུར་ཡོད་འདུག

འོན་ཀྱང་ད་ལྟའི་ཆར་ཨེ་ལྗིབ་གནམ་གྲུའི་དོ་དམ་ལས་ཁུངས་ཀྱིས་གནམ་གྲུའི་ཁ་ལོ་བར་འབྲེལ་བར་བྱས་ཀྱང་བྱེད་ཐུབ་ཀྱི་མེད་པར་བརྟེན།  ཨེ་ལྗིབ་དམག་མིས་མྱུར་འཚོལ་བྱེད་བཞིན་ཡོད་པ་རེད་འདུག

 གསར་འགོད་པ། ཚེ་རིང་མཚོ་མོ་དང་། ཟླ་བ་ཕུར་བུ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།