དབྱིན་ཇིའི་རྒྱལ་སྲས་དང་བཙུན་མོ་འབྲུག་ཡུལ་དུ་འཚམས་གཟིགས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༠༤།༡༥ཉིན་སྤེལ། དབྱིན་ཇིའི་རྒྱལ་སྲས་དང་བཙུན་མོ་འབྲུག་ཡུལ་དུ་འཚམས་གཟིགས་སུ་ཕེབས་ཡོད་འདུག

 UK-Bhutan-2106དེ་ཡང་ཊྲའི་ལིའི་མིལ་Daily Mailཞེས་པའི་དབྱིན་ཇིའི་ཉིན་རེའི་འཕྲིན་ཚགས་སྟེང་འཁོད་པར་གཞིགས་ན། ཟླ་འདིའི་ཕྱི་ཚེས་༡༤དང་༡༥ཉིན། དབྱིན་ཇིའི་རྒྱས་སྲས་ཝེ་ལན་དང་། བཙུན་མོ་ཁེ་ཐེ་གཉིས་འབྲུག་ཡུལ་དུ་འཚམས་འདྲི་གནང་བར་ཕེབས་ཡོད་ཅིང་། ཁོང་གཉིས་ནས་འབྲུག་རྒྱལ་པོ་དང་བཙུན་མོར་མཇལ་འཕྲད་གནང་བ་མ་ཟད། འབྲུག་རྒྱལ་ཁབ་ཀྱི་ལུས་རྩལ་འགྲན་པ་དང་། བཙུན་མོ་ཁེ་ཐེ་ནས་ད་དུང་འཚམས་འདྲི་གནང་རིང་འབྲུག་ཡུལ་ལུགས་སྲོལ་གྱི་སྨད་གཡོགས་གྱོན་ཞིང་ས་དེའི་ཡུལ་སྲོལ་ལ་བརྩི་འཇོགས་གནང་བ་མཚོན་འདུག

དེ་ཡང་ཁོང་རྣམ་གཉིས་འབྲུག་ཡུལ་དུ་ཕེབས་ཐེངས་དང་པོ་ཡིན་ཞིང་། འཚམས་འདྲི་གནང་གྲུབ་རྗེས་རྒྱ་གར་དུ་འཚམས་འདྲིར་བསྐྱོད་འཆར་ཡོད་འདུག

གསར་འགོད་པ། ཟླ་བ་ཕུར་བུ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།