ཟཱི་ཁ་རིམས་ནད་མི་ས་ཡ་༤་ལ་ཕོག་པའི་ཉེན་ཁ་ཡོད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༠༢།༠༤ཉིན་སྤེལ། ཟཱི་ཁ་ (zika virus)རིམས་ནད་འཛམ་གླིང་དུ་ཡོངས་ཁྱབ་ཆགས་པའི་གནས་ཚུལ་ཞིག་རྒྱལ་སྤྱིའི་བརྒྱུད་ལམ་ཆེ་ཁག་ཏུ་འགྲོ་བཞིན་འདུག

རྒྱལ་སྤྱིའི་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། རྒྱལ་སྤྱའི་འཕྲོད་བསྟེན་ལྷན་ཚོགས་ཀྱིས་ལཱ་ཌིན་ཨ་མི་རི་ཁའི་ (Latin America) ནང་དུ། གློ་བུར་ཁྱབ་བརྡལ་འགྲོ་བཞིན་པའི་ཟཱི་ཁ་ (zika virus)རིམས་ནད་འཛམ་གླིང་ཡོངས་ལ་ཁྱབ་པའི་ནད་ཡམས་སུ་འགྱུར་བའི་ཉེན་བརྡ་ཞིག་བཏང་ཡོད་པ་དང་། ཚན་རིག་པ་ཚོས། ཡོངས་ཁྱབ་རིམས་ནད་འདི་ནི་ཨཱེ་བྷོ་ལ་རིམས་ནད (Ebola virus) ལས་ཀྱང་ཛ་དྲག་ཆེ་བར་འགྲེལ་བརྗོད་གནང་ཡོད་འདུག

༢༠༡༤ དང་ ༢༠༡༥ ནང་ནུབ་ཨཱ་ཧྥི་རི་ཁའི་ཡུལ་ཕྱོགས་སུ་ཨཱེ་བྷོ་ལ་རིམས་ནད་ཀྱིས་མི་ཁྲི་ ༡ དང་སྟོང་ ༡ གི་ཚེ་སྲོག་འཕྲོག་ཡོད་པ་རེད། འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་སྔོན་དཔགས་བྱས་པ་ལྟར་ན། ༢༠༡༦ ལོའི་ལོ་མཇུག་བར་དུ་ཟཱི་ཁ་རིམས་ནད་མི་གྲངས་ས་ཡ་ ༤ བཞི་ལ་ཤུགས་རྐྱེན་ཐེབས་རྒྱུ་ཡིན་པར་བརྗོད་འདུག

ཟཱི་ཁ་རིམས་ནད་ནི་ལོ་སྔོན་མའི་ནང་ལྷོ་དང་དབུས་ཨཱ་མེ་རི་ཁ་ནང་ཁྱབ་ཡོད་པས། འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་འགན་འཛིན་འབུམ་རམས་པ་མཱར་གྷར་ཊ་ཆཱན(Margaret  Chan) གྱིས་ཟཱི་ཁ་རིམས་ནད་ནི་ཁྱབ་བརྡལ་ཤུགས་ཆེན་འགྲོ་རྒྱའི་ཉེན་བརྡ་བཏང་ཡོད་པ་མ་ཟད། ཁོ་མོས་ད་དུང་ན་ཚ་དེ་ནི་གནམ་གཤིས་དྲོད་ཁོལ་སྙོམས་སར་མགྱོགས་མྱུར་ངང་ཁྱབ་བརྡལ་འགྲོ་བས་འཇིགས་སྣང་སྐྱེས་དགོས་པ་ཞིག་ཡིན། དྲོད་ཁོལ་སྙོམས་སར་ཁྱབ་བརྡལ་འགྲོ་ཞེས་པ་ནི་ན་ཚ་འདི་དྲོད་ཁོལ་སྙོམས་སར་དུག་སྦྲང་གིས་ས་ཕྱོགས་ག་ས་གང་དུ་འཁུར་ནས་རིམ་གྱིས་འཛམ་གླིང་ཡོངས་ལ་ཁྱབ་པར་ཉེན་བརྡ་ཡང་གནང་ཡོད་འདུག

