ཨོ་བྷ་མས་རྒྱ་གར་གྱི་སྲིད་བློན་དང་བོད་དོན་གླེང་སློང་ཡོང་བའི་ཡིད་ཆེས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉའི་དྲ་བས་སྤྱི་ལོ་༢༠༠༩ཟླ༡༡ཚེས་༢༥ཉིན་སྤེལ། ཟླ་འདིའི་ཚེས་༢༢ཉིན། རྒྱ་གར་ལྡི་ལི་གསར་བའི་གསར་འགྱུར་བརྙན་འཕྲིན་ཁང་༼NDTV༽་ཞེས་པས་ྋགོང་ས་མཆོག་ལ་མོན་རྟ་དབང་གི་ཆིབས་བསྒྱུར་མཛད་འཕྲིན་སྐོར་དང༌། ཨ་རིའི་སྲིད་འཛིན་ཨོ་བྷ་མའི་སྐོར་ལ་བཅར་འདྲི་ཞུས་ཡོད་ཅིང༌། མགོན་པོ་གང་ཉིད་ཀྱིས་ཁོང་རིག་ཉེ་ལམ་རྒྱ་གར་གཉིས་ཀྱི་བདག་དབང་རྩོད་གྱར་ས་ཁུལ་མོན་རྟ་དབང་དུ་ཕེབས་དོན་ནི་རྒྱ་གར་ནག་གཉིས་དབར་འགལ་འདུ་བསྐྲུན་ཆེད་མིན་ལུགས་དང༌། དེ་བཞིན་སྲིད་འཛིན་ཨོ་བྷ་མས་རྒྱ་གཞུང་ལ་ངོ་དགའ་སྤྲེལ་ལད་འཁྲབ་ཀྱིན་མེད་ལུགས་ཀྱི་བཀའ་ཕེབས་ཡོད་འདུག

དེ་ཡང་ཟླ་འདིའི་ཚེས་༨ནས་༡༥བར་ྋགོང་ས་མཆོག་གིས་རྒྱ་གར་གྱི་ཨ་རུ་ཎ་ཅལ་མངའ་ཁོངས་ཀྱི་མོན་རྟ་དབང་དགོན་གྱིས་གཙོས་པའི་ས་ཁུལ་དེའི་བོད་བརྒྱུད་ནང་བསྟན་གནས་ཆེན་ཁག་ཏུ་ཆིབས་བསྒྱུར་བསྐྱངས་ཡོད་པ་དང༌། སྐབས་དེར་རྒྱ་གར་དབུས་གཞུང་གི་མཐོ་རིམ་མགོ་ཁྲིད་ཁག་གིས་ཏཱ་ལའི་བླ་མ་མཆོག་རྒྱ་གར་ནང་རང་དབང་གིས་ཆིབས་བསྐྱོད་གནང་དབང་ཡོད་ལུགས་གཏན་འབེབས་གནང་ཡོད་པ་རེད།

ཐེངས་འདིའི་བཅར་འདྲིའི་སྐབས་ྋགོང་ས་མཆོག་གིས་ཁོང་རིག་མོན་རྟ་དབང་དུ་ཆིབས་བསྐྱོད་མ་གནང་སྔོན། རྒྱ་གཞུང་གིས་ཁོང་ལ་ངོ་རྒོལ་གྱི་འུར་སྒྲོག་ཤུགས་ཆེན་བྱས་སྟབས། ཁོང་ཉིད་ཐུགས་ཚབས་སྐྱེས་ལུགས་འགྲེལ་བརྗོད་གནང་ཡོད་འདུག

ཟླ་འདིའི་ཟླ་འགོར་ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་གིས་རྒྱ་ནག་ནང་འཚམས་འདྲི་གཟིགས་སྐོར་གནང་སྐབས། རྒྱ་གཞུང་ལ་གནོན་ཤུགས་ངེས་ཅན་སྤྲོད་ཐུབ་བྱུང་མེད་ཚེ་གྱི་སྐྱོན་བརྗོད་ཐད་མགོན་པོ་གང་ཉིད་ཀྱིས་དགོངས་ཚུལ་གསུངས་ཡོད་དོན། དེ་ནི་ཨོ་བྷ་མས་རྒྱ་གཞུང་ལ་ངོ་དགའ་ཞི་འཇམ་གྱི་རྣམ་འགྱུར་བསྟན་པ་མ་ཡིན་པར། ཐབས་ཚུལ་མ་འདྲ་ཞིག་བཀོལ་སྤྱོད་གནང་བ་རང་རེད། ཅེས་དང༌། ཨོ་བྷ་མས་ངོས་རང་དང་མཇལ་འཕྲད་མ་གནང་བར་ངོས་ལ་བློ་ཕམ་བྱུང་མ་སོང༌། ཞེས་༼NDTV༽གསར་ཁང་གི་གསར་འགོད་པའི་དྲི་བར་བཀའ་ལན་གནང་ཡོད་འདུག་ལ། གཞན་ཡང་ཟླ་འདིའི་ཚེས་༢༤ཉིན་ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་གིས་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སེང་མཆོག་དང་མཇལ་མོལ་གནང་སྐབས། ཨ་རིའི་སྲིད་འཛིན་གྱིས་རྒྱ་གར་སྲིད་བློན་དང་ལྷན་དུ་བོད་དོན་གླེང་སློང་གནང་བར་མགོན་པོ་གང་ཉིད་ལ་ཡིད་ཆེས་ཡོད་ལུགས་གསུངས་ཡོད་འདུག

ྋགོང་ས་མཆོག་གིས་ཟླ་འདིའི་ཚེས་༢༠ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་སིའི་རུའུ་ཚོགས་ཁང་དུ། རྒྱ་གར་ལ་ཨེ་ཤ་ཡ་སྣེ་ཁྲིད་ཐུབ་པའི་ནུས་ཤུགས་ལྡན་ལུགས་ཀྱི་གསུང་བཤད་གནང་ཡོད་དོན། ལོ་མང་རིང་ལ་ངོས་ཀྱིས་ཝ་ཤིན་ཊོན་དང་ཡོ་རོབ་ཡུལ་གྲུ་ཁག་ནང་བསྐྱོད་ཡུལ་དེ་གའི་དབུ་ཁྲིད་ཚོ་དང་ལྷན་དུ་ཨེ་ཤའི་སྐོར་གླེང་མོལ་གནང་སྐབས། ངོས་ཀྱིས་དུས་རྟག་ཏུ་ཁོང་ཚོར་རྒྱ་གར་ནི་མི་འབོར་གྱི་ཐད་ནས་གལ་ཆེན་རྒྱལ་ཁབ་ཅིག་ཆགས་ཡོད་པ་མ་ཟད། རྒྱ་གར་ནི་མང་གཙོའི་སྟོབས་ཆེན་རྒྱལ་ཁབ་ཀྱི་གྲས་རེད་ཅེས་ལབ་ཀྱིན་ཡོད། ཅེས་བཀའ་བསྩལ་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་དྲ་བའི་གསར་འགོད་པ་གཡང་བྱམས་ཀྱིས་ཕབ་བསྒྱུར་ཞུས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
རེ་བའི་ཕོང་དང་དོགས་པའི་ཕོང་ཟེར་བ་བཞིན་མིན་འགྲོ་ཁོ་རེ་ཚོ། བློ་བཟང་



བརྗོད་གཞི་གཞན་ཁག་ལ་གཟིགས།