བོད་དོན་རྒྱབ་སྐྱོར་བས་ཞི་ཅིན་ཕེན་ཅེ་ཀི་རྒྱལ་ཁབ་ཏུ་ཐོན་པར་ངོ་རྒོལ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༠༣།༣༠ཉིན་སྤེལ། ཞི་ཅིན་ཕེན་ཅེ་ཀི་སྤྱི་མཐུན་རྒྱལ་ཁབ་དུ་བསྐོར་སྐྱོད་ཁྲོད་ནས་ཁྱོན་བསྡོམས་བོད་དོན་ལས་འགུལ་བ་མི་༡༢འཛིན་བཟུང་བྱས་ཡོད་འདུག

The Diplomatཟེར་བའི་གསར་འགྱུར་བརྒྱུད་ལམ་དུ་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་འདིའི་ཕྱི་ཚེས ༢༧ ཉིན་རྒྱ་ནག་གི་དམར་གཞུང་གི་སྲིད་འཛིན་ཞི་ཅེན་ཕེན་(Czech)སྤྱི་མཐུན་རྒྱལ་ཁབ་ཏུ་བསྐོར་སྐྱོད་བྱེད་སྐབས་སུ། ཅེ་ཀི་རྒྱལ་ས་(Prague)ཡི་སྲང་ལམ་གཡས་གཡོན་གང་སར་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་དང་། བོད་དོན་རྒྱབ་སྐྱོར་བ་ཚོས་རྒྱ་ནག་གི་རྒྱལ་དར་རལ་བ་དང་རྒྱ་ནག་གི་དར་ཆའི་སྟེང་མཚོན་རྩི་ནག་པོ་གཏོར་བ། བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་དང་ཁང་བརྩེགས་མང་བོའི་སྟེང་བོད་ཀྱི་དར་ཆ་འཕྱར་བ་སོགས་ལས་འགུལ་འདྲ་མིན་སྣ་ཚོགས་སྤེལ་ཡོད་འདུག

གཞན་ཡང་གོང་ཚེས་ཉིན་བོད་དོན་རྒྱབ་སྐྱོར་བ་ཁ་ཤས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་ཐེངས་སྔོན་མའི་ཅེ་ཀིའི་སྲིད་འཛིན་རྣམས་གཉིས་མཉམ་བསྒྲོན་གྱི་འདྲ་པར་བཟུང་ནས་ངོ་རྒོལ་བྱེད་སྐབས། ཞི་ཅིན་ཕེན་ཕེབས་བསུ་ལ་བཅར་བའི་རྒྱ་རིགས་ཚོས་པར་དེ་འགེབས་བརྩི་བྱས་རྐྱེན། ལས་འགུལ་བ་ཚོའི་ཁྲོད་དུའང་ཕན་ཚུན་ལ་སེམས་ཤེས་བྱེད་མ་ཐུབ་པའི་གནད་དོན་ལྷགས་པ་དང་། སྐབས་འདིའི་ཞི་ཅིན་ཕེན་ཅེ་ཀི་སྤྱི་མཐུན་རྒྱ་ཁབ་དུ་སྐོར་སྐྱོད་ཁྲོད་ནས་ཁྱོན་བསྡོམས་བོད་དོན་ལས་འགུལ་བ་མི་༡༢འཛིན་བཟུང་བྱས་ཡོད་འདུག

ཅེ་ཀི་སྤྱི་མཐུན་རྒྱ་ཁབ་དང་རྒྱ་ནག་གི་ཕྱི་འབྲེལ་གྱི་ལས་དོན་ནི་ལོ་༦༧སྔོན་ལ་བྱུང་བ་ཞིག་ཡིན་ཡང་། ད་ལྟའི་ཅེ་ཀིའི་སྲིད་འཛིན་ཛེ་མིན་Zemanགྱི་སྐབས་ཕྱོགས་ཡོངས་ནས་ཡར་རྒྱས་སུ་ཕྱིན་པ་ཞིག་ཡིན་པར་ཡོ་རོབ་སྤྱི་མཐུན་གྱི་རྒྱ་ནག་གཞུང་ཚབ་པས་འགྲེལ་བརྗོད་བྱས་ཡོད་འདུག

