དགོངས་ཚུལ།

རྒྱལ་ཁབ་ཚང་མས་འགྲོ་བ་མིའི་ཐོབ་ཐང་ལ་ངེས་པར་དུ་བརྩི་སྲུང་བྱེད་དགོས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉའི་དྲ་བས་སྤྱི་ལོ་ ༢༠༠༩ ཟླ་ ༡༡ ཚེས་ ༡༤ ཉིན་སྤེལ། ཨ་རིའི་སྲིད་འཛིན་ཨོ་བྷ་མས་རྒྱ་ནག་དང་འབྲེལ་ལམ་ཉེ་རུ་གཏོང་བཞིན་ཡོད་ན་ཡང༌། རྒྱ་ནག་གི་འགོ་ཁྲིད་ཁག་དང་གདོང་དང་གདོང་གཏུག་ནས་འགྲོ་བ་མིའི་ཐོབ་ཐང་དང་སྨྲ་བརྗོད་རང་དབང་སྐོར་སྐད་ཆ་བྱ་རྒྱུ་ཡིན་པ་རེད།

སྤྱི་ཟླ་༡༡པའི་ཚེས་༡༤ཉིན་ཉི་ཧོང་གི་རྒྱལ་ས་ཁྲོ་ཡོབ་ཏུ་སྲིད་འཛིན་ཨོ་བྷ་མས་གཏམ་བཤད་གལ་ཆེན་ཞིག་གི་སྐབས། རྗེས་ཕྱོགས་ཁོང་ཉིད་པེ་ཅིང་དུ་འཚམས་གཟིགས་སྐོར་གསུངས་དོན། ཨ་རིའི་ངོས་ནས་རྒྱ་ནག་གཞུང་ལ་ཚོད་འཛིན་སོགས་བྱ་འདོད་གང་ཡང་མེད། འོན་ཀྱང་ ཨ་རིའི་གཞི་རྩའི་རིན་ཐང་འགྲོ་བ་མིའི་ཐོབ་ཐང་དང་འགྲོ་བ་མིའི་མཚན་གནས་དེ་སྣང་མེད་དུ་གཏོང་གི་མ་རེད་ལ། འཛམ་གླིང་གི་རྒྱལ་ཁབ་ཚང་མས་ཆོས་སྡེ་རང་མོས་ཐེ་བའི་འགྲོ་བ་མིའི་ཐོང་ཐང་ལ་ངེས་པར་དུ་བརྩི་སྲུང་བྱེད་དགོས་པ་ཞིག་རེད་ཅེས་གསུངས་ཡོད་འདུག

ཡང་ཁོང་གིས། ཐེངས་འདིར་ངས་གསལ་པོ་བྱས་ནས་བཤད་འདོད་པ་ཞིག་ལ་ཨ་རི་ནི་ཞི་བདེ་རིང་ལུགས་པའི་ལྟ་བ་འཛིན་མཁན་གྱི་རྒྱལ་ཁབ་ཞིག་ཡིན་པ་དང་། འཛམ་གླིང་གི་ཆ་ཤས་འདིའི་ནང་ང་ཚོའི་བྱེད་སྒོ་ཚང་མ་གཏིང་ཟབ་ཏུ་འགྲོ་བཞིན་ཡོད་པ་རེད། དེར་བརྟེན་ང་ཚོས་ཤེས་དགོས་པ་ཞིག་ལ་མ་འོངས་པར་ཨ་རི་དང་ཨི་ཤེ་ཡ་གཉིས་ཕྱོགས་གང་གི་ཐད་ནས་འབྲེལ་བ་ཆེན་པོ་ཞིག་ཆགས་རྒྱུ་ཡིན་པ་དེ་རེད་ཅེས་གསུངས་ཡོད་འདུག

