ལག་རྩེད་སྤོ་ལོ་བ་གྲཊ་ཅན་ཁོའོ་བྷེ་ཡིས་སྤོ་ལོ་རྩེ་མཚམས་བཞག་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༠༤།༢༢ཉིན་སྤེལ།  ཟླ་འདིའི་ཚེས་༡༥ཉིན་ལག་རྩེད་སྤོ་ལོ་བ་གྲཊ་ཅན་ཁོའོ་བྷེ་Kobeཡིས་སྤོ་ལོ་རྩེ་མཚམས་བཞག་སྟེ་Kobe.Incཞེས་པའི་སྤྱི་གཉེར་ཁང་ཞིག་གསར་འཛུགས་གནང་ཡོད་འདུག

བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་འདིའི་ཚེས་༡༥ཉིན་ཁོའོ་བྷེ་Kobeཆེད་ལས་སྤོ་ལོ་བའི་གྲལ་ནས་བུད་རྗེས་ཀྱི་ཉིན་དང་པོ་དེ་ཡིན་ཞིང༌། སྤོ་ལོ་རྩེ་མཚམས་བཞག་ཡོད་ནའང༌། ཁོ་རང་སྔར་བཞིན་ཞོགས་པ་སྔ་མོ་ནས་གནམ་གྲུར་བསྡད་དེ་ལས་ཀ་གསར་པར་འགྲོ་བསྐྱོད་འགོ་འཛུགས་གནང་ཡོད་འདུག 
 
ཁོང་གིས་བརྗོད་པར་ལྟར་ན། ཁོའོ་བྷེ་རང་གི་སྤྱི་གཉེར་ཁང་Kobe.Incཞེས་པའི་སྤྱི་གཉེར་ཁང་ཞིག་གསར་འཛུགས་བྱས་ཡོད་པ་དང་། སྤྱི་གཉེར་ཁང་དེར་ཞོགས་པ་ཆུ་ཚོད་༨པ་ནས་ཕྱི་དྲོའི་ཆུ་ཚོད་༡༤བར་ཕྱག་ལས་གནང་རྒྱུ་ཡིན་ཞེས་བརྗོད་འདུགalt

དེ་སྔོན་ཁོའོ་བྷེ་ཡིས་བཅར་འདྲི་དང་ལེན་གནང་བའི་སྐབས་སུ་ལུས་རྩལ་རྩེ་མཚམས་བཞག་རྗེས་ཚོང་ལས་གཉེར་བའི་བསམ་ཚུལ་བརྗོད་མྱོང་ཡོད་ལ། ཁོང་གིས་རྒྱུན་པར་ཚོང་ལས་པ་གྲགས་ཅན་ཚོའི་དང་འབྲེལ་འདྲིས་དང་མཉམ་མྱོང་ལ་སློབ་སྦྱོང་བྱས་པ་ཡིན་ཞེས་བརྗོད་འདུག

གཞན་ཡང་སྤྱི་གཉེར་ཁང་དེ་ཕྱི་ལོ་༢༠༡༣ལོར་གསར་འཛུགས་གནང་ཞིང་།  ཁོང་གིས་སྤྱི་གཉེར་ཁང་གི་ལས་ཀ་གཙོ་བོ་ནི་བསམ་ཚུལ་ཡག་པོ་དང་ལུས་རྩལ་ལས་རིགས་ཁྲོད་རང་ཉིད་ཀྱི་ཚོང་རྟགས་གསར་གཏོད་དང་འཕེལ་རྒྱས་གཏོང་འདོད་མཁན་ཚོར་མ་འཇོག་གི་གོ་སྐབས་སྤྲོད་རྒྱུ་ཡིན་ཞེས་བརྗོད་འདུག སྤྱིར་ཁོའོ་བྷེ་ཡིས་ལུས་རྩལ་བའི་བཏུང་བྱའི་ཚོང་རྫས་རིགས་ཤིག་ལ་མ་འཇོག་བྱས་ཡོད་པ་དང༌། མ་འཇོག་དངུལ་འབོར་ནི་ཨ་སྒོར་ཁྲི་༤༠༠ནས་ཁྲི་༦༠༠བར་ཡིན་འདུག

གསར་འགོད་པ། ཟླ་བ་ཕུར་བུ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།