བོད་དོན་ལས་འགུལ་བ་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་རྩ་དོན་ལས་འཐབ་རྩོད་པ་ཚོས་རྒྱ་ནག་ཏུ་འགྲོ་བ་མིའི་ཐོབ་ཐང་མེད་པར་རྡོག་རོལ་གཏོང་གིན་པ་དང་། དགོན་སྡེ་ཁག་གཙོ་བྱས་བའི་བོད་ཀྱི་ས་ཁུལ་མང་པོར་དམག་མི་འབོར་ཆེན་གནས་སྤོར་གྱིས་བོད་མི་ཚོས་ཉིན་རེའི་འཚོ་བའི་ཁྲོད་ནས་ཆོས་དང་རིག་གཞུང་ཉམས་ལེན་གྱི་ལས་དོན་ལ་བཀག་འགོག་ཚད་མེད་བྱེད་པར་ངོ་རྒོལ་ཤུགས་ཆེན་བྱས་རྐྱེན་རྒྱལ་ཁབ་དེ་གའི་ས་གནས་གཙོ་བྱས་པའི་གསར་འགོད་བརྒྱུད་ལམ་ཁག་ཏུའང་ཐོན་ཡོད་འདུག

སྤྱིར་ཞི་ཅིན་ཕེན་ཟླ་འདིའི་ཚེས༣༠ཉིན་ཨ་རིའི་རྒྱལ་ས་ལྭ་ཞིན་གྲོང་དུ་འཚོགས་བཞིན་པའི་རྡུལ་ཕྲན་གྱི་ནུས་པ་བདེ་སྲུང་ཞེས་བའི་ཚོགས་འདུར་བཅར་བར་སྟབས་བསྟུན་གྱིས་ཅེ་ཀི་སྤྱི་མཐུན་རྒྱལ་ཁབ་བརྒྱད་དུ་འགྲོ་བཞིན་ཡོད་ལ། དེ་བྱེད་དགོས་པའི་དམིགས་ཡུལ་ནི་རྒྱལ་ཁབ་དེ་དང་འབྲེལ་བ་དམ་ཟབ་ཡོང་ཆེད་དང་། ཅེ་ཀི་རྒྱལ་ཁབ་ཀྱི་སྲིད་འཛིན་Zemanམཆོག་དང་དམར་གཞུང་གི་སྲིད་འཛིན་ཞི་གཉིས་ཀྱིས་གྲོས་འཆོད་དོན་ཚན་ཁ་ཤས་ལ་མིང་རྟགས་ཡང་བཀོད་ཡོད་འདུག

རྒྱ་ནག་གི་ཕྱོགས་ནས་ཁེ་ཕན་འདི་བརྒྱུད་ནས་དབུས་ཤར་ཡོ་རོབ་གྱི་རྒྱལ་ཁབ་ཁག་དང་ཚོང་ལམ་གྱི་འབྲེལ་བ་ཇེ་ཆེར་གཏོང་རྒྱུའི་རེ་བ་དང་། བོད་དོན་རྒྱབ་སྐྱོར་བ་དང་རྒྱ་ནག་གིས་དུས་རྟག་ཏུ་མཉམ་འབྲེལ་རྒྱལ་ཚོགས་ལ་མིང་རྟགས་འཁོད་པའི་གཞི་རྩའི་འགྲོ་མིའི་ཐོབ་ཐང་རྡོག་རོལ་བཏང་བར་འགྲོ་བ་མིའི་ཐོབ་ཐང་འ྇ཐབ་རྩོད་པ་ཚོས་ངོ་རྒོལ་གྱི་རྣམ་པ་རྒྱ་ཆེན་སྤེལ་ཡོད་པ་བཅས།

གསར་འགོད་པ། འཇམ་དབྱངས་ཤེས་རབ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།