བྷར་ཟཱིལ་རྒྱལ་ཁབ་དང་དེའི་ཉེས་འཁྲིས་ཀྱི་རྒྱལ་ཁབ་ཁག་གི་ནང་ཟཱི་ཁ་རིམས་ནད་ནི་ཕྲུ་གུ་སྐྱེས་པའི་ནང་དུ་ཤུགས་རྐྱེན་ཐེབས་པ་མང་དུ་འགྲོ་བཞིན་ཡོད་ལ། ཚན་རིག་པས་རིམས་ནད་འདིས་མཱི་ཁུརོ་སེ་ཧྥེ་ལེ་ (Microcephaly མགོ་ཡི་ཚད་ཏག་ཏག་མ་ལོངས་པའི་ནད་རིགས་ཤིག)  ན་ཚ་འདི་བསྐྱེད་ཀྱི་ཡོད་པས། སྐྱེས་བཞིན་པའི་ཕྲུ་གུ་དེ་ཚོའི་མགོ་ནི་སྤྱིར་སྟངས་ཀྱི་ཚད་གཞི་ལས་ཆུང་བ་མ་ཟད། ཁོ་ཚོའི་ཀླད་པ་ལ་ཡང་གནོད་སྐྱོན་ཐེབས་ཡོད་པར་འགྲེལ་བརྗོད་གནང་ཡོད་འདུག

བྷར་ཟཱིལ་འཕྲོད་བསྟེན་ལས་བྱེད་པ་ཚོས་སྙན་ཐོ་ཞིག་བཏོན་པའི་ནང་ལོ་སྔོན་མའི་ནང་དུ་ (Microcephaly) ན་ཚ་འདིས་ཤུགས་རྐྱེན་ཐེབས་ཡོད་པའི་ཕྲུ་གུ་ཕལ་ཆེར་༤་༠༠༠ ལ་ཟིན་ཡོད་པར་བཤད་ཡོད། འདི་ནི་ ༢༠༡༤ འི་ལོ་དང་བསྡུར་ན་ ༡༥༠ ཇེ་ཉུང་དུ་སོང་ཡོད་པར་བརྗོད་འདུག

ཡང་ཁཱོ་ལམ་བྷི་ཡ་ (colombia) སྲིད་གཞུང་གིས་ཉེ་ཆར་སྙན་ཐོ་ཞིག་བཏོན་པའི་ནང་། ཁཱོ་ལམ་བྷི་ཡའི་ནང་དུ་ཟཱི་ཁཱ་རིམས་ནད་ཀྱིས་ཤུགས་རྐྱེན་ཐེབས་ཡོད་པའི་བུད་མེད་སྦྲུམ་མ་ ༢་༡༠༠ ཡོད་ལ་རིམས་ནད་འདི་འགོག་པའི་སྨན་མེད་པ་མ་ཟད། རྗེས་སུའང་སྨན་རྙེད་རྒྱུ་ཧ་ཅང་དཀའ་ལས་ཁག་པོ་ཡིན་པ་དང་།  ཡིན་ནའང་། ཁོ་ཚོས་མངལ་སྦྲུམ་ཡོད་པའི་བུད་མེད་ཚོར་ཚོད་ལྟ་བྱེད་བཞིན་ཡོད་པར་འགྲེལ་བརྗོད་འདུག
དེ་མིན་བྷེ་བྷེ་སི་གསར་ཁང་དུ་ཨ་རི་ལས་ཐོན་པའི་གནས་ཚུལ་ཞིག་སྤེལ་བ་ལྟར་ན། རིམས་ནད་འདི་ནི་དུག་སྦྲང་གིས་སོ་རྒྱབ་སྟེ་འགོས་པ་གཅིག་པུ་མ་ཡིན་པར་ཕོ་མོི་ལུས་འབྲེལ་བྱུང་བ་ལས་ཀྱང་རིམ་འགོས་བྱེད་ཀྱི་ཡོད་སྐོར་བརྗོད་ཀྱི་འདུག་པ་བཅས།།

གསར་འགོད་པ། ཚེ་བརྟན་བཀྲ་ཤིས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།