སྦེལ་ཇམ་དུ་འབར་རྫས་ཀྱི་དོན་རྐྱེན་བྱུང་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༠༣།༢༢ཉིན་སྤེལ། སྦེལ་ཇམ་གྱི་རྒྱལ་ས་བྷི་རུ་སིལ་གནམ་ཐང་དང་ས་འོག་མེ་འཁོར་ས་ཚིགས་སུ་འགལ་རྫས་ཁ་ཤས་འགས་གཏོར་བྱུང་འདུག

དེ་རིང་ཡུ་རོབ་ཀྱི་སྔ་དྲོའི་ཆུ་ཚོད་ ༨ ཐོག སྦེལ་ཇམ་གྱི་རྒྱལ་ས་བྷི་རོའུ་སིལ་གནམ་ཐང་ (Brussels Airport) གི་འཛིན་བྱང་ཉོ་སར་སྔ་རྗེས་ཐེངས་གཉིས་ལ་འགལ་རྫས་འགས་གཏོར་དང་། དེ་ནས་ཚོུད་གཅིག་རྗེས་སུ་ས་འོག་མེ་འཁོར་ས་ཚིགས་སུ་འབར་རྫས་འགས་གཏོར་བྱུང་ཡོད་པ་དང་། གནས་གསར་འགོད་པས་བརྗོད་པ་ལྟར་ན། འབར་གས་དེའི་ཁྲོད་དུ་མི་ ༡༣ རྐྱེན་ལམ་དང་༣༢རྨས་སྐྱོན་ཕོག་ཡོད་པར་འཀོད་འདུག

གནས་ཚུལ་འདིའི་ནང་། ད་ལྟ་བྷི་རུ་སིལ་གནམ་ཐང་དུ་མྱུར་སྐྱོབ་རུ་ཁག་དང་ཉེན་སྲུང་རུ་ཁག་འབྱོར་ནས་རྨས་སྐྱོན་ཕོག་མཁན་སྨན་ཁང་དུ་མྱུར་སྐྱོབས་བྱེད་པར་སྐྱེལ་བཞིན་པ་དང་། འགྲུལ་བཞུད་པ་མང་པོའི་འགྲུལ་སྐྱོད་གནས་སྐབས་རིང་ཕྱིར་འགྱང་གིས་གནམ་ཐང་གི་ཕྱི་རོལ་དུ་ཉེན་གཡོལ་བྱས་ཡོད་འདུག

གཞན་ཡང་གནམ་ཐང་གི་གཡས་གཡོན་དུ་འགལ་རྫས་ཁ་ཤས་རྙེད་སོན་བྱུང་ཡོད་ཅིང་། དོན་རྐྱེན་འདི་འདས་ལོའི་ཕྱི་ཟླ་ ༡༡ པའི་ཚེས་ ༡༣ ཉིན་ཧྥ་རན་སིའི་རྒྱལ་ས་ཕ་རི་སིར་འགལ་རྫས་གཡུག་མཁན་གཏེ་བོ་ཧ་ཨབ་ཌི་སི་ལམ་ (Salah Abdeslam) ནི། འདི་ཟླའི་ཕྱི་ཚེས་ ༡༩ ཉིན་བྷ་རུ་སིལ་རྒྱལ་ནང་དུ་འཛིན་བཟུང་བྱས་ཏེ། ཉིན་ ༤ འགོར་བའི་དུས་ཚོད་ལ་གོང་གི་འགས་གཏོར་དོན་རྐྱེན་འདི་བྱུང་ཡོད་འདུག

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།