༧གོང་ས་མཆོག་དང་མཉམ་དུ་ཞི་བདེའི་སྣེ་ཁྲིད་པའི་ཉམ་མྱོང་བརྗེ་རེས།

 པར་འདེབས།

༢༠༡༦།༠༥།༠༣ཉིན་སྤེལ། ༧གོང་ས་མཆོག་དང་མཉམ་དུ་ན་གཞོན་ཞི་བདེའི་དབུ་ཁྲིད་པའི་དགོངས་ཚུལ་བརྗེ་ལེན་བགྲོ་གླེང་སྐོང་ཚོགས་གནང་སོང་།

 དེ་རིང་སྔ་དྲོ་ཚོུད་༩ཐོག  རྒྱ་གར་བྱང་ཕྱོགས་ངྷ་སར་ཡོད་པའི་བཞུགས་སྒར་ཕོ་བྲང་ནང་དུ། ༧གོང་ས་མཆོག་དང་མཉམ་དུ་ཨ་རིའི་ཞི་བདེའི་ལྟེ་གནས་ཀྱི་ན་གཞོན་ཞི་བདེའི་དབུ་ཁྲིད་པའི་དགོངས་ཚུལ་བརྗེ་རེས་བགྲོ་གླེང་སྐོང་ཚོགས་གནང་སོང་།

altདེ་ཡང་གོང་ཚེས་ཉིན་༧གོང་ས་མཆོག་དབུས། ༧གོང་ས་མཆོག་གིས་དམིགས་གསལ་སྐུ་མགྲོན་དུ་སྐད་བཏང་བའི་རྒྱ་གར་གྱི་ཁ་ཆེའི་མཁས་དབང་ཆབ་སྲིད་ཚན་རིག་པ་དང་གསར་འགོད་པ་(DR.SYED ZAFAR mAHMOOD)དང་རྒྱ་གར་གྱི་ཁ་ཆེའི་མཁས་དབང་དྲང་སྲོང་པ་(SHEIKHUL MASHEIKH DEWAN SYED ZALNUL ABEDIN ALI KHAN)རྣམ་པ་གཉིས་དང་། འཛམ་གླིང་གི་རྒྱལ་ཁབ་ཁག་༡༦ལྷག་ནས་ཕེབས་པའི་ཨ་རིའི་ཞི་བདེའི་ལྟེ་གནས་ཀྱི་ན་གཞོན་ཞི་བདེའི་དབུ་ཁྲིད་པ་རྣམས་དང་གསར་འགོད་པ་བཅས་མི་གྲངས་༥༠ལྷག་སྐབས་འདིའི་བགྲོ་གླེང་ཚོགས་འདུར་མཉམ་ཞུགས་གནང་སོང་།

གཞན་ཡང་། གཞོན་སྐྱེས་ཞི་བདེ་དབུ་ཁྲིད་པ་དེ་རྣམས་ནི་རྒྱལ་ཁབ་འདྲ་མིན་གྱི་ཞི་བདེའི་མགོ་ཁྲིད་ཡིན་པ་དང་། ཁོང་ཚོས་ཁྱབ་སྤེལ་བྱེད་བཞིན་པའི་ཞི་བདེའི་ཉམ་མྱོང་ནི་༧གོང་ས་མཆོག་དང་མཉམ་དུ་བསམ་ཚུལ་བརྗེ་རེས་དང་། ༧གོང་ས་མཆོག་གིས་ཞི་བདེ་དང་བྱམས་བརྩེའི་སྐོར་ལ་དམིགས་གསལ་བཀའ་སློབ་སྩལ་བ་རྨང་གཞིར་བཞག་སྟེ། ཞི་བདེ་སྣེ་ཁྲིད་པ་རྣམས་སོ་སོའི་ལུང་པའི་ནང་གི་སྤྱི་ཚོགས་དང་ཆོས་ལུགས་ཚོགས་པ་རྣམས་སུ་ཞི་བདེ་བསྐྲུན་པ་དང་། འགྲོ་བ་མིའི་ཐོབ་ཐང་གི་གཞི་རྩའི་ཐོག་འཚེ་མེད་ཞི་བདེ་ཡོང་བར་ལས་འཆར་ཁ་གསབ་དང་ཡར་རྒྱས་སུ་གཏོང་རྒྱུ་ཡིན་འདུག

སྐབས་འདི་བགྲོ་གླེང་ནང་ཐོག་མར་༧གོང་ས་མཆོག་གིས་འཛམ་གླིང་ཞི་བདེ་དང་འཚེ་བ་མེད་པའི་སྐོར་ལ་བཀའ་སློབ་ལམ་སྟོན་སྩལ་བ་དང་། དེའི་རྗེས་རྒྱལ་ཁབ་ཁག་༡༦ལྷག་ནས་ཕེབས་པའི་གཞོན་སྐྱེས་ཞི་བདེའི་དབུ་ཁྲིད་པ་རྣམས་དང་མཉམ་དུ་ཁོ་ཚོའི་ཉམས་མྱོང་བརྗེ་རེས་དང་དེའི་ཐོག་བགྲོ་གླེང་གནང་རྒྱུ་ཡིན་འདུག

གསར་འགོད་པས་བགྲོ་གླེང་འདིར་མཉམ་ཞུགས་གནང་མཁན་གྱི་གཞོན་སྐྱེས་དབུ་ཁྲིད་གཉིས་ལ་བཅར་འདྲི་ཞུས་དོན།

ཁྱོད་རང་བགྲོ་གླེང་འདིར་མཉམ་ཞུགས་གནང་ནས་ཚོར་བ་ག་འདྲ་ཞིག་སླེབས་སོང་། ངའི་མིང་ལ་མ་རེམ་Mariamཟེར་ཞིང་། ང་རང་ཁཻན་ཡ་ Kenyaནས་ཡོང་བ་ཡིན། ངྷ་སར་ཡོང་ནས་༧གོང་ས་མཆོག་ལ་མཇལ་བར་ཧ་ཅང་དགའ་བོ་བྱུང་། བགྲོ་གླེང་འདིར་མཉམ་ཞུགས་གནང་དོན་ནི། འཛམ་གླིང་གི་ཆོས་ལུགས་འཐེན་ཁྱེར་གྱིས་མི་མང་ནང་དཀའ་རྙོག་མང་པོ་ཡོང་གི་ཡོད་པས། ང་ཚོ་མི་མང་པོ་མཉམ་འཛོམས་ཀྱིས་བགྲོ་གླེང་འདིར་བསམ་ཚུལ་བརྗེ་རེ་བྱས་ན་ཕན་ཐོག་ཆེན་པོ་ཡོང་གི་རེད།
དེ་རིང་༧གོང་ས་མཆོག་གིས་གསུང་བ་གཞིར་བཞག་གིས་ང་ཚོ་མཉམ་རུབ་ཀྱིས་ཞི་བདེ་དང་འཚེ་མེད་ཞི་བའི་སྐོར་ལ་བགྲོ་གླེང་བྱས་ན་འཛམ་གླིང་གི་དཀའ་རྙོག་ཉུང་རུ་གཏོང་ཐུབ་པ་རེད་ཅེས་དང་།

ཁྱོད་རང་ཕྱིར་རང་གི་རྒྱལ་ཁབ་ཏུ་ལོག་ནས་ག་རེ་བྱེད་བསམ་ཡོད། ང་རང་ཕ་ཡུལ་ལ་སོང་ནས་ཆོས་ལུགས་མཐུན་སྒྲིལ་དང་ཞི་བདེའི་སྐོར་ལ་འདི་ལྟ་བུའི་བགྲོ་གླེང་མུ་མཐུད་དུ་བྱེད་རྒྱུ་ཡིན། ང་ཚོའི་རྒྱལ་ཁབ་ནང་གི་ཆོས་ལུགས་ཀྱི་དབུ་ཁྲིད་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མི་རྣམས་མཉམ་འཛོམས་ཀྱིས་ཞི་བདེ་སྐོར་ལ་བགྲོ་གླེང་བྱེད་པ་གལ་ཆེན་པོ་ཡིན་པར་བརྗོད་སོང་།

ཁྱོད་ཀྱི་ཚོགས་པའི་ངོས་ནས་བརྗོད་གཞི་འདི་དམིགས་གསལ་ངྷ་སར་སྐོང་དགོས་དོན་ཅི་ཡིན་ནམ། ངའི་མིང་ལ་སོའུ་ཟམ་ཧེ་བ་སྒྲིsusan Haywardཟེར་ཞིང་། ང་རང་ཨ་རི་USནས་ཡིན། གཞོན་སྐྱེས་དབུ་ཁྲིད་འདི་རྣམས་ཀྱང་ཆུང་དུས་ནས་དཀའ་རྙོག་འདྲ་མིན་ལ་ཕྲད་མྱོང་མཁན་ཞིག་ཡིན་པས། ༧གོང་ས་མཆོག་གི་མི་ཚེ་ལོ་རྒྱུས་དང་འབྲེལ་ཏེ་ཁོང་ཚོར་བཀའ་སློབ་སྩལ་བ་ལས། ཁོང་རྣམས་སུ་ཕན་ཐོག་གི་ཡོད་པ་བརྒྱུད་དེ་སོ་སོའི་ལུང་པའི་ནང་དུ་ཞི་བདེ་བསྐྲུན་པར་རོགས་འདེགས་གནང་ཐུབ་པ་རེད་ཅེས་དང་།

ཁྱོད་ཀྱི་ཚོགས་པ་འདི་ནི་ལོ་རེར་༧གོང་ས་མཆོག་ལ་མཇལ་ཁ་ཞུ་ཡ་ཡིན་ནམ། ང་ཚོ་ནི་འཛམ་གླིང་མགོ་འཁྲིད་འདྲ་མིན་སྣ་ཚོགས་སུ་ཐུགས་ཀྱི་ཡོད་པས། ད་དུང་ཡང་བསྐྱར་༧གོང་ས་མཆོག་ལ་མཇལ་ཐུབ་པའི་རེ་བ་ཡོད་ཅེས་དང་།

ཁྱོད་ཀྱི་ཚོགས་པར་འཚེ་མེད་ཞི་བདེ་ནི་ཇི་ལྟར་གལ་ཆེན་ཆགས་ཀྱི་ཡོད་པ་རེད། དེང་སང་གནས་ཚུལ་མང་ཆེ་བ་དཀའ་རྙོག་སྐོར་རེད། ཡིན་ནའང་། འཛམ་གླིང་གི་མི་ཡ་རབས་རོགས་རམ་མང་པོ་བྱེད་མཁན་ཡང་འདུག་ལ། ང་ཚོས་ཁོང་ཚོར་རྗེས་སུ་ཡི་རེངས་དང་མིག་དཔེར་ལྟ་བ་ནི་ཧ་ཅང་གིས་གལ་ཆེན་པོ་ཡིན་པར་བརྗོད་སོང་བ་བཅས།།

གསར་འགོད་པ་ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།



བརྗོད་གཞི་གཞན་ཁག་ལ་གཟིགས།