འབྱོར་ཅན༦༢ལ་འཛམ་གླིང་མི་མང་གི་རྒྱུ་ནོར་ཕྱེད་ཀ་དབང་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦ལོའི་ཟླ་༢ཚེས་༢ཉིན་སྤེལ། གསར་ལམ་ཁག་ཏུ་ཟླ༡པོའི་ཚེས༡༩ཉིན་ཨོག་སི་ཧྥམ་(Oxfam)ཞེས་པའི་ཚོགས་པས་བཏོན་པའི་སྙན་ཐོར་གཞིགས་ཏེ་གནས་ཚུལ་སྤེལ་བ་ལྟར་ན། འཛམ་གླིང་གི་འབྱོར་ཅན་༦༢ཀྱི་རྒྱུ་ནོར་དེ་དག་འཛམ་གླིང་གི་མི་གྲངས་ཕྱེད་ཀའི་རྒྱུ་ནོར་ཟིན་ཡོད་ཚུལ་གནས་ཚུལ་ཐོན་ཡོད་འདུག

དེ་ཡང་སྙན་ཐོ་དེའི་ནང་གསལ་བར་གཞིགས་ན། སྤྱིར་འཛམ་གླིང་ཁྱོན་ཡོངས་སུ་འབྱོར་ཅན་ཆེན་པོ༦༢ཡོད་ལ། འབྱོར་ཅན་དེ་ཚོའི་ནང་གི་ཕྱེད་ཀ་ནི་ཨ་རི་ནས་ཡིན་པ་རེད། ཁོ་ཚོའི་རྒྱུ་ནོར་ཡོངས་ཀྱིས་འཛམ་གླིང་ཡོངས་ཀྱི་མི་གྲངས་ཕྱེད་ཀའི་རྒྱུ་ནོར་ཟིན་ཡོད་པ་རེད། ཅེས་གསལ་འདུག

ཕྱུག་བདག་དེ་དག་དང་ཡང་ན་དེ་དག་གི་ཚོགས་པ་དེ་ཚོ་རེ་རེར་ཉུང་མཐར་ཨ་སྒོར་ཁྲག་ཁྲིག་ཆེན་པོ་གཅིག་རེ་ཡོད་པ་རེད་ཅེས་འགྲེལ་འདུག

འབྱོར་ཅན་༦༢པོ་དེ་དག་གི་རྒྱུ་ནོར་རྣམས་༢༠༡༠ལོ་ནས་༢༠༡༥ལོའི་བར་ཨ་སྒོར་ཁྲག་ཁྲིག་ཆེན་པོ་གཅིག་ལྷག་འཕར་ཡོད་ཅིང༌། དེ་དང་ཕྱོགས་མཚུངས་འཛམ་གླིང་གི་མི་ཐེར་འབུམ་༣དང་གྲངས་ཆུང་༦ལྷག་གིས་ཨ་སྒོར་ཁྲག་ཁྲིག་ཆེན་པོ་གཅིག་ལྷག་གི་གྱོང་གུད་ཕོག་ཡོད་ཚུལ་འགྲེལ་འདུག འཛམ་གླིང་མི་འབོར་བརྒྱ་ཆ་༧༡གི་ཡོང་འབབ་མུ་མཐུད་དམའ་བོར་གནས་ཡོད་ཅིང༌། ལྷག་པར་དུ་མི་སྐྱོ་བོ་རྣམས་ཀྱི་འཚོ་བ་ཉིན་རེར་མི་གཅིག་གིས་ཨ་སྒོར་རེས་བསྐྱེལ་བཞིན་ཡོད་ཚུལ་བསྟན་འདུག

ཚོགས་པ་དེའི་སྙན་ཐོ་ལྟར་ན།  དབུལ་ཕྱུག་གི་ཧེ་བག་གནད་དོན་ཉིན་རེ་བཞིན་ཚབས་ཇེ་ཆེར་འགྲོ་བཞིན་ཡོད་པ་མ་ཟད། ཕྱུག་བདག༦༢པོ་དེ་དག་གི་ཁྲོད།  ཕྱེད་ཀ་ནི་ཨ་རི་ནས་ཐོན་པ་དང༌། མི་སྣ༡༧ནི་ཡོ་རོབ་གླིང་ནས་ཐོན་པ།  དེའི་འཕྲོས་རྣམས་ནི་རྒྱ་ནག་སྐམ་ས་དང༌། ཉི་ཧོང༌། བྷི་ར་ཛིལ། མེག་སི་ཁོ། དེ་བཞིན་སོའུ་དྷེ་ཨ་རབ་ནས་ཡིན་པ་དང༌། དེ་དག་གི་ཁྲོད་ཕྱུག་བདག་༥༣སྐྱེས་པ་ཡིན་འདུག

ཚོགས་པ་དེས་མུ་མཐུད་བཤད་དོན། རྒྱལ་ཁབ་ཁག་ཚང་མས་དབུལ་ཕྱུག་མི་སྙོམས་པའི་གནད་དོན་ཐག་གཅོད་དགོས་པའི་རེ་འབོད་རྒྱག་གི་ཡོད་ནའང་དོན་དངོས་ཐོག་གནད་དོན་དེ་ལས་ལྡོག་སྟེ་དེ་བས་ཀྱང་ཚབས་ཆེན་དུ་འགྲོ་བཞིན་ཡོད་པ་སྟེ།  འཛམ་གླིང་གི་ཆེས་དབུལ་ཕོངས་ཀྱི་མི་འབོར་བརྒྱ་ཆའི༢༠ལྟ་བུར་མཚོན་ན།  ལོ་ངོ༢༣རིང་གི་ཡོང་འབབ་ལ་ཧ་ལམ་འགྱུར་བ་གང་ཡང་བྱུང་མེད་པ་རེད། འོན་ཀྱང་གོང་གསལ་འབྱོར་ཅན་བརྒྱ་ཆའི༡༠ཡི་ཡོང་འབབ་ཆ་སྙོམས་བརྒྱ་ཆའི༤༦ཡར་འཕར་ཡོད་ཅིང༌།  དེ་བས་ཀྱང་འབྱོར་ཅན་འདི་དག་གི་རྒྱུ་ནོར་ཁྲོད་ཨ་སྒོར་ཁྲག་ཁྲིག་༧.༦ནི་དཔྱ་ཁྲལ་ལ་གཞོལ་བར་གྱུར་ཡོད་པས། རྒྱལ་ཁབ་ཁག་གི་སྲིད་གཞུང་གི་ཁྲལ་བསྡུ་ཨ་སྒོར་ཁྲག་ཁྲིག་ཆེན་པོ་༡.༩་ཇེ་ཉུང་དུ་ཕྱིན་ཡོད་པ་རེད་ཅེས་གསལ་སྟོན་གནང་ཡོད་པ་རེད།།

གསར་འགོད་པ་བསྟན་འཛིན་ནོར་རྒྱས།





Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།