ཆབ་མདོ་སྟེང་ཆེན་རྫོང་གྭ་ཐ་ཡུལ་ཚོར་ས་ཡོམ་བརྒྱབ་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༠༥།༡༢ཉིན་སྤེལ། ཁ་སང་ཕྱི་ཚེས་༡༡ཉིན་གྱི་ཞོགས་པ་ཆུ་ཚོད་དགུ་དང་སྐར་མ་བཅོ་ལྔའི་ཐོག་ཆབ་མདོ་སྟེང་ཆེན་རྫོང་གྭ་ཐ་ཡུལ་ཚོར་ཚད་རིམ་༥།༥ཅན་གྱི་ས་ཡོམ་བྱུང་བ་དང་། དགོང་དྲོ་ཆུ་ཚོད་༥།༡གི་ཐོག་དཀར་མཛེས་ཁུལ་བྲག་མགོ་རྫོང་དང་ཛམ་ཐང་རྫོང་དུའང་ས་འགུལ་བྱུང་ཡོད་འདུག

བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཁ་སང་ཕྱི་ཚེས་༡༡ཉིན་གྱི་ཞོགས་པ་ཆུ་ཚོད་དགུ་དང་སྐར་མ་བཅོ་ལྔའི་ཐོག་ཆབ་མདོ་སྟེང་ཆེན་རྫོང་གྭ་ཐ་ཡུལ་ཚོར་ཚད་རིམ་༥།༥ཅན་གྱི་ས་ཡོམ་བྱུང་བ་དང་། སྟེང་ཆེན་རྫོང་གྭ་ཐ་དང་། གྭ་ངད། ཁྲི་རྡོ། བྷ་ཏ་སོགས་སུ་ཡོམ་ཚོར་དྲག་པོ་བྱུང་འདུག ས་ཡོམ་དེས་རྐྱེན་པས་ཟམ་པ་ཁ་ཤས་བརྡིབས་པ་དང་། གཞུང་ལམ་ལ་གཏོར་བརླག་ཐེབས་ཤིང་། གྭ་ཐ་ཡུལ་ཚོར་མི་༦༠ལྷག་ཙམ་ལ་རྨས་སྐྱོན་ཕོག་པ་དང་། དེའི་ཁྲོད་མི་༦ལ་གནོད་འཚེ་ཚབས་ཆེན་བྱུང་སྟེ་ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད་འདུགalt

རྒྱ་ནག་གི་ས་ཡོམ་འབྲེལ་མཐུད་ལྟེ་གནས་ཁང་གིས་ས་ཡོམ་དེ་ནི་བྱང་གི་འཕྲེད་ཐིག་ཏུའུ་༣༡.༩༩ ཤར་གྱི་གཞུང་ཐིག་ཏུའུ་༩༤.༩༤ ཡོད་པ་དང༌། ཡོམ་ཁུངས་ཀྱི་གཏིང་ཚད་ལ་སྟོང་རྨེད་༧ ཡིན་པར་འཁོད་འདུག

གཞན་ཡང་དགོང་དྲོ་ཆུ་ཚོད་ལྔ་དང་སྐར་མ་གཅིག་གི་ཐོག་དཀར་མཛེས་ཁུལ་བྲག་མགོ་རྫོང་གི་བྱང་གི་འཕྲེད་ཐིག་ཏུའུ་༣༡.༣༣ ཤར་གྱི་གཞུང་ཐིག་ཏུའུ་༡༠༠.༧༢ ཡོད་པ། ༣།༩ཅན་གྱི་ས་ཡོམ་བྱུང་བ་དང་། ཡོམ་ཁུངས་ཀྱི་གཏིང་ཚད་ལ་སྟོང་རྨེད་༡༨བརྒྱབ་ཡོད་པ་དང་།

ཛམ་ཐང་རྫོང་གི་བྱང་གི་འཕྲེད་ཐིག་ཏུའུ་༣༡.༩༤ཤར་གྱི་གཞུང་ཐིག་ཏུའུ་༡༠༡.༡༣ཡོད་པ། ༣།༩ཅན་གྱི་ས་ཡོམ་བྱུང་བ་དང་། ཡོམ་ཁུངས་ཀྱི་གཏིང་ཚད་ལ་སྟོང་རྨེད་༡༠ཡིན་པར་བཤད་འདུག

གསར་འགོད་པ། ཟླ་བ་ཕུར་བུ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།