ད་ལྟའི་རྒྱ་ནག་གི་གནས་སྟངས་དང་མ་འོངས་པའི་བོད་གླེང་བ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༠༥།༠༥ཉིན་སྤེལ། རྒྱ་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་འཐབ་རྩོད་པ་གྲགས་ཅན་ཐེན་བྷའོ་རྒྱ་གར་དུ་ཐེངས་དང་པོར་འབྱོར་བ་དང་སྟབས་བསྟུན་ཏེ་ད་ལྟའི་རྒྱ་ནག་གི་གནས་སྟངས་དང་། མ་འོངས་པའི་བོད་ཀྱི་སྐོར་ལ་གླེང་བ།


དེ་ཡང་གོང་ཚེས་ཉིན་གྱི་ཉིན་རྒྱབ་ཆུ་ཚོད་༢།༣༠ཐོག་དྷ་ས་ནོར་བུ་གསོལ་མགྲོན་ཁང་དུ་ད་ལྟའི་རྒྱ་ནག་གི་གནས་སྟངས་དང་། མ་འོངས་པའི་བོད་ཅེས་པའི་སྐོར་ལ་གཏམ་བཤད་ཅིག་གནང་སོང་། གཏམ་བཤད་གནང་མཁན་གཙོ་བོ་རྒྱ་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་འཐབ་རྩོད་པ་གྲགས་ཅན་ཐེན་བྷའོ་ལགས་ཀྱིས་གནང་སོང་། གཞན་ཡང་གཏམ་བཤད་ཐོག་མཉམ་ཞུགས་གནང་མཁན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་ཟུར་དང་། རྒྱུན་ལས། ད་ལྟའི་སྤྱི་འཐུས་ལས་ཐོག དྷ་སར་གནས་བཞུགས་ཕྱི་རྒྱལ་བ་དང་། རྒྱ་རིགས། བོད་རིaltགས་ཤེས་ཡོན་པ་ཁག་གཅིག་བཅས་མི་གྲངས་ལྔ་བཅུ་ཙམ་མཉམ་ཞུགས་གནང་ཡོད་པ་དང་། གཏམ་བཤད་དེ་ནི་བོད་ཀྱི་འགྲོ་མིའི་ཐོབ་ཐང་དང་རྒྱལ་སྤྱིའི་བོད་དོན་རྒྱབ་བསྐྱོར་ཚོགས་པ་གཉིས་ནས་གོ་སྒྲིག་གནང་བ་ཞིག་རེད་འདུག

གསར་འགོད་པས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་སུ་བཅར་འདྲི་བྱེད་སྐབས་ཁོ་མོས་གསུང་དོན། རྒྱ་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་འཐབ་རྩོད་པ་གྲགས་ཅན་འམ་ཁྲིམས་རྩོད་པ་ཐེན་བྷའོ་ལགས་ཐེངས་དང་པོར་རྒྱ་གར་ལ་འབྱོར་བའི་སྟབས་དང་བསྟུན་ནས་ང་ཚོ་ཚོགས་པ་གཉིས་ཀྱི་ངོས་ནས་ད་ལྟའི་རྒྱ་ནག་གི་གནས་སྟངས་དང་མ་འོངས་པའི་བོད་ཅེས་པའི་སྐོར་ལ་གཏམ་བཤད་དེ་གོ་སྒྲིག་ཞུ་རྒྱུའི་གོ་སྐབས་བྱུང་སོང་ཅེས་དང་།

ཐེངས་འདིའི་གཏམ་བཤད་ཐོག་ཐེན་བྷའོ་ཡིས་བརྗོད་དོན་གཙོ་བོའི་སྐོར་ལ་གསུང་དོན། ད་ལྟའི་ཆར་རྒྱ་ནག་ནང་འགྱུར་བ་གང་དང་གང་བྱུང་གི་ཡོད་མེད་དང་། རྣམ་པ་དེས་དམངས་གཙོར་རྒྱབ་སྐྱོར་བྱེད་མཁན་མང་དུ་འགྲོ་ཡི་ཡོད་པ་དང་། དེ་བཞིན་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་དམངས་གཙོར་གྱུར་བ་ཡིན་ན། མ་འོངས་པར་བོད་པའི་གནས་ཚུལ་ལ་འགྱུར་ལྡོག་གང་འདྲ་འགྲོ་ཡི་ཡོད་མེད་དེའི་ཐོག་འགྲེལ་བརྗོད་གནང་སོང་།

ལྡི་ལིའི་མཐོ་སློབ་ཏུ་སློབ་གཉེར་གནང་བཞིན་པའི་སློབ་མ་ཞིག་གིས་ཐེན་བྷའོ་ཡིས་བརྗོད་དོན་གཙོ་བོ་དོན་མཚན་གསུམ་ཀྱི་ཐོག་ནས་བརྗོད་དོན། ༡། ད་ལྟའི་ཆར་རྒྱ་ནག་ནང་བརྒྱུད་ལམ་ཁག་ལ་བཀག་སྡོམ་ཤུགས་ཆེན་ཡོད་ནའང་།  པོད་འཕྲིན་དང་གློག་འཕྲིན་ལ་སོགས་པ་བརྒྱུད་ནས་ཕན་ཚུན་འབྲེལ་བ་དམ་ཟབ་བཟོས་ཏེ་མི་མང་ནང་བསམ་བློ་བརྗེ་རེས་ཤུགས་ཆེ་རུ་འགྲོ་ཡི་ཡོད་པའི་སྐོར་དང་།

༢། རྒྱ་ནག་གཞུང་གིས་དཔལ་འབྱོར་ཡར་རྒྱས་འགྲོ་བའི་ཆེད་དུ་མི་སྒེར་སོ་སོར་དཔལ་འབྱོར་ཡར་རྒྱས་གཏོང་བའི་གོ་སྐབས་སྤྲད་ཡོད་པར་བརྟེན། མི་མང་པོར་ཕན་ཚུན་ཐུག་འཕྲད་བྱུང་སྟེ་བསམ་བློ་བརྗེ་ལེན་བྱེད་ཐུབ་པའི་གོ་སྐབས་དེ་ཐོབ་ཀྱི་ཡོད་པའི་སྐོར།

༣།  རྒྱ་ནག་གཞུང་དང་། མི་མང་གཉིས་བར་གྱི་བསམ་བློར་ཁྱད་པར་ཤུགས་ཆེན་འགྲོ་ཡི་ཡོད་པ་རེད། སྔོན་མ་ཡིན་ན་མའོ་ཡི་འོག་ཏུ་ཡོད་པའི་མི་མང་ཚོས་བློ་བརྟན་འགྱུར་མེད་ཀྱི་ཡིད་ཆེས་ཡོད་པ་དང་། ད་ཆ་མི་མང་ཚོས་གཞུང་ལ་བློ་བརྟན་འགྱུར་མེད་ཀྱི་ཡིད་ཆེས་ཉུང་དུ་འགྲོ་ཡི་ཡོད་པའི་སྐོར་ལ་གཏམ་བཤད་གནང་སོང་ཞེས་འགྲེལ་བརྗོད་གནང་སོང་།

གསར་འགོད་པ། ཟླ་བ་ཕུར་བུ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།