ཨ་རིས་ཉི་ཧོང་དང་རྒྱ་ནག་པེ་ཅིང་གཞུང་གི་འབྲེལ་ལམ་དེའི་ཐོག་སྲིད་འཛིན་ཨོ་བྷ་མའི་གཏམ་བཤད་ ་ཁག་ལ་མི་ཚོས་དམིགས་གསལ་གྱི་དོན་སྣང་ཆེན་པོ་བྱེད་བཞིན་ཡོད་འདུག་པ་དང༌། དེ་བཞིན་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གནོན་ཤུགས་སྤྲད་རྒྱུའི་རེ་བ་བྱེད་བཞིན་ཡོད་པ་དེ་དང་ཆབ་ཅིག་རྒྱ་ནག་གཞུང་ལ་ཁོང་ཁྲོ་སློང་སྲིད་པའི་སྐོར་དོགས་པ་བྱེད་བཞིན་ཡོད་པ་རེད། སྤྱིར་སྲིད་འཛིན་ཨོ་བྷ་མས་ཁོང་གི་ཁས་ལེན་བྱས་པ་ལྟར་མི་ཚང་མར་ཐོབ་ཐང་དང་རང་དབང་དགོས་ཀྱི་ཡོད་པའི་སྐོར་གསུངས་བཤད་གནང་འཆར་ཡོད་ན་ཡང༌། དེའི་སྐབས་སུ་བོད་ཀྱི་གནད་དོན་ལ་དམིགས་གསལ་གཏམ་བཤད་བྱ་རྒྱུ་མིན་པའི་སྐོར་སྲིད་འཛིན་ཨོ་བྷ་མའི་བདེ་འཇགས་སློབ་སྟོན་པ་རོའོ་ཌི་སིས་འགྲེལ་བརྗོད་གནང་ཡོད་འདུག

བོད་མི་ཚོས་རྒྱ་ནག་ལས་ས་གནས་རང་སྲིད་རང་སྐྱོང་གི་གནས་བབ་ཐོག་རང་དབང་གི་ཁོང་ཚོ་སོ་སོའི་ཆོས་དང་རིག་གཞུང་འཛིན་སྐྱོང་བྱ་འདོད་ཡོད་ན་ཡང༌། རྒྱ་ནག་གཞུང་གིས་བོད་ནི་དུས་རབས་བཞི་ཙམ་གྱི་རིང་ཁོང་ཚོའི་མངའ་ཁོངས་སུ་གཏོག་པ་ཞིག་དང༌། མ་ཚད་ལོ་ངོ་སྟོང་ཕྲག་རིང་བོད་དང་རྒྱ་ནག་དབར་ཆོས་དང༌། ཆབ་སྲིད། ལོ་རྒྱུས་བཅས་འབྲེལ་བ་དམ་ཟབ་ཡོད་ཚུལ་བརྗོད་བཞིན་ཡོད་པ་རེད།

ཡང་དེ་བཞིན་སྲིད་འཛིན་ཨོ་བྷ་མས་ཨ་རིའི་གཞུང་ངོས་ནས་རྒྱ་ཁབ་གཉིས་དབར་གྱི་འབྲེལ་ལམ་ཉམས་དམས་སུ་མི་འགྲོ་བའི་ཆེད། རྒྱ་ནག་གཞུང་ལ་ཚོད་འཛིན་བྱ་རྒྱུའི་འདོད་པ་མེད་པར་ཕྱོགས་གཉིས་ངོས་ནས་མི་མཐུན་པ་དེ་ལས་ཡར་རྒྱས་དང་ལམ་ལྷོང་ཡོང་བ་བྱེད་པར་རྒྱ་ནག་ནི་དེའི་འབྱུང་ཁུངས་ལྟ་བུ་ཞིག་ཆགས་ཐུབ་པ་བྱེད་དགོས་པ་རེད་ཅེས་གསུངས་ཡོད་འདུག

འོན་ཀྱང་སྲིད་འཛིན་ཨོ་བྷ་མས་རྒྱ་ནག་གཞུང་གི་སྲིད་དབང་ནི་ཚོགས་པ་གཅིག་གི་དབང་བསྒྱུར་བ་ཞིག་མ་ཡིན་པར། ཚང་མས་འདོད་མོས་ཐོག་སོ་སོའི་སེམས་ནང་གང་ཡོད་པ་དེ་རང་དབང་གི་བཤད་ཆོག་པ་དང༌། སོ་སོའི་དབུ་ཁྲིད་སོ་སོས་གདམ་ཆོག་པ། མ་ཚད་ཚང་མས་གནས་ཚུལ་དང་རེ་བ་གང་འདྲ་ཞིག་ཡོད་ཀྱང་ཡར་ཞུ་བྱ་རྒྱུའི་ནུས་པ་ཡོད་པ་ཞིག་དགོས་ཀྱི་ཡོད་པ་རེད་ཅེས་གསུངས་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་དྲ་བའི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་ཞུས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།