སི་རི་ཡར་དམག་མཚམས་འཇོག་རྒྱུ་ཡིན་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༠༢།༢༤ཉིན་སྤེལ། སི་རི་ཡའི་དམག་མཚམས་འཇོག་རྒྱུའི་གྲོས་ཆོད་སྐོར་ལ་ཨ་རི་དང་། དབྱིན་ཇི། ཧྥ་རན་སི། འཇར་མན་བཅས་ཀྱི་འགོ་ཁྲིད་མི་སྣས་གྲོས་མོལ་གནང་འདུག

བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བར་གཞིགས་ན། སྤྱི་ཚེས་༢༣ཉིན་གྱི་དགོང་མོ་ཧྥ་རན་སིའི་སྲིད་འཛིན་ལས་ཁུངས་ནས་གསལ་བསྒྲགས་སྤེལ་ཏེ། ཧྥ་རན་སིའི་སྲིད་འཛིན་ཨའོ་ལེང་དེ་དང༌། ཨ་རིའི་སྲིད་འཛིན་ཨའོ་པཱ་མ། འཇར་མན་གྱི་སྲིད་འཛིན་མུར་ཁེ། དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཁཱ་སྨའེ་ལུན་བཅས་ཀྱིས་ཉིན་དེར་ཁ་པར་ཐོག་ནས་ཆུ་ཚོད་གཅིག་ཙམ་གྱི་གྲོས་མོལ་གནང་སྟེ། སྤྱི་ཚེས་༢༢ཉིན་ཨ་རི་དང་ཨུ་རུ་སུའི་བར་སི་རི་ཡའི་གདོང་ཐུག་ཕྱོགས་ཁག་གིས་དམག་མཚམས་འཇོག་རྒྱུའི་ཐད་གྲོས་མཐུན་བྱུང་བའི་སྐོར་ལ་གྲོས་མོལ་གནང་ཡོད་ཅེས་གསུངས་ཡོད་འདུག 

གསལ་བསྒྲགས་ནང༌། རྒྱལ་ཁབ་བཞི་པོའི་འགོ་ཁྲིད་མི་སྣས་དམག་མཚམས་འཇོག་རྒྱུའི་གྲོས་ཆོད་དེ་གང་མགྱོགས་ལག་བསྟར་བྱེད་རྒྱུ་མ་ཟད། ཟླ་བ་འདིའི་ཚེས་༡༡ཉིན་འཇར་མན་གྱི་སྨུ་ཉི་ཧེ་རུ་གཉེར་བའི་སི་རི་ཡའི་རྒྱལ་སྤྱིའི་རྒྱབ་སྐྱོར་ཚོགས་ཆུང་གི་ཕྱི་འབྲེལ་འགན་ཁྱུར་མི་སྣས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ཐོབ་པའི་གྲུབ་འབྲས་ལག་བསྟར་ཏན་ཏིག་བྱ་དགོས་པའི་ཐུགས་རེ་གནང་ཡོད་པ་རེད་ཅེས་གསུངས་ཡོད་འདུག རྒྱལ་ཁབ་བཞི་པོའི་འགོ་ཁྲིད་མི་སྣས་ཐབས་ཤེས་སྣ་ཚོགས་སྤྱད་དེ། གང་མགྱོགས་མི་ཆོས་རིང་ལུགས་ཀྱི་ཉམས་ཉེས་མཇུག་སྒྲིལ་བ་བྱ་དགོས་པ་དང༌། ལྷག་པར་དུ་སི་རི་ཡའི་བྱང་རྒྱུད་ཀྱི་ཨ་ལེ་ཕོའོ་མངའ་སྡེའི་ཉམས་ཉེས་མཇུག་སྒྲིལ་གང་ཐུབ་བྱ་དགོས་ཞེས་ནན་བཤད་བྱས་ཡོད་འདུག

གསར་འགོད་པ། ཟླ་བ་ཕུར་བུ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།