མནར་གཅོད་དང་གསར་བརྗེའི་དབར་གྱི་བོད་ཅེས་པའི་ཚོཌ་འདུ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦ལོའི་ཟླ་༣ཚེས་༨ཉིན་སྤེལ། གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པར་གཞིགས་ན། ཨི་ཊ་ལིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་གོ་སྒྲིག་འོག་ཡུལ་དེའི་གྲོང་ཁྱེར་རོམ་དུ་བོད་དོན་ཚོགས་འདུ་ཞིག་གི་ཐོག་ཚོགས་ཞུགས་པ་ཚོས་བོད་དོན་ཐོག་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེ་བསྟན་གནང་ཡོད་འདུག

དེ་ཡང་ཕྱི་ལོ་༢༠༡༦ཟླ་༣ཚེས་༢ཉིན་ཨི་ཊ་ལིའི་རྒྱལ་ས་རོམ་(Rome)ཞེས་པའི་གྲོང་ཁྱེར་དུ་ནང་མནར་གཅོད་དང་གསར་བརྗེའི་དབར་གྱི་བོད། ཅེས་པའི་བརྗོད་གཞིའི་ཐོག་ན་སི་རི་ཡ་ཚོགས་ཁང་ཆེན་མོའི་ནང་ Nasiriyah Hall ལྷན་ཚོགས་ཤིག་ཚོགས་འདུག

ལྷན་ཚོགས་གོ་སྒྲིག་གནང་མཁན་ཨི་ཊ་ལིའི་གྲོས་ཚོགས་གོང་མའི་ལས་འགུལ་ཚོགས་པ་(Movement 5 Stars)ཞེས་པ་འདི་ཡིན་འདུག

སྐབས་དེར་ཡུ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་དང་དངོས་གྲུབ་རྡོ་རྗེ་ལགས་བཅས་ཀྱང་ལྷན་ཚོགས་སུ་མཉམ་ཞུགས་གནང་ཡོད་པ་མ་ཟད། སྐབས་དེར་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་ཀྱིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གསལ་བཤད་གནང་འདུག

གཞན་ཡང་ལྷན་ཚོགས་སྐབས་རོམ་དང་ཀ་ལའོ་ཌིའོ་ཀར་དེ་ལི་(Roma and Claudio Cardelli)བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཉི་མ་དོན་གྲུབ་ལགས་དང་ཨི་ཊ་ལི་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་སོགས་མཉམ་ཞུགས་གནང་འདུག

དེ་བཞིན་ལྷན་ཚོགས་སྐབས་སྐུ་ཞབས་ཌེ་ནི་ཡེ་ལ་ཌོན་ནོ་(Mr Daniela Donno)མཆོག་གིས་ཨི་ཊ་ལིའི་སྲིད་གཞུང་གིས་དཔལ་འབྱོར་གྱི་ཁེ་ཕན་ཁོ་ནར་གཙིགས་ཆེར་འཛིན་ནས་བོད་ནང་དུ་རྒྱ་ནག་གཞུང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་རྒྱབ་སྐྱུར་བྱེད་བཞིན་པ་དེར་སེམས་འཚབ་ཧ་ཅང་ཡོད་སྐོར་སོགས་གསུངས།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་གསར་གནས་དྲ་ཚིགས་སུ་བསྟན་པར་གཞིགས་ན། ལྷན་ཚོགས་དེའི་སྐབས་ཨི་ཊ་ལིའི་གྲོས་ཚོགས་གོང་མའི་འཐུས་མི་༡༡ཀྱང་ཚོགས་ཞུགས་གནང་ཡོད་འདུག དེ་དག་ནི་(Ms Nunzia Catalfo,Ms Laura Bottici,Ms Paola Taverna,Mr Vito Crimi,Mr Maurizio Santangelo,Ms Sara Paglini, Ms Elena Fattori,Mr Andrea Cioffi,Ms Sara Mangili,Ms Paola Mugnes, Mr Maurizio Buccarella)བཅས་ཡིན་པ་བཅས་ཀྱི་གནས་ཚུལ་མདོར་བསྡུས་སུ།

གསར་འགོད་པ་བསྟན་འཛིན་ནོར